བཀའ་ཁྲི་ལས་སྤྱི་འཐུས་གནད་འགག་ཆེའོ།

སྤྱིར་བཏང་། སྤྱི་འཐུས་རེ་་རེ་དང་བཀའ་ཁྲི་བསྡུར་པ་ཡིན་ན་བཀའ་ཁྲི་གའ་ཆེན་བ་དབང་ཚོད་ཆེ་བ་།་གཙིགས་་མཐོང་ཆེ་བ་་ཡོད། རྒྱུ་མཚན་ནི་སྤྱི་འཐུས་རེ་རེ་ལ་དབངཚོད་དང་་བེད་སྤྱོད་ཐུབ་པའི་ནུས་པ་དང་ཁྱབ་ཤུགས་གང་ཡང་མེད་དེ། བརྒྱ་ཆ་ཡིས་དབང་ཆ་འཛིན་གྱིས་ཡོད་པས་ཕྱིར། སྤྱི་འཐུས་ཚོགས་མི་ཡོངས་དང་བཀའ་ཁྲི་བསྡུར་པ་ཡིན་ན་བཀའ་ཁྲི་ལས་སྤྱི་འཐུས་ཚོགས་མི་རྣམས་གལ་འགངས་་རྦད་དེ་ཆེ་བ་ཡོད་པའི་རྒྱུ་མཚན་རྣམས་ཞིབ་ཕྲ་་ཤེས་པ་བྱོས་ཤིག། བཀའ་ཁྲི་ལ་སྟངས་འཛིན་བྱེད་མཁན་མང་པོ་ཡོད། སྤྱི་འཐུས་ལྷན་ཚོགས་ལ་སྟངས་འཛིན་བྱེད་མཁན་ནི་བརྒྱ་ཆ་ཁོ་ན་ལས་གཞན་སུ་གང་ཡང་མེད་པ་དེས་་སྤྱི་འཐུས་ནང་ལྷག་བསམ་དང་ཤེས་ཡོན་གཉིས་ཀ་མེད་པའི་འཐུས་མི་སླེབས་པ་ཡིན་ན་རྡབ་གསིག་་སྤེལ་སའི་བཟོ་གྲ་ཞིག་ཆགས་ཀྱིན་ཡོད་དོ། ང་ཚོས་སྐྱི་འཐུས་ནི་རང་ཚུགས་ལྡན་ཞིང་བོད་མི་རིགས་སྤྱི་ལ་སེམས་ཁྲལ་ཡོད་པའི་མི་ཞིག་འདེམས་དགོས། ད་ལྟ་གོ་ལ་གཅིག་གྱུར་གྱི་དུས་ཚོད་འདིའི་ནང་། གྲོང་གསེབཔའི་རྨོངས་ཞེན་དེ་དོར་ནས་་རིག་པས་དཔྱད་པའི་རྒྱལ་ཞེན་ཞིག་ལ་འབད་རོགས།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བང་ཆེན་དྲ་ཐོག་གི་བགྲོ་གླེང་ལ་ཕུལ་པའི་ཁ་བཏགས།"



བརྗོད་གཞི་གཞན་ཁག་ལ་གཟིགས།