འོས་མ་བླུགས་སྔོན་བསམ་བཞེས་གང་དགོས་མེད།

ད་ཆ་བཙན་བྱོལ་ནང་མི་མང་གི་བཀའ་སྤྱིའི་འོས་འདེམས་ཐད་ཐུགས་འཁུར་གནང་མཁན་ཚང་མར་བཀྲ་ཤིས་བདེ་ལེགས་ཞེས་པའི་ཚིག་བཟང་གི་སྔོན་བསུས་སྟེ། བཀའ་ཁྲིའི་ཞབས་སྟེགས་དེ་ལ་སུ་འཁོད་མིན་ལ་ཚོད་བལྟའི་འོས་བླུགས་དགོས་པའི་བསམ་ཚུལ་དེ་ཧ་ཅང་གི་ཡག་པོ་འདུག་ཀྱང་། ངོས་ན་མཐོང་ཚུལ་ཐུང་ཙམ་ཞིག་ཞུ་འདོད་བྱུང། སུ་ལ་ཐོབ་མིན་གྱི་ལན་ནི་ཤིན་ཏུ་བརྗོད་པར་དཀའ་བ་སྣང་ཡང། མཐར་མི་གཅིག་ཡིན་པ་ནི་དངོས་སུ་གཞི་གྲུབ་ཟིན་ཡོད། གནས་ཚུལ་ལ་འགྱུར་བ་འགྲོ་སྲིད་པ་རེད་དེ་ལ་རྒྱུ་རྐྱེན་གཉིས་ཕྱི་རོལ་ནས་གསལ་མཐོང་རེད་འོན་ཀྱང་མཐོང་ཐབས་མེད་པའི་གནས་ཚུལ་ནི་ནམ་ཡང་མཐོང་མི་ཐུབ། སུ་བཀའ་ཁྲིའི་འཁོད་མིན་དང་འདེམས་མིན་ནི་ཕྱོགས་གཉིས་ལ་རག་ལས་ཡོད། ཕྱོགས་གཅིག་ནི་བཀའ་ཁྲིའི་འོས་མིའི་ངོས་ནས་འགྲན་རྩོད་ཀྱི་ཐབས་ལམ་དང་ཐད་ཀར་འབྲེལ་ཡོད། དེ་ནས་གཉིས་པ་དེ་མི་མང་གི་བསམ་བློའི་ཆུ་ཚད་དང་མི་མང་གི་འགན་ཁྲིའི་ཁུར་ཐུབ་མིན་རང་གི་བསམ་བློ་གཏན་པོ་ཡོད་མེད་སོགས་མང་དག་ཞིག་ལ་ཐུག་ཡོད་མཐར་གཏུག་ནས་བཤད་ན་མི་མང་གི་ལས་དེ་སུ་བཀའ་ཁྲིར་བཀོད་མེད་ལ་རག་ལས་ཡོད། ཡིནའང་བློ་ཕམ་དགོས་པ་ཞིག་ནི་ཉེ་ཆར་བཙན་བྱོལ་བོད་མིའི་གནས་ཡུལ་གྱི་མི་འབོར་ཆེས་མང་སའི་ས་ཁུལ་རྡ་རམ་ས་ལར་ས་གནས་འགོ་འཛིན་གྱི་ལས་གནད་ཐད་མི་མང་གི་འོས་བླུགས་སྟངས་དེ་ནས་རོབ་ཙམ་ཤེས་རྟོགས་ཡོང་སྲིད། རྡ་རམ་ས་ལར་ས་གནས་འགོ་འཛིནགྱི་རྐུབ་སྟེགས་ཆུང་ཆུང་དེ་འདྲ་ཞིག་ལ་ལབ་གླེང་ཇི་ཙམ་བྱུང་མིན་གྱི་འགྲེལ་བརྗོད་བྱས་ཐུབ་ངེས་རེད། སྐྱུགས་དྲོ་བའི་ཆབ་སྲིད་རྫུན་མ་དེ་འདྲ་གནས་ཚུལ་དེ་ལྟ་བུ་ལ་བྱས་ན་ཆེ་ས་བཀའ་སྤྱིའི་རྐུབ་སྟེགས་ལ་གང་བྱེད་ཀྱི་ཡོད་མེད་ཆོདདཔག་བྱེད་དཀའ་བ་འདུག དེ་དང་ཐད་ཀར་འབྲེལ་བ་ཡོད་པའི་ས་གནས་མི་མང་གི་བློ་རྩ་གཏན་པོ་མེད་པ་དང་རང་གི་ཕྱོགས་དང་གཞན་གྱི་ཕྱོགས་སོགས་མང་དག་ཞིག་ཡོད་པའི་རྒྱུ་རྐྱེན་ཁོ་ནར་ཐུག་འགྲོ་ཡི་འདུག