ཕྱིར་ལོག་ཐུབ་པའི་རེ་བ་ཡོད།

༧གོང་ས་ཏཱ་ལའི་བླ་མ་མཆོག་དང་གཞན་ཡང་བོད་མི་བཙན་བྱོལ་བ་རྣམས་མ་འོངས་གཟི་བརྗིད་ལྡན་པའི་ཐོག་ནས་ཁོང་ཚོ་སོ་སོའི་ལུང་པར་ཕྱི་ལོག་ཐུབ་པའི་རེ་བ་ཡོད།

དེ་ཡང་ཁ་སང་རེས་གཟའ་ཉི་མའི་ཉིན་དེ་སྔོན་རྒྱ་གར་གྱི་གཞུང་འཛིན་ཁ་གཏད་བྷི་ཇི་ཕི་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ལཱ་ལི་ཀ་རིད་ཤཱ་ཎ་མཆོག་གིས། ཁོང་རང་ཉིད་ཀྱི་ཟིན་བྲིས་ཐོག བོད་མིའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་དང༌། གཞན་ཡང་བོད་མི་བཙན་བྱོལ་བ་རྣམས། མ་འོངས་རྒྱལ་ཁ་དང་གཟི་བརྗིད་ལྡན་པའི་ཐོག་ནས། ཁོང་ཚོ་སོ་སོའི་ཕ་ཡུལ་ཕྱིར་ལོག་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད་ཅེས་བྲིས་ཡོད་འདུག

མ་ཚད་ཁོང་གིས། རྒྱ་ནག་གཞུང་གིས་རྩ་ཆེ་བའི་བོད་པའི་རིག་གཞུང་མང་པོ་གཏོར་བཤིར་བཏང་ཡོད་པ་དང༌། མང་ཆེ་བ་ནི་རིག་གནས་གསར་བརྗེ་ཆེན་པོ་ཟེར་བའི་ཕྱི་ལོ་༡༩༦༧ནས་༡༩༧༧བར་གཏོར་བཤིག་བཏང་ཡོད་སྐོར་མང་པོ་གསུངས་ཡོད་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༡ཚེས་༨ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
གྲོགས་པོ་ལགས། ཁྱེད་ཀྱིས་བཤད་པ་ལྟར་ང་ཚོས་ཀྱང་བོད་མི་ས་ཡ་དྲུག་གི་ལྷན་འཛོམས་ལ་རེ་སྒུག་བྱས་ཡོད་པ་མ་ཟད། གང་མྱུར་གྱིས་རང་གི་ཕ་ཁྱིམ་དུ་ལོག་པར་ཅི་འདྲའི་རེ་ཨང། ང་ཚོ་བྱེས་གྱར་གྱི་སྤུན་ཟླ་ཚོས་མི་ཡུལ་དུ་ལྟོ་སྐྱ་གོས་ཧྲུལ་གྱི་འཚོ་བ་རོལ་གྱིན། ཕ་གཞིས་ཀྱི་ཡོད་ཚད་སེམས་ཀྱིས་སྐྱོར་ཡོད། སྤུན་ཟླ་ལགས། ང་ཚོའི་རེ་བའི་མིག་ཟུང་དང་རྩོལ་བའི་ཕྱག་ཟུང་མ་སྐུམ་ན། ནམ་ཞིག་རེ་བའི་ཕ་མཐའ་དེ་ཟིན་པར་གདོན་མི་ཟའོ།། སྤུན་ཟླ་ལགས། ཡིད་མ་ཕམ། སེམས་མ་སྐྱོ་དང་།
1 ༡༨༢༠༡༠༠༩༢༩
ང་ནི་བོད་ཀྱི་ཨ་མདོ་བ་རྔ་བའི་ཡིན། ད་སྐབས་རང་ཉིད་ཀྱི་གནས་ཚུལ་ནི་སྨད་རྒྱ་ནག་གི་ས་ཆ་ནས་སློབ་ཆེན་འདོན་གི་ཡོད། ཆེད་སྦྱང་བྱིས་པའི་སློབ་གསོ་ཡིན། རིན་པོ་ཆེ་གོང་ས་མཆོག་དང་བོད་མི་བཙན་བྱོལ་རྣམས་ཕྱིར་ཡུལ་ཏུ་ལོགས་ཐུབ་པའི་རེ་བ་མ་ཤི་བར་དུ་ཡོད། བོད་ཆོལ་ཁ་གསུམ་གྱི་ཚབ་བྱས་ནས་སྨོན་ལམ་འདེབས་གི་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།