དབུ་མའི་རྫུན་ཚིག

ལམ་དབུ་མ་ཟེར་ནས་མི་ངན་རེ་ཟུང་འཚོ་ཐབས་ཀྱི་ལག་ཆ་དང་། བོད་མི་མང་གི་མངོན་འདོད་དང་ཡོངས་སུ་འགལ་བ་དཔེར་ན། རྒྱ་དམར་དང་། པན་ཆེན་རྫུན་མ་སོགས་ཟེར་མི་ཉན་ལབ་པ་དང་། རྒྱ་མིའི་དཔོན་པོའི་གཟུགས་བྱད་དང་རྒྱ་མིའི་ཁྲག་དར་མེར་སྲེག་མི་ཆོག་ཟེར་བ། མདོར་ན་རྒྱ་གཞུང་གི་སེམས་ལ་གནོད་པའི་བྱ་བ་ཚང་མ་དབུ་མ་ཚང་གི་དོ་དམ་ཆེན་པོས་བཀག་ཐབས་དང་། མི་མང་ལ་ལམ་སྟོན་ཡིན་མདོགས་ཀྱིས་མི་མང་མགོ་སྐོར་གཏོང་བཞིན་པ་རེད། དེ་ལྟར་ཡིན་དགོས་ན་རྒྱ་མིས་ཁོ་ཚོའི་བསམ་ཚུལ་སྟོན་པ་ལ་ཐེངས་གཅིག་ཀྱང་ཡ་ལེན་གཏེར་རྒྱུ་ཕར་ཚད་རེད། ཁོ་ཚོས་འདི་ནས་རྒྱ་དཔོན་གྱི་པར་ཙམ་མེར་སྦར་མི་ཉན་ལབ་བཞིན་དུ་བོད་དུ་གཞིས་ལུས་སྤུན་ཟླ་ག་ཚོད་དམར་གསོད་དང་བཙོན་འཇུག་ཉེས་མེད་ཉེས་འགེལ་མདོར་ན་དྲག་གནོན་བྱེད་རྒྱུ་མེད་ན་མ་གཏོགས་བོད་མིའི་ཐོག་བྱེད་བཞིན་པ་རེད། དེས་ན་ང་ཚོས་དབུ་མ་ཟེར་སྲིད་བྱུས་དེ་རྒྱ་མིས་རྐང་བོད་པ་ནང་ཁུལ་དཀྲུགས་བྱེད་དང་། མི་མང་མགོ་སྐོར་གཏོང་བྱེད་ཀྱི་ཚིག་གཅིག་རེད་ཅེས་ཞུ་རྒྱུ་ཡིན།


བརྗོད་གཞི་གཞན་ཁག་ལ་གཟིགས།