བློ་བཟང་སེངྒེར་རྒྱབ་སྐྱོར་ཡོད།

ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་དྲོས་བློ་བཟང་སེངྒེ་དང་ང་གཉིས་དབར་ཟ་རེས་དང་འཐུང་རེས་ཀྱི་འབྲེལ་བ་གང་ཡང་མེད་མ་ཚད་ཁོང་ནི་ཁམས་པ་རེད་ལ་ང་ནི་དབུས་གཙང་རེད་འོན་ཀྱང་རྒྱུ་མཚན་དང་ལྡན་པའི་ཐོག་ནས་ངས་ཁོང་ཉིད་བཀའ་ཁྲིར་སླེབས་ཐབས་སུ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅེས་མི་མང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།

དེ་ཡང་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་དྲོ་ལགས་ཀྱིས་དེ་རིང་སྔ་དྲོར་མོན་གྷོ་གཞིས་གྲོང་༤པའི་ནང་། རྒྱ་ནག་གིས་བོད་ལ་བཙན་འཛུལ་ཇི་ལྟར་བྱས་མིན་དང་། པཎ་ཆེན་རིན་པོ་ཆེའི་གཙོས་པའི་བོད་མི་རྣམས་ལ་སྔ་ཕྱིར་རྒྱ་གཞུང་གིས་མནར་གཅོད་ཇི་ལྟར་བཏང་མིན་སྐོར་འགྲེལ་བརྗོད་ཞིབ་ཅིང་ཕྲ་བ་གནང་སོང་། སྐབས་དེར་ཁོང་གིས་ཁོང་ཉིད་བཙོན་ཁང་ནང་དཀའ་སྡུག་ཇི་ལྟར་མྱངས་མིན་དང་། རྒྱ་གཞུང་གིས་མི་ཆོས་ལས་འདས་པའི་རྡུང་རྡེབ་དང་ཁྱད་གསོད་ཇི་ལྟར་བྱས་མིན། བཙོན་གྲོལ་ཐོབ་སྐབས། གཟུགས་པོ་སྐྱོ་དྲགས་པས་རྐྱེན་གྱིས་ཕ་མ་གཉིས་ཀྱིས་གཡས་གཡོན་ནས་སྐྱོར་བ་དང་། རང་གི་གཅུང་མོས་རྒྱབ་ནས་སྐྱོར་དགོས་པའི་གནས་སྟངས་ཆགས་ཚུལ། ལྷག་པར་གཟུགས་གཅོང་སོགས་ཡ་ངའི་གནས་སྟངས་འོག མི་འདོད་བཞིན་དུ་སླར་ཡང་བརྩེ་བའི་ཕ་མ་དང་ཁ་བྲལ་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་དགོས་བྱུང་ཚུལ་སོགས་འགྲེལ་བརྗོད་གནང་སྐབས། ཁོང་ཉིད་སེམས་ཚོར་དྲག་པོས་མིག་ནས་མཆི་མ་བཞུར་བྱུང་ལ། དེ་ཡོད་མི་མང་བརྒྱ་ཡས་མས་ཤིག་འདུག་པར་ཕ་ཆེར་ཚང་མའི་མིག་མཆི་མས་ཡོངས་སུ་བརླན་འདུག

མཇུག་མཐར་ཁོང་གིས། ང་འདིར་ཡོང་དོན་དེ་བོད་ནང་གི་དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་ཁྱེད་ཚོར་འགྲེལ་བརྗོད་བྱེད་པར་ཡོང་བ་ལས། སྤྱི་འཐུས་ཀྱི་འོས་ཤོག་ཐོབ་ཆེད་སོགས་དཀོན་མཆོག་དཔང་དུ་བཙུགས་པའི་དེ་འདྲ་རྩ་བ་ནས་མིན། མངའ་རིས་སྤྱི་མཐུན་གྱིས་ངོས་སྤྱི་འཐུས་ཀྱི་འོས་མིར་བཏོན་འདུག་ཟེར། འོན་ཀྱང་དེ་ཡང་ང་རང་ཡར་འགྲོ་ནས་དགོངས་པ་ཞུ་དགོས་བསམས་བསྡད་ཡོད་ཅེས་གསུངས་སོང་།

