བཀའ་ཁྲིའི་བསྐོར།

ངའི་རང་དབང་མིའི་ཐོབ་ཐང་ངོས་ཟིན་པའི་ཐོག་ནས་ཟུར་ཙམ་བཤད་ན། ང་ཚོའི་མ་འོངས་བཀའ་བློན་ཁྲི་པ་ནི་ཤེས་འགྱོན་གཉིས་ལྡན་གྱི་མི་ཞིག་དགོས་པ་ནི་རྩོད་མེད་རེད་བསམ་གྱི་འདུག བྱེད་ཙང་། དེ་ཡོང་བ་ལ་མི་སོ་སོའི་ངོས་ནས་བློ་ཟུར་བོའི་ཐོག་ནས་འཚོལ་དགོས། ང་ཏྲེ་ཧོར་དར་རྒྱས་བའི་མི་ཞིག་གི་ངོས་ནས་བཤད་ན་མ་འགྲིག་པ་མེད་སྙམ། དུས་སྐབས་འདིར་ཤེས་འཇོན་གཉིས་ལྡན་གྱི་མི་ཞིག་འཚོལ་ན་ངའི་མཁས་དབང་བློ་བཟང་སེང་གེ་རེད་བསམ་གྱི་འདུག།

གང་རེད་ཟེར་ན་ང་ཚོའི་བོད་མི་རིགས་གསར་སྐྱེས་ཚོའི་མ་འོངས་རང་དབང་འཐབ་རྩོད་གྱི་ལས་དོན་ཁུར་ལེན་དགོས་རེད་དྲན་གྱི་འདུག། ད་ལྟ་གལ་སྲིད་མ་འགྱོན་པ་དང་མ་ཤེས་པ་ཡོང་ན་སྐད་ཆ་དྲི་ས་དང་རེད་བ་རྒྱབ་ས་མི་ཐོག་རྒན་པ་མང་པོ་ཡོད་རེད་དྲན་གྱི་འདུག གལ་སྲིད་ཐོན་གཅིག་རྗེས་ལཐོན་པ་ཡིན་ན་དུས་ཚོད་ག་བ་ཞིག་སླེབས་མིན་ཚང་མས་མཁྱེན་མཁྱེན་བ་རེད་དྲན་གྱི་འདུག བྱས་ཙང་། མཁས་དབང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཆེ།

ཡིན་ན་རྒྱབ་སྐྱོར་བྱེད་ཤེས་པ་དགོས་། གང་ཡིན་ཟེར་ན། ཁ་ཤས་ཀྱིས་རྒྱབ་སྐྱོར་ཡོད་ན་ཡང་བྱེད་ཤེས་འུ་མུ་འདུག། མི་གཞན་སེམས་ལ་མ་བདེ་བའི་རྒྱུ་མང་པོ་བཟོ་འུ་འདུག། དཔེར་ན། ཉེལ་ཆ་རྡ་རམ་ས་ལ་གཙུག་ལག་ཁང་འགྲམ་ལ་པར་ཆེན་པོ་བཞར་སོགས་མ་འཚམ་པ་མང་པོ་བྱེད་འདུག དེ་ཚོ་མི་དགོས་པ་རེད་དྲན་གྱི་འདུག། གལ་སྲིད་བཀའ་ཁྲིའི་འོས་ཐོབ་ཚར་བ་ཡིན་ན། དེ་ལྟར་བྱེད་ན་འོས་འཙམ་རེད།




བརྗོད་གཞི་གཞན་ཁག་ལ་གཟིགས།