ཤམ་བྷ་ལའི་ཕོ་ཉའི་ལས་སྣེ་བ་ལ།

ཤམ་བྷ་ལའི་དྲྭ་བདག་ལ་ཆེད་དུ་ཞུ། ད་སྐབས་རང་རེ་བོད་ཀྱི་དྲྭ་འབྲེལ་འདི་ཧ་ཅང་གི་དར་ཁྱབ་ ཆེ་བཞིན་པའི་སྒང་ལ། ཤམ་བྷ་ལ་ཡང་མཉམ་སྐྱོད་བྱེད་ ཐུབ་པ་གུས་པའི་དགའ་བསུ་ཡོད། འོན་ཀྱང་། དེང་སྐབས་གློག་ཀླད་འམ་རྩིས་འཕྲུལ་གྱི་ སྒེའུ་ཁུང་གི་ཁྱད་པར་འདྲ་མིན་ལ་བསྟེན་ནས། ཤམ་བྷའི་དྲྭ་ངོས་ཀྱི་བོད་ཡིག་ཆ་ཚང་མཐོང་མི་ཐུབ་པ་ འདི་ཧ་ཅང་གི་ཐབས་སྐྱོ་བོ་རེད་འདུག སྐབས་འགར་བོད་ཡིག་ཕྱེད་ཀ་ཙམ་ལས། གཞན་རྣམས་་རེའུ་མིག་གཞན་གྱི་འོག་ཏུ་ཚུད་པ་ དྲྭ་བའི་རེའུ་མིག་གཅིག་གིས་གཅིག་ལ་འཚང་ཁ་རྒྱབ་ཏེ་ གཞན་རྣམས་གཟིལ་གྱིས་གནོན་པ་ལྟ་བུ་སྟབས་མ་བདེ་བ་ དེ་འདྲའི་དཀའ་ངལ་མང་པོ་འཕྲད་ཀྱི་འདུག དེ་ལ་ངེས་པར་དུ་བཟོ་བཅོས་དང་ཡར་རྒྱས་རེ་གཏོང་རྒྱུ་ ཡོད་ན་བསམ་པའི་རེ་བ་ཆེན་པོ་ཞུུ། དེ་རིང་ངས་ཡང་་་༧་་གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ འདི་ཆ་ཚང་མཐོང་ཐུབ་མ་སོང་ལགས། ཤམ་བྷ་ལའི་དྲྭ་བདག་་ཁྱེད་རང་དྲྭ་ཁང་འདྲ་མིན་ལ་སོང་ནས་ སྟགས་དཔྱད་གནང་རྒྱུ་གལ་ཆེན་པོ་ཡིན། དུས་བབ་ལ་མཚོན་ན་འདིས་དཀའ་ཁག་འདི་ནམ་ཡང་ འཕྲད་མི་སྲིད་པ་ལྟ་བུ་ཞིག་གོ། གང་དྲགས།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "ྋགོང་ས་མཆོག་ནས་ཚོགས་བཅར་ཡོངས་ལ་བཀའ་སློབ་སྩལ་བ།"



བརྗོད་གཞི་གཞན་ཁག་ལ་གཟིགས།