ཡང་ཁོང་གིས་ངས་བཀའ་བློན་ཁྲི་པ་དེ་མཁས་དབང་བློ་བཟང་སེངྒེར་རྒྱབ་སྐྱོར་ཞུ་བཞིན་ཡོད། ངས་དེ་ག་ཙམ་གྱིས་ཁོང་ལ་རྒྱབ་སྐྱོར་ཞུས་པ་ཞིག་མིན། ང་གཉིས་ཕན་ཚུན་ཟ་རེས་དང་འཐུང་རེས་ཀྱི་འབྲེལ་བ་གང་ཡང་མེད། མ་ཚད་ཁོང་ནི་ཁམས་པ་རེད་ལ། ང་ནི་དབུས་གཙང་རེད། ངས་ལོ་ངོ་༡༠ལྷག་ཁོང་ལ་ཞིབ་འཇུག་བྱས་པ་ཡིན། ཁོང་ནི་ཨ་རིའི་ཁྲིམས་ལུགས་ཀྱི་སློབ་གྲྭ་ཆེན་མོ་ནས་ཐོན་པ་ཞིག་ཡིན་དུས། རྒྱལ་སྤྱིའི་ཁྲིམས་ཁང་ནང་ཁྲིམས་གཏུགས་བྱེད་པར་འགྲོ་ཐུབ་མཁན་གྱི་ལག་ཁྱེར་ཁོང་ལས་ལྷག་ཡོད་པ་མ་རེད། ཁྲིམས་གཏུགས་ཀྱི་ཐོག་ནས་བོད་མི་མང་དང་ལྷག་པར་ཆབ་སྲིད་བཙོན་པ་དེ་ཚོ་གློད་བཀྲོལ་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ང་ཚོས་སྲང་ལམ་དུ་སྐད་རྒྱག་ནས་ནམ་ཡང་ཡོང་ས་མ་རེད། ངས་ཡིན་ཅིག་མིན་གཉིས་འོས་ཤོག་ཁོང་རང་ལ་བླུག་དགོས་པ་རེད་ཅེས་ཟེར་གྱིན་མེད། སོ་སོའི་འདོད་པ་རེད། འོན་ཀྱང་ཚང་མས་གཟབ་གཟབ་བྱེད་ནས་བསམ་བློ་ཡག་པོ་གཏོང་རོགས་ཞེས་རེ་སྐུལ་བྱས་སོང་། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༩ཚེས་༡༨ཉིན།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ནས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (27)
27 ༠༤༢༠༡༠༠༨༠༣
བཟོད་པ་ལྷ་རྩེ་
ང་ཚོའི་རང་རང་གི་འགོ་ཁྲིད་དེ་ལ་བློ་གཟུར་བོར་གནས་པའི་སྒོ་ནས་བརྟག་དཔྱད་བྱ་དགོས་པ་ལས་ཧོ་རྒྱུགས་རྩ་བ་ནས་གནང་རྒྱུ་མེད། ཁ་བདེ་པོ་ཙམ་ལ་མགོ་བོ་འཁོར་ན་ག་ལ་བསྒྲིག་དོན་དངོས་ཀྱི་ལྷག་བསམ་དང་ལ་རྒྱ་ཤེས་འཇོན་ཚང་མང་གཟིགས་ནས་ཐག་གཅོད་བྱ་དགོས། དེ་ཡང་བློ་སེང་ལྟ་བུའི་ཡོ་བའི་རྒྱབ་ན་ཅི་ཡོད་བཤད་ཚོད་མི་ཐེགས་ཀྱང་ཁོང་གིས་གསུངས་བཤད་ནང་བདེན་པ་མིན་པའི་མགོ་འཁོར་བསླུ་འཁྲིད་ཀྱི་སྐད་ཆ་འར་གཏམ་མང་པོ་ཞིག་ཡོད་པ་ནི་དངོས་གསལ་རེད་འདུག
26 ༠༡༢༠༡༠༡༨༡༥
དེང་དུས་ཀྱི་ཤེས་ཡོན།། གསར་བཏོད་ཀྱི་སྤོབས་པ།། ལྷད་མེད་ཀྱི་མི་གཤིས།། དྭངས་གཙང་གི་བརྒྱུད་རིམ་སོགས་དང་ལྡན་ལ་ནུས་བཅུ་ཡི་མངའ་བདག་མཁས་དབང་བློ་བཟང་སེང་གེ་ལྟ་བུ་2011གི་བཀའ་བློན་ཁྲི་པར་བསླེབས་ན་བོད་གཞིས་བྱེས་གཉིས་ལ་རེ་བ་གསར་པ་ཞིག་དང་གོམ་སྟབས་གསར་པ་ཞིག་ལོས་ཡོད།། ད་དུང་རིགས་ཞེནགྱིྱི་མེ་ལྕེ་གྱེན་དུ་འབར་བཞིན་པའི་ཕྱི་རབས་པ་འདི་ཚོ་ལ།། པ་ལོ་བཅད་པའི་རབ་བྱུང་ང་ཡང་ཕལ་ཆེར་སྲིད་དོན་པ་ཞིག་ཆགས་སྲིད།།
ཞེན་ཁོག་དང་ཕྲག་དོགས་ཀྱི་ད་དུང་ལས་སླ་བོ་བློ་སྒོ་ཕྱེ་ཐུབ་ཁག་བོ་རེད། བློ་སྤོབས་སྐྱེ་དགོས་པ་ཞིག་ལ། གཞི་རིམ་རྒྱ་མི་མང་གི་ཕྲོད་དུ་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་རྩ་བ་ནས་བྱེད་ཀྱིན་མི་འདུག འོན་ཀྱང་གལ་ཆེའི་མི་སྣ་ཡིན་བསམ་མཁན་དེ་ཚོས་ཕུགས་དཀྲུག་དང་མདའ་དཀྲུག་བྱེད་བཞིན་འདུག་པས་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་དེ་གཟབ་གཟབ་བྱས་ནས་འཕེན་གལ་ཆེ། དགའ་ལྡན་གྲྭ་བག་གྲོས་བཤད་པའི་གཏམ་དེ་ཚོར་བྲོ་བ་ཆེན་པོ་ཞེ་དྲགས་འདུག མཁས་པ་དང་མི་སྤྱོད་བཟང་པོ་གཉིས་ཀ་འཛོམས་པའི་ཁར་བོད་མི་ལ་བཅངས་པའི་སེམས་ཁུར་ཆེན་པོ་ཡོད་མཁན་ཤིག་དགོས།།
