རིག་འཛིན་སྒྲོལ་མ་ལ་ཆེད་བརྗོད།

ལ་རྒྱལ་དང་བོད་མི་རིགས་ལ་དུང་ཞེན་ཆེ་བའི་གཞས་མ་གྲགས་ཅན་རིག་འཛིན་སྒྲོལ་མ་ལྟ་བུའི་སྐད་ལ་སྲེས་བསླབ་མེད་པ་དེ་འདྲ་ཞིག་ངང་ནས་གཞས་བཏང་ན་བོད་མི་རིགས་རང་ཉིད་ཀྱིས་ཁྱད་ཆོས་འབུར་དུ་ཐོན་པའི་འདི་ནིའཛམ་གླིང་སྟེང་མངོན་ཆོག་ཆོག་ཡོད། ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་རྣམ་པ་དེང་སང་གིས་གཞས་པ་འགའི་ར་མིན་ལུག་མིནགྱི་སྐད་ཞིག་གིས་ངང་ནས་རྣ་བར་མི་འགྲོ་བར་དེ་འདྲ་གཞས་ཅིག་རྩ་བ་ཉིད་ནས་མ་གཏོང་རོགས་བཅས་འབོད་བསྐུལ་ཞུ་བཞིནཡོད། བོད་མི་ཚུལ་མཐུན་དང་བོད་སྐད་གཙང་མ་ཞིག་དང་མི་རིགས་རང་ཉིད་ཀྱི་གོན་གཤིས་བཟང་པོ་མ་བརླག་པར་བྱ་དགོས་པ་དེ་ནི་བོད་པ་རེ་ཟུང་གི་ལས་འགན་མ་ཡིན་པར་ཆ་ཚང་གིས་ཁྲག་ལ་ལེན་རྒྱུ་དེ་ནི་མཐར་ན་གནས་པའི་ཐ་ཤལ་བ་བདག་གི་རེ་བ་ཆེན་པོ་ཡོད།   གནས་ཚུལ་འདི་རྒྱུད་ནས་གཞས་པ་གཞས་མ་ཚང་མས་འགྱུར་བཅོས་བཏང་ཡ་ཐུགས་རྗེས་ཆེ་ཞུ་རྒྱུ་ཡིན། ཡིག་ནོརཡོད་ན་དགོང་འགལ་མེད་པར་མཁྱེན། །
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བོད་ཀྱི་མཛངས་མ་རིག་འཛིན་སྒྲོལ་མ།"



བརྗོད་གཞི་གཞན་ཁག་ལ་གཟིགས།