ཁ་བཤད་ཙམ་མིན་པར་སྨོན།

བཀའ་ཁྲི་ལ་གཟེངས་རྟགས་ཐོབ་པར་དགའ་བསུ་ཡོད། ཁྱོད་ལ་རྒྱབ་སྐྱོར་ཐོབ་ན་བོད་ལ་རྒྱབ་སྐྱོར་བྱས་པ་དང་གཅིག་མཚུངས་རེད། ཡིན་ན་ཡང་། དོན་དག་དང་འཆར་གཞི་རྣམས་ཁ་བཤད་ཙམ་དུ་མི་འཇོག་པར་ལག་བསྟར་དངོས་སུ་བྱ་དགོས་པ་རེད། ད་དུང་ཡང་བཀའ་ཁྲིའི་གཏམ་བཤད་ནང་རང་ཉིད་ཀྱི་ཆེ་བ་ངོ་སྤྲོད་དང་། ཚིག་བརྗོད་རྙིང་པ་རྣམས་བསྐྱར་ཟློས་མང་ཙམ་འདུག གླེང་སྟེགས་ཀྱི་སྡིངས་ཆ་དེ་རྣམས་གོ་སྐབས་གལ་ཆེན་དུ་ངོས་ཟིན་ཐོག་བོད་དོན་རྐྱང་བ་བརྗོད་ན་ལེགས།


བརྗོད་གཞི་གཞན་ཁག་ལ་གཟིགས།