24 ༡༨༢༠༡༠༡༣༣༢
བཀའ་ཁྲི་བདམས་དང་སྤྱི་འཐུས་བདམས་རྒྱུ་ལས་སླ་བོ་མིན་ མཁས་དབང་ཡིན་པ་ཙམ་གྱིས་བློ་བཟང་སེང་གེ་བཀའ་ཁྲིར་བདམས་པ་ཡིན་ན་ བློ་བཟང་སེང་གེ་རྒྱབ་ལོགས་ན་ཆུ་བཞི་སྒང་དྲུག་ཡོད་པ་མ་ཤེས་པས་ཏེད་ གྲོས་ཚོགས་ནང་གི་རྙོག་དྲ་སློང་མཁན་མང་ཆེ་བ་ཁོང་ཚོ་དང་ཆོས་རྒྱུད་ཁག་གི་སྤྱི་
འཐུས་དེ་ཚེ་རེད་ ང་ཚོས་ཧོལ་རྒྱུག་བྱེད་མི་རུང་ མ་གཞི་ཐེངས་འདིའི་བཀའ་ཁྲིའི་འོས་ཞོག་བློ་སེང་ལ་ཐོབ་རྒྱུའི་ཉིན་ཁ་ཡོད་ རྒྱུ་མཚན་ནི་ གཞིས་ཆགས་དེ་ཚོས་བོད་མི་དམངས་ཀྱི་དགོས་མཁོ་དང་མ་འོངས་པའི་ཉེན་ཁར་བསམ་ཞིབ་བྱེད་མི་ཤེས་པས་ སུས་ཁ་བདེ་བོ་བཤད་ན་དེའི་རྗེས་སུ
འབྲངས་ལས་ཐབས་གཞན་མེད་པ་དང་ འཇུ་ཆེན་ཐུབ་བསྟན་གྱི་རྒྱུག་ཁྱི་གང་མང་ཞིག་གིས་གཡས་དང་གཡོན་ནས་ཨག་སྐད་བརྒྱབ་ནས་བློ་སེང་ལ་རྒྱབ་སྐྱོར་དགོས་པའི་སྐུལ་བྱེད་རྒྱུ་མང་དྲགས་པ་སོགས་ཀྱིས་ད་ལོའི་བཀའ་ཁྲི་ཡག་ལོ་བདམས་ཐུབ་པའི་རེ་བ་མི་ཆེའོ་
23 ༠༢༢༠༡༠༡༢༤༠
བློ་སེང་ཕམ་ན་མི་རབས་གསར་པ་ཤེས་ཡོན་པའི་སྡེ་ཕམ།
བློ་བཟང་སེང་གེའི་དྲིལ་བསྒྲགས་ཆེད་ཤར་ལྷོ་ནུབ་བྱང་ཀུན་ཏུ་ཁྱི་སྨྱན་ལྟར་རྒྱུགས་ཤིང་། ཡ་རབས་བཟང་སྤྱོད་དང་། མི་གཤིས་ཀྱི་རིན་ཐང་། ཐོབ་ཐང་དང་ལས་འགན་ཐམས་ཅད་བརྩིས་མེད་རྡོག་རོལ་དུ་བཏང་སྟེ་རྒྱུགས་བཞིན་པའི་གྲྭ་བག་གྲོའི་དྲིལ་བསྒྲགས་བྱ་རྒྱུའི་འགྲོ་སོང་གཏོང་མཁན་སུ་ཡིན་མིན་ལ་རྙོག་གླེང་ཞིག་གོ་རྒྱུ་འདུག་ལ། བློ་བཟང་སེང་གེའི་སྔ་ཕྱིར་བཤད་པའི་འགལ་བ་ལྟག་སྤྲོད་དུ་སོང་བའི་གཏམ་བཤད། གཞན་སེམས་བསླུ་ཐབས་ཀྱི་གདན་ས་ཁག་ཏུ་བཤད་པའི་གཏམ་བཤད་དང་། མཐོ་སློབ་ཀྱི་གཞོན་ནུ་རྣམས་ལ་གཏམ་བཤད། རྒན་གཞོན་བགྲེས་གྲས་རྣམས་ལ་བཤད་པའི་གཏམ་བཤད་དབར་བར་ཁྱད་ཤིན་ཏུ་ཆེ་བ་དང་། ལྷག་པར་ཐོག་མར་བཀའ་ཁྲིར་ལངས་པའི་སྐབས་ཀྱི་གཏམ་བཤད་དང་། ད་ལྟའི་གཏམ་བཤད་བར་ལའང་འགྱུར་བ་ཤུགས་ཆེ་སོང་བ། ཡང་སྒོས་བློ་བཟང་སེང་གེས་ཕྱིར་བསྐྱོད་ལག་སེར་ཉར་དགོས་པའི་དགོས་པ་རྒྱུ་མཚན་དང་། དམིགས་ཡུལ། ཐོབ་ཐང་། སྐོར་ལ་གླེང་རྒྱུ་ཇེ་མང་། གཞན་ཡང་ད་བར་རང་དབང་དཔྱ་ཁྲལ་འབུལ་འཇལ་མ་བྱས་པ། བཀའ་ཁྲིའི་འོས་མ་ཐོབ་ན་བཀའ་བློན་ཕྱག་རོགས་སུ་ཞུགས་མིན་གྱི་དྲི་བ་ལན་འདེབས་མ་བྱས་པ། ལྷག་པར་བློ་བཟང་སེང་གེའི་དྲིལ་བསྒྲགས་ཁག་ཏུ་སྔར་གྱི་ཉམས་མྱོང་དང་གཅིག