ས་གནས་འགོ་འཛིན་སྔོན་འགྲོའི་འོས་གཞིའི་སྐབས་ནས་འོས་མི་མང་སྐྱོན་དང་འོས་འཐོར་རྒྱུར་ངེས་པ་ཤེས་བཞིན་དུ་སླར་དངོས་གཞིའི་འོས་མི་མང་དག་ཞིག་བཏོན་པ་དེ་གཡོ་བྱུས་ཡིན་པར་ངོས་འཛིན་ཞུས་ཆོག ཡིནའང་མི་མང་གི་བསམ་བློ་ཕྱོགས་གང་སར་ཅི་ཕྱིར་རྒྱུགས་འགྲོ་བ་ཡིན་མིན་དེ་གནད་འགག་ཡིན། གཞན་གྱི་གཡོ་བྱུས་རེད་ཅེས་ལབ་བདེ་མོ་བྱས་པ་ལས་རང་ཉིད་གཞན་གྱི་གཡོ་འོག་ཏུ་མི་སྲོང་བ་དྲང་པོའི་ལམ་དུ་སྲོང་མེད་པའི་རྒྱུ་མཚན་ཡོད་དམ། མདོར་བསྡུས་ན་བཙན་བྱོལ་བོད་གཞུང་གི་འགྲོ་གྲོན་འཕྲོ་བརླག་ཏུ་གཏོང་ཐུབ་ཙམ་ལས་བྱུང་མེད་དགོས་པའི་ས་གནས་འགོ་འཛིན་གི་རྐུབ་སྟེགས་སྟོང་པ་ལྷག་ཡོད། འོས་འཐོར་བའི་གནས་སྟངས་དེས་ར་འཕྲོད་གང་བྱུང་ཡོད་དམ་ཞེས་དྲི་ཚིག་ལེན་དུས་། ལན་དུ་ངེད་རྡ་རམ་ས་ལར་གནས་པའི་མི་མང་གི་ཆུ་ཚད་གཞན་པ་དང་གཞན་གྱི་གཡོ་འོག་ཏུ་ཚུད་འདུག རང་གི་དགའ་ཉེ་ཡིན་ཁུལ་གྱི་མིང་ཙམ་གྱི་རྗེས་སུ་རྒྱུགས་པའི་གནས་དེ་ལ་འགྱར་སོང་། སློབ་བྱ་བརྒྱ་ལས་སྣ་སུན་གཅིག་ལྷག་ཟེར་བའི་དཔེ་ལྟར་ང་ཚོ་བཙན་བྱོལ་བོད་མི་ཀུན་གྱི་མཁྱེན་དགོས་པའི་གནད་དོན་གལ་ཆེ་ཤོས་ནི་གཞི་ལུས་རྒྱ་ཆེ་མི་མང་གི་ངོ་ཚབ་མཚོན་ཐུབ་པར་འབད་བརྩོན་བྱེད་དགོས་པ་ལས་གཞན་བྱ་བ་ལེགས་པ་གང་ཡང་འགྲུབ་རྒྱ་མེད། ལོ་རྒྱུད་ཀྱི་ཕྲེང་བའི་ནང་གཟིགས་ཞིབ་གནང་དང་ཆོལ་ཁ་དང་ཆོས་བརྒྱུད་ལུང་ཚན་ཞེས་སོགས་ཀྱི་ཞེན་ཁོག་བྱས་ནས་ལེགས་ཆ་གང་མཐོན་ཡོད་དམ། དེ་དག་གཅོད་འགྱུར་གཏོང་བའི་དུས་མཚམས་སུ་སླེབས་ཡོད་པ་དངོས་ཡོད་བདེན་པ་ར་འཕྲོད་རེད། གཅོད་འགྱུར་དང་གསར་བརྗེ་ཞེས་པའི་ཚིག་དོན་ལ་སྐྱོན་དེ་ཙམ་མེད་དེ་ལས་ལྡོགས་སྟེ་ཆུང་ས་ལུང་ཞེན་དང་ཆེ་ས་ཆོལ་ཁའི་ཞེན་ཆགས་ཁོ་ནས་རྗེས་སུ་ལུད་ཡོད་པ་གསལ་པོ་ཤེས་དགོས། རང་ཉིད་ཀྱི་ཤེས་རབ་རྣམ་དཔྱོད་བདེ་སྤྱོད་གཏོང་དགོས།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "དྲ་གྲོགས་ཚོ་ཕེབས་དང་འོས་ཤོགས་བླུག"



བརྗོད་གཞི་གཞན་ཁག་ལ་གཟིགས།