གཉིས་ནས་གཏམ་བཤད་སྐབས་ཀྱི་གསུམ་དང་། ལྔ་སོགས་ཀྱི་གྲངས་འདྲེན་རྣམས་ཕྱི་རྒྱལ་གྱི་མཁས་དབང་རྣམས་ཀྱི་གཏམ་བཤད་ནས་བློ་འཛིན་བྱས་པའི་མ་དཔེ་གང་ནས་བརྐུས་མིན་ཇེ་གསལ་དང་། ལྷག་པར་གསར་གཏོད་ཅེས་འབྲུག་ལྟར་བསྒྲགས་ཀྱང་བློ་བཟང་སེང་གེ་རང་ཉིད་ཀྱིས་གསར་གཏོད་བྱས་པའི་གྲུབ་འབྲས་གཅིག་ཀྱང་མིག་སྟོན་བྱ་རྒྱུ་མེད་པ། བོད་གཞུང་ནས་ཕྱི་རྒྱལ་དུ་འགྲོ་གྲོན་བཏང་སྟེ་སློབ་གཉེར་དུ་བཏང་ཡང་སྒྲིག་གཞི་ལ་བརྩི་སྲུང་དང་། ཡ་རབས་བཟང་སྤྱོད་ཀྱི་ཐོག་ནས་དུས་ཐོག་ཕྱིར་སློག་མ་བྱས་པ་དང་གཅིག གཉིས་ནས་བོད་གཞུང་གི་སྲི་ཞུའི་ལས་དོན་ཉིན་གཅིག་ཀྱང་མ་ཞུས་པ་སོགས་ཀྱི་དང་། བློ་བཟང་སེང་གེས་དངོས་ཤུགས་བརྒྱུད་གསུམ་ནས་རང་གི་ཁ་གཏད་དུ་གྱུར་པའི་བཀའ་ཁྲིའི་འོས་དམིགས་སུ་ཞུགས་མཁན་རྣམས་ཀྱི་ལོ་རྒྱུས་སོགས་ཀྱི་དྲིལ་བསྒྲགས་སྦྱར་ཡིག་རྣམས་བཀོག་པ་དང་། ཕ་རོལ་པ་པོར་ཁ་ཉེས་ཁ་གཡོག་དང་། གཟུགས་མེད་གྲིབ་གཟུགས་སོགས་ཀྱི་འོས་མཚམས་མིན་པའི་སྐྱོན་བརྗོད་ཀྱི་ཡིག་ཆ་སྦྱར་འགྲེམས་བྱེད་དུ་བཅུག་པ་སོགས་ལས་བློ་བཟང་སེང་གེར་དགའ་མོས་དང་། རྒྱབ་སྐྱོར་བྱེད་མཁན་མང་དག་ཅིག་ཞེན་ཁ་ལོག་པའི་གནས་སུ་ལྷུང་འདུག
ལག་པ་ཡོད་ཚད་ཀྱི་བྲིས་ཀྱང་དང་ཁ་ཡོད་ཚད་ཀྱི་བཤད་པའི་དུས་སུ་སླེབས་ཡོད་པ་འདྲ། མིང་ཅུང་ཡོད་ཚད་དཔོན་པོ་དང་སྤྱི་འཐུས་ལངས་པ་དེ་དཔེ་རེད། མི་རབས་གསར་པ་དང་ན་གཞོན་གྱི་སྤྱི་ཚོགས་འདི་ཡར་རྒྱས་ཕྱིན་ཡོད་པ་གསལ་པོ་མངོན། མང་གཙོའི་ཁེ་དབང་དང་འདྲ་མཉམ་ཞེས་སྔར་ནས་ད་བར་དུ་མི་རབས་མང་པོ་འཕུང་ཡོད་པ་འཛམ་གླིང་གི་ལོ་རྒྱུས་ཐོགས་གསལ་ཡོད། རྒྱ་ནག་ནང་དུ་་ཡང་དེ་བཞིན་གྱི་ཞིང་བྲན་ཡར་ལངས་ཟེར་བའི་མིིང་སྣ་ཚོགས་ཀྱི་བེད་སྤྱོད་དེ་ད་ལྟ་འདྲ་མཉམ་འདུག་གམ། ད་བར་རྒྱ་གཞུང་གིས་བོད་མི་མང་སྡུག་ལ་སྦྱར་ནས་མགོན་པོ་གང་ཉིད་ནས་བཙན་བྱོལ་འཕེབས་དགོས་པ་དང་རྒྱལ་སྤྱིའི་རོགས་རམ་དང་དབུ་མའི་ལམ་གྱི་ལྟ་གྲུབ་སོགས་གསར་གཏོད་མཛད་དགོས་པ་ཤེས་ཀྱི་མེད་པ་ནི་ཡིན་ཀྱི་མ་རེད། ལྷ་རྙིང་པར་གཟུངས་གསར་པ་ཕུལ་ཞེས་པའི་དཔེ་ལྟར། རང་ཕྱོགས་རྒྱལ་འདོད་ཀྱི་བསམ་པ་དེ་མ་མདོར་བར་དུ་བོད་མི་མང་ལ་བདེ་སྐྱིད་ཞེས་པའི་ཚིགས་སྐམ་པོ་འདིས་ཕན་མི་ཐོག་ཐག་གཅོད་རེད། ཆོལ་ཁ་དང་ཆོས་ལུགས་སོགས་མིང་དངོས་སུ་མ་སྟོན་ཀྱང་དོན་དངོས་སུ་ལག་ལེན་དེ་སྟར་བཞིན་པ་ནི་དངོས་གསལ་འདོད་པོ་འདུག དཔེར་ན་བཀྲས་མཐོང་དབུས་ཀྱི་བཀའ་བློན་ཁྲི་པ་དང་བློ་སེང་བར་ཀྱི་བཀའ་བློན་ཁྲི་པ་དང་སྤེན་ཚེ་སྨད་ཀྱི་བཀའ་བློན་ཁྲི་པ་སོགས་ཀྱི་ཤོག་རྙིག་གང་སར་སྦྱར་ནས་ཕན་འབྲས་མེད་པ་ཤེས་བཞིན་དུ་ནུས་ཤུགས་སྤེལ་བ་དགོས་པ་གང་གི་ཆེད་དུ་ཡིན་ནམ། དེ་ལས་ཕྱོགས་སེམས་མདོར་ནས་བཀའ་ཁྲི་གསར་པ་དེ་བཀའ་ཤག་གི་ལས་རྒྱུན་མུ་མཐུད་མཁན་ཞིག་དང་༸གོང་ས་མཆོག་གི་དགོངས་པ་སྒྲུབ་མཁན་ཞིག་ཡིན་ན་འགྲིག་གོ།
མཁས་དབང་བློ་སེང་བཀའ་ཁྲིར་ལངས་པ་མི་རབས་གསར་པའི་གཞོན་སྐྱེས་ཚོའི་མིག་དཔེ་ལྟ་ས་ཞིག་རེད། འོན་ཀྱང་ཤེས་རབ་ཕྱོགས་གཅིག་ལྡན་པས་ཀྱང་།།བྱ་བ་ཀུན་ལ་མཁས་པ་དཀའ།།ཟེར་པའི་དཔེ་་ལྟར་དུ་མཁས་དབང་ཁོང་ཨ་སྔོན་ནས་ཤོག་ཟུང་སྐྱངསར་ནས་རྡ་སའི་རི་རྩེར་འབབ་འཆར་ཡོད་པ་འདི་བླ་ན་མེད་པའི་སྙིང་སྟོབས་དང་། གོང་ན་མེད་པའི་ལྷག་བསམ་རེད། འོན་ཀྱང་ཉམས་མྱོང་གི་ཆ་ནས་ད་དུང་ཚད་དུ་མ་སླེབས་པ་ལྟ་བུ་མཐོང་བར་བརྟེན། ད་རེས་ཉམས་མྱོང་ཅན་གྱི་བཀའ་ཁྲི་ཞིག་འདེམས་འདོད་ན། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་འདེམས་ནས། ཐེངས་རྗེས་མའི་བཀའ་ཁྲི་ལ་བློ་སེང་འདེམས་ན་དགེ་མཚན་གྱིས་ཡོངས་སུ་ཕྱུག
19 ༣༠༢༠༡༠༡༡༢༤
དུས་ངན་པ་ཤར་བའི་རྟགས་མཚན་འདུག
སྤོ་འཇུ་ཆེན་གོ་མེད་ངང་ཚུལ་གནས།
ྲརྒྱབ་གསང་ལམ་ནང་དུ་གཡུ་སྒྱུའི་ལས།
ཉིན་ཇི་སོང་མང་དུ་འགྲོ་བཞིན་འདུག
ངག་འཇམ་པོ་སྒྲ་མེད་གསང་གཏམ་སྤེལ།
ལས་གང་བྱུང་ན་གཞོན་མི་འཁྱེར་སྟེ།
བྱུས་ངན་བྱུས་སྤོ་སྤོ་གཏོན་བཞིན་བལྟས།
18 ༢༩༢༠༡༠༡༦༢༨
ཉི་མ་དབང་ཕྱུག
བག་དྲོ་ལགས་ནི། ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་མེད་པ་ཞིག་ཡིན་པ་ནི་གོང་གི་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱས་པས་ཞེས་ཐུབ།
17 ༢༩༢༠༡༠༡༥༠༡
ང་ནི་འབྲུག་པ་ཡིན། ད་ལམ་བཀའ་ཁྲིས་སྐོར་ལ་ཁུ་སྟངས་མེད་ཀྱང་། མི་རིགས་དང་ཆོས་རིག་གཅིག་པའི་རྒྱུ་མཚན་གྱིས་ཚིག་ཁ་ཤས་ཞུས་ན་བསམ་སོང་། ལོ་ལོན་ཀླད་རྙིང་ཀྱི་ལྟ་བ་འཁྱེར་མཁན་དང་། སྐུ་དྲག་མི་རྒྱུད། མགོ་བདེ་དྲན་འཁྲུལ་ཅན་དག་གིས་དེ་སྔོན་བོད་ཕུང་ཚུལ་ལ་ཚང་མས་བསམ་བློ་ལེགས་པོ་ཐོངས། དེ་དག་ལ་རེ་བ་ཡོད་ས་འདུག་པས། དེ་ལས་བློ་སེང་ནི་དུས་རབས་གསར་པར་མི་རབས་གསར་པས་ལས་འགུལ་གསར་པ་དགོས་ཤིང་ཁོང་ནི་གོང་མ་དག་ལས་་ལྡོག་པར་བརྟེན་བོད་མི་བསམ་ཡོད་ཀུན་གྱིས་ཁོང་ལ་ཤུགས་རྒྱེབ་དགོས་པ་ལས། འཐེན་ཁྱེར་གྱིས་ལས་ལ་འཇུག་ན་སྔོན་མའི་བྱ་བ་དག་ལས་མ་འདས་སོ།།
16 ༢༩༢༠༡༠༡༤༤༨
བློ་བཟང་སེངྒེ་རྒྱལ་གྱུར་ཅིག
15 ༢༩༢༠༡༠༡༤༣༦
འཇུ་ཆེན་སྤོ་བོས་ཁམ་པའི་ཕོ་གསར་བསྐུལ།།
ཁམ་ཕྲུག་དེ་ཚོས་མཏོ་སློབ་མིང་བྱང་རྐུས།།
བློ་བཟང་སེང་གེ་གཙང་མ་ཡིན་ཁུལ་ཡང་།།
དོན་དུ་འཇུ་ཆེན་སྤོ་བོའི་རྒྱུགས་ཁྱི་ཡིན།།
གཤིན་རྗེ་ཆོས་རྒྱལ་ངར་ངར་མ་བྱེད་ཨང་།།
ཁྱེད་ཀྱང་འཇུ་ཆེན་སྤོ་བོའི་རྒྱུགས་ཁྱི་རེད།།
14 ༢༩༢༠༡༠༡༡༣༧
ནོར་གླིང་། སྨན་རྩིས། སྭ་ར་མཐོ་སློབ་གསུམ་ལ་ཞབས་སྐུལ་ཞུ་རྒྱུ་ཡིན། བོད་མི་རིགས་ཀྱི་བླ་སྲོགས་ལྟར་རྒྱལ་དར་དེ་བོད་མི་དམངས་ནས་སྲུང་སྐྱོབས་དང་ཆེས་མཐོང་དགོས་པར་བཞིན་མཐོ་སློབ་ཁག་གསུམ་ཡིག་ཚང་ནས་འཕྲལ་དུ་མི་གཏོང་ནས་གཙང་མ་ཞིག་བཟོ་རོགས་གནང་ཞེས་ཞབས་སྐུལ་ལན་བརྒྱ་ཞུ། བཀྲིན་ཆེ་ཞུ།
ཤི་རྣ་རོ་ཡིས་མ་བཀངས་ན། རོ་རྣ་ཁྲག་གི་མ་ཁེངས་ན། རྣ་ཀྲོག་ཀྲོག་བྱས་ནས་ང་ལ་ཉོན། ཁྱོད་དཔྱོད་ཤེས་མིན་པའི་བོང་རྒན་ཁྱོད། ཤོག་དཀར་པོའི་སྟེང་གི་ཡི་གེ་དེར། སྡུག་མིག་ཆེ་ཙམ་བགྲད་ནས་ལྟོས། མི་ཉེས་མེད་དགའ་ལྡན་བག་དྲོ་ལ། ཚོད་མེད་པའི་ཚིག་མཚོན་ཆར་ལྟར་ཕབ། ངས་ཁྱེད་རང་སྲོག་ཁྲིམས་མི་སྦྱར་རེ། སྲོག་བཅད་ནས་མྱང་བར་མ་འཕེན་ན། ང་གཤིན་རྗེ་ཆོས་རྒྱལ་མིང་མ་འབོད། ཕོ་རྒོད་པོ་དགའ་ལྡན་བག་དྲོ་ཡིས། ངས་བློ་སེང་རྒྱབ་སྐྱོར་བྱེད་དོན་དེ། རྒྱ་དམར་པོའི་འོག་གི་སྲིད་བཙོན་རྣམས། གང་མགྱོག་མགྱོག་རང་དབང་ཐོབ་ན་ཞེས། ཚིག་རིན་ཐང་ཅན་ཞིག་མི་འདུག་གམ། ཁྱེད་བསམས་ཤེས་མེད་པའི་ཁྱི་རྒན་ཁྱོད། ཁ་བདག་པོ་རྒྱག་ན་མི་དགའ་འམ། ཁྱེད་ད་དུང་ཚོད་འཛིན་མི་བྱེད་ན། ངས་གཤིན་རྗེའི་གཤེད་ཀྱི་རལ་གྲི་དེས། ཁྱེད་སྡུག་སྙིང་དགུ་གཏུབས་མི་བྱེད་ན། ང་གཤིན་རྗེ་ཆོས་རྒྱལ་རོ་དང་འདྲ།
ཞེས་ཚ་མྱ་མེ་རི་འབར་བའི་ཕོ་བྲང་ནས་མྱ་ཁམས་བཅོ་བརྒྱད་ཀྱི་མངའ་བདག་གཤིན་རྗེ་ཆོས་ཀྱི་རྒྱལ་པོས་གཤམ་དུ་མི་ངན་དཔྱོད་ཤེས་མིང་ཅན་ལ་སྤྲིང་པའོ།། །།
དགའ་ལྡན་བག་གྲོ་ཁྱི་སྤྱང་སྨྱོ་བ་བཞིན།།
སྐྱ་སེར་གཞིས་ཆགས་གྲོང་ཚོ་རིམ་གྱིས་ཉུལ།།
ང་དང་བློ་བཟང་སེང་གེ་གཞིས་ཀྱི་བར།།
ཇ་ཕོར་གང་གི་འཐུང་རེས་མེད་ཟེར་ནས།།
དོན་དུ་བློ་བཟང་སེང་གེའི་རྐུབ་གཡོག་རྒྱུགས།།
རྡ་སའི་མི་མང་ཆབ་སྲིད་མཁས་དྲག་པས།།
མགོ་བོ་སྐོར་བའི་ཐབས་ཤེས་མ་རྙེད་པས་
ཆབ་སྲིད་མི་ཤེས་གྲྭ་སའི་གྲྭ་པ་དང་།།
སྤོ་པོ་རྨོ་མོ་མང་པོ་མགོ་སྐོར་ཏེ།།
བོད་མི་མང་གི་བདེ་སྐྱིད་ཀྱི་སྣང་བ་མཚོན་བྱེད་ཀྱི་ཉི་ཟེར་འབར་བ་ཕུད་པ་ནི་བློ་བཟང་སེང་གེའི་བཀའ་ཤག་གིས་བོད་འབངས་སྡུག་བསྔལ་གྱི་མུན་ནག་ཏུ་བཅུག་པ་མཚོན།ཆོས་སྲིད་ཟུང་འབྲེལ་མཚོན་པའི་སེང་གེ་ཕུད་པ་ནི་ཆོས་སྲིད་གང་ནས་ཀྱང་འདི་བྱས་གཏད་སོ་མེད་པ་མཚོན།འདི་དག་ནི་མ་འོངས་པའི་བློ་སེང་གི་བཀའ་ཤག་རེད།
10 ༢༨༢༠༡༠༢༡༤༩
མི་འོས་པའི་བློ་བཟང་སེང་གེའི་དྲིལ་བསྒྲགས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་གྱི་མཚོན་དོན་ལས། གངས་རིའི་རྩེ་ནས་ཉི་མ་ཤར་བའི་འོད་ཟེར་རྒྱ་ཁྱབ་ཏུ་འཕྲོ་བས་བོད་ལྗོངས་སྐྱེ་འགྲོ་ཡོངས་ཀྱིས་རང་དབང་ཆོས་འབྱོར་བདེ་སྐྱིད་ཀྱི་སྣང་བར་ཀུན་སྙོམས་སུ་ལོངས་སྤྱོད་པ་མཚོན་པ་བསུབ་སྟེ་དེའི་ཚབ་ཏུ་བློ་བཟང་སེང་གེའི་མགོ་སྦྱར་ཏེ་བཀའ་ཁྲིའི་དྲིལ་བསྒྲགས་བྱེད་པ་དང་། གངས་རིའི་ངོགས་སུ་མི་འཇིགས་གདོང་ལྔ་འབར་བའི་སེང་གེ་ཟུང་རྣམ་པར་འགྱིངས་པས་ཆོས་སྲིད་ཟུང་དུ་འབྲེལ་བའི་རྒྱལ་ཐབས་ལ་ཆབ་སྲིད་ཀྱི་འཕྲིན་ལས་ཀུན་ལས་རྣམ་པར་རྒྱལ་བ་མཚོན་པ་དེ་ཡང་དོན་མེད་རང་གར་དོར་བ་སོགས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་ལ་གུས་བརྩི་གཏན་ནས་མེད་པར་གང་བྱུང་བྲིས་བསུབ་དང་བེད་ལོག་ཏུ་བཏང་བ་མ་ཟད། ད་དུང་ངོམས་སོ་དང་བཅས་སྲང་ལམ་དུ་ཁྱབ་བསྒྲགས་བྱེད་པ་ནི་འབྲོང་བསད་པས་མ་ཚད་རྔ་མའི་དར་ལྕོག་གི་དཔེ་ལྟར་དུ་སོང་བ་དང་། ནོར་གླིང་དང་། སྨན་རྩིས་ཁང་། ས་རཱ་མཐོ་སློབ་བཅས་ནི་མ་འོངས་པའི་མི་སྣའི་འབྱུང་རྩ་དང་། ད་ལྟའི་མིག་རྒྱན་དུ་གྱུར་པའི་མཐོ་སློབ། མ་འོངས་པའི་རེ་བཅོལ་བྱེད་སའི་མི་རབས་སྐྱེད་སྲིང་བྱེད་ཡུལ་གྱི་སློབ་མ་རྣམས་ནས་ཀྱིས་ད་ལྟ་ནས་རྒྱལ་དར་ལ་བརྩིས་མེད་ཀྱིས་བེད་ལོག་ཏུ་གཏོང་བ་ནི་ཆེས་བློ་ཕམ་གྱི་གནས་སུ་གྱུར། འོ་ན་བློ་བཟང་སེང་གེ་བཀའ་བློན་དུ་འཁོད་ན་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་གྱི་ཉི་མའི་འོད་ཟེར་དང་། སེང་གེ་རྣམ་གཉིས་ཀྱི་མཚོན་དོན་རྣམས་མེད་པར་འགྱུར་རྒྱུ་ཡིན་ནམ།
འོག་ཏུ་བྱམས་ཆུབ་ཟེར་བ་དང་ཉི་མ་རྒྱལ་བསྟན་ཟེར་བའི་མི་འགས་ཤཱཀྱའི་དགེ་སློང་སྐུ་ཞབས་བག་དྲོ་ལགས་ལ། མཚན་སྨད་དང་ཟུར་ཟ་ཇི་སྙེད་ཅིག་བྱས་འདུག གྲྭ་བག་དྲོ་ནི་བོད་མི་རིགས་དང་རྒྱལ་ཁབ་ཆེད་རང་སྲོག་བློས་གཏོང་ཕོད་པའི་རབ་བྱུང་ཚད་དང་ལྡན་པ་ཞིག་ཡིན། འོན་ཀྱང་ཁོང་ཚོས་དེ་འདྲའི་སྐུ་འདེབས་བྱེད་པ་ནི་ཚད་ལས་བརྒལ་བའི་ནོར་འཁྲུལ་ཞིག་དང་། ཁོང་ཚོ་རང་ཉིད་ཁྱི་ལས་ལོད་ཅིང་ཝ་ལས་སྙིང་ཆུང་བ། བོང་བུ་ལས་ཐབས་སྐྱོ་བ་ཡིན་པ་རང་ཉིད་ཀྱིས་རང་ཉིད་གསལ་སྟོན་བྱས་འདུག ངས་འདི་ནས་དཀོན་མཆོག་གསུམ་དཔང་དུ་བཙུགས་ནས་བཤད་ཐུབ་པ་ཞིག་ནི་ཁོང་ཚོས་བོད་མི་རིགས་དང་རྒྱལ་ཁབ་ཆེད་གྲྭ་བག་དྲོས་བསྒྲུབས་པའི་ཕྱེད་ཀ་ཙམ་ཡང་བྱས་འདུག་ན། ངས་མགོ་བོ་དེ་ད་ལྟ་རང་ཕུལ་ཆོག དངོས་གནས་ཡིན། རྒྱུ་མཚན་གང་ཡང་མེད་པའི་སྐད་ཆ་དེ་ཚོ་བཞག་ན་ཡག་གི་རེད། ཁ་ཁ་རོགས་སྡོད། སྡུག་ཚོད་ཟིན་ལོ།
བྱང་ཆུབ་སྐལ་བཟང་འཛོམས་ནས་མཐོ་སློབ་གསུམ།
གནམ་ཀུན་གང་བྱས་གང་བཤད་མིན་པར་མཐོང།
རྗ་སའི་གསང་ལམ་ནང་དུ་སློབ་མ་རྒྱུགས།
སློབ་དགེ་གྲོང་གི་དབུས་སུ་བཀོད་སྒྲིགས་བྱོས།
དེ་ཡང་བཤད་དཀའ་བའི་གནད་ཞིག་ཡིན། ད་ཆ་ཁྱི་ལ་སེངྒེའི་མིང་འདོགས་པའི་གནས་སྟངས་ཡིན་པས་མཐོ་སློབ་དང་དམའ་རིམ་སློབ་གྲྭར་ཁྱད་མེད་པའི་གནས་སྐབས་ཡིན་པས། ལྐུགས་རྟགས་མིན་ནམ་སེམས།
6 ༢༨༢༠༡༠༡༦༥༡
ཧ་ཧ་ཧ་
བྱང་ཆུབ་ལགས་ཀྱི་སྐད་ཆ་ཚིག་གསུམ་དེ།།
རྫུན་པ་མ་རེད་བདེན་པ་ཡང་དག་རེད།།
མཐོ་སསློབ་གསུམ་གྱི་མིང་བྱང་རྫིག་པོའི་འོག།
རྒྱལ་ཁབ་ཅིག་གི་དར་ཆ་མར་ཕབ་སྟེ།།
རང་གི་འདོད་པའི་དར་ཆ་འཕྱར་བ་རེད།།
དགའ་ལྡན་གྲྭ་བག་གྲོ་ནི་ནམ་ཀུན་སྤྱི་ཚོགས་ཐོགས་ཀྱི་གྲྭ་པ་ཞེས་པའི་མཚན་མཐོན་ཅན་ཞིག་ཡིན་པས་དགོན་པའི་འགྲོ་ལུགས་ལས་ལྷག་པ་སྤྱི་ཚོགས་འགྲོ་ལུགས་མཁྱེན་སྤྱོད་ལྡན་པ་ཞིག་ཡིན་པས་བཀའ་བློན་ཕྱག་རོགས་འོས་པོ་འདུག་ཚོས་རིག་བཀའ་བློན་ལས་དཔལ་འབྱོར་བཀའ་བློན་བྱེད་ན་ཡག་པ་འདུག ལྷག་པར་དཔལ་འབྱོར་རག་ཐབས་མཁས་པ་ཡོད་མེད་ཀུན་དགའ་ཟ་ཁང་གི་སྦྱིན་བདག་ལ་དྲི་དང།
4 ༢༨༢༠༡༠༡༦༣༣
བློ་བཟང་སེང་གེ་བཀའ་བློན་ཁྲིར་འཁོད་ཚེ།།
ས་རཱ་མཐོ་སློབ་ནོར་གླེང་མཐོ་སློབ་དང་།།
སྨན་རྩིས་མཐོ་སློབ་རྣམས་ཀྱི་སློབ་སྤྱི་རེར།།
བཀའ་བློན་གཞན་གྱི་བཞུགས་ཁྲི་རེ་རེ་དང་།།
དགའ་ལྡན་བག་གྲོར་ཆོས་རིག་བཀའ་བློན་གྱི།།
བཞུགས་ཁྲི་འབོལ་པོ་དེ་ནི་ཕུལ་ངེས་རེད།།
3 ༢༥༢༠༡༠༡༨༤༦
ང་རང་གི་ཕ་ཡུལ་ནི་བལ་ཡུལ་དོལ་པོ་ནས་ཡིན། ཡིན་ནའང་ད་ལམ་ཆོས་རིག་ཅིག་པ་ཡིན་པའི་ཆ་ནས་ཚིག་ཁ་ཤས་ཞིག་ཞུ་འདོད་འདུག མཁས་དབང་བློ་བཟང་མཆོག་གིས་ཆོས་ལུགས་རིས་མེད་སོགས་ཁོང་གི་བསམ་ཚུལ་ཡག་པོ་དེ་འདྲ་འདུག བྱས་ཙང་ད་ལམ་འོས་འདེམས་བྱུང་པ་ཡིན་ལེགས་པོ་འདུག བཀྲ་ཤིས་བདེ་ལེགས།།
རྒན་བག་གྲོ་ལགས་ཀྱིས་བསམ་དོན་འགྲུབ་པའི་རེ་སྨོན་ཞུ་་་་་་ཡིན་ནབློ་བཟང་སེང་གེ་གང་དྲག་་་་་་་་་རྒྱ་རི་ཨ་མས་དང་་་་བཀྲས་མཐོང་སྤོ་སྤོ་གཉིས་ཀྱིས་་་ག་ས་ག་ལ་དངུལ་མང་པོ་ཞིག་་་་ཨོ་མང་དྲག་ན་ང་་ལ་ངན་ཁ་་ཡོད་
1 ༢༢༢༠༡༠༡༠༤༦
ཆབ་སྲིད་རྩོན་ཟུར་གྲགས་ཅན་་་་དགའ་ལྡན་གྲཱ་བག་གྲོ་ལགས་ཀྱིས་ཕྱོགས་རེས་དང་ཐེན་ཁྱེར་དོར་ནས་ བོད་སྤྱོ་པའི་རྩ་དོན་ལ་ཐུགས་ཁུར་ཆེ་ནས་་་་མ་འོང་བཀའ་ཁྲི་འོས་ཤུས་སློབ་དཔོན་ཆེན་པོ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་རྒྱབ་སྐྱོར་གནང་བ་་་་གུས་མངའ་རིའི་ད་ལང་གཞོན་ནུ་འགའ་ནས་་་་་་་སྙིང་ཁོག་རུས་པའི་སྟིང་ནས་ཐུགས་རྗེ་ཆེ་ཞུ་



བརྗོད་གཞི་གཞན་ཁག་ལ་གཟིགས།