གྲ་སྒྲིག་ཆེད་དུ་ཕེབས་སོང་།

ཤམ་བྷ་ལའི་ཕོ་ཉ། ༢༠༡༠ལོའི་ཟླ་༠༩ཚེས་༡༥ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་རྒྱལ་དབང་ཐམས་ཅས་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་རིང་མིན་ཕྱི་༡༠ནང་བྱང་ཨ་རིའི་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོན་དུ་ཆིབས་སྒྱུར་གནང་གཏན་ཁེལ་ཡོད་པ་ལྟར་གོ་སྒྲིག་ཆེད་བཞུགས་སྒར་དུ་རྟེན་གཞི་བྱས་ཡོད་པའི་རྣམ་རྒྱལ་གྲ་ཚང་གི་དགེ་འདུན་པ་གཉིས་ཟླ་འདིའི་ཚེས་༡༣ཉིན་ཁུལ་དེར་ཕེབས་འབྱོར་གནང་ཡོད་འདུག

དེ་ཡང་འདི་གར་གསར་ཁང་དུ་གནས་ཚུལ་བཏང་འབྱོར་བྱུང་བར་གཞིགས་ན། རྣམ་གྲ་བློ་བཟང་བསྟན་དར་དང་བསྟན་འཛིན་དཀོན་མཆོག་གཉིས་ནས་ཁུལ་དེར་ཡོད་པའི་བོད་མི་དང་ཡུལ་མི་དད་ལྡན་དངས་བླངས་པ་༡༥ནས་༢༠ཙམ་ནས་ཁུལ་དེར་གསར་འཛུགས་ཞུས་ཡོད་པའི་ཁེ་ཎ་ད་བོད་ཀྱི་རིག་གཞུང་ལྟེ་གནས་སུ་བཀའ་ཆོས་ལ་གོ་སྒྲིག་འཐུས་ཚང་ཡོང་ཐབས་གནང་རྒྱུ་དང་དེ་བཞིན་གསེར་ཟངས་ལས་གྲུབ་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་འདྲ། གུ་རུ་རིན་པོ་ཆེ་དང་སྤྱན་རས་གཟིགས། སྒྲོལ་དདཀར་ཡིད་བཞིན་འཁོར་ལོ་སོགས་ཀྱི་སྐུ་འདྲ་གསར་བཞེངས་ཞུས་པ་ཁག་ལ་གཟུངས་ཞུགས་འབུལ་རྒྱུས་མཚོན་དེ་མིན་གྱི་གྲ་སྒྲིག་བཅས་ཀྱི་ཆེད་དུ་ཕེབས་ཡོད་པ་རེད་འདུག

མགོན་པོ་གང་ཉིད་ནས་ཟླ་༡༠ཚེས་༢༣ཉིན་ཁེ་ཎ་ད་བོད་ཀྱི་རིག་གཞུང་ལྟེ་གནས་དངོས་སུ་དབུ་འབྱེད་བཀའ་དྲིན་གནང་གཏན་ཁེལ་ཡོད་ལུགས་སོགས་གནས་ཚུལ་མདོར་བསྡུས་སུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
4 ༢༧༢༠༡༠༡༧༢༥
ཡེ་ཤེས་ཆོས་བཟང་།
བསམ་གཏན་ལགས་དང་བདེན་པའི་ཕོ་ཉ་ལགས།
གསར་འགྱུར་འདི་ནི་ཁེ་ན་ཌའི་ནང་དུ་གསུང་ཆོས་གོ་སྒྲིག་ཚོགས་པས་ཐད་ཀར་འདི་གར་གསར་ཁང་དུ་བཏང་བའི་གནང་བའི་གནས་ཚུལ་ཞིག་ཡིན། གལ་ཏེ་དེའི་སྐོར་ཞིབ་རྒྱས་ཤེས་འདོད་ཡོད་ན་གཤམ་གསལ་ཁ་བྱང་ཐོག་འབྲེལ་བ་གནང་ན་འཐུས། འོན་ཀྱང་ལོག་པར་བེད་སྤྱོད་མ་གཏོང་རོགས། ཕྱིས་སུ་དོན་མེད་དང་རྒྱུ་མཚན་དྲངས་ནས་གནས་ཚུལ་གསལ་རྟོགས་དགོས་པའི་དགོངས་ཚུལ་མིན་ན་འདི་ག་ནས་གསལ་བཤད་ཞུ་རྒྱུ་མིན་པས་དེ་ལུགས་དགོངས་མངའ་ཡོད་པ་མཁྱེན།།
Media Department
Woeser Jongdong and Namgyal Nangsetsang
His Holiness the Dalai Lama Toronto Visit 2010
Tel: +416 410 5606
This e-mail address is being protected from spambots, you need JavaScript enabled to view it
www.dalailamatoronto2010.org
གོང་གསལ་བསམ་གཏན་ལེགས་བཤད་ལགས་ནས་གསུངས་པ་བཞིན་dalailamtoronto2010ཞེས་པའི་དྲ་བྱང་ཐོག་ཏུ་རྣམ་རྒྱལ་གྲྭ་ཚང་དང་འབྲེལ་བ་གང་ཡང་མེད་ཀྱང་འབྲེལ་བ་ཡོད་ཁུལ་གྱིས་རྫུན་གཏམ་མང་དག་ཅིག་བཤད་འདུག་པ་ནི་ཧ་ཅང་ནག་ཉེས་ཆེ་བ་ཞིག་ཡིན་ནའང་ད་དུང་ངན་འབྲེལ་བྱེད་ཀྱི་འདུག་།
གོང་གསལ་བརྟན་བཞུགས་གྲ་སྒྲིག་ཚོགས་ཆུང་དང་ཕྱི་རྒྱལ་འཁྱམ་ཉུལ་བྱེད་མཁན་གྲྭ་པ་རྣམ་རྒྱལ་གྲྭ་ཚང་ལ་ཕན་མི་ཐོགས་མཁན་འགའ་ཞིག་དང་ཁ་རུལ་ནས་རྣམ་རྒྱལ་གྲྭ་ཚང་གི་མཚན་བེད་སྤྱོད་བྱས་པ་ནི་༸གོང་ས་སྐྱབས་མགོན་ཆེན་པོ་དང་རྣམ་རྒྱལ་གྲྭ་ཚང་ལ་དབུ་སྐོར་བཏང་པ་རང་ཡིན་པས་དེ་དོན་ཤམ་བྷ་ལའི་ཕོ་ཉས་གོ་སྒྲིག་ཚོགས་ཆུང་དང་འབྲེལ་བ་བྱས་ནས་གསལ་པོ་བཟོ་རོགས་གོང་གསལ་གྲྭ་པ་དེ་ཚོ་ནི་ཕྱི་རྒྱལ་གང་སར་གྲྭ་ཚང་གི་མིང་ཁྱེར་ཏེ་འཁྱམ་རྒྱུགས་བྱེད་མཁན་ཤ་སྟག་རེད་གྲྭ་ཚང་ལ་འབྲེལ་བ་གང་ཡང་མེད་གནས་ཚུལ་འདི་ཚོ་གསལ་བཤད་མ་བྱས་ན་རྗེས་སུ་༸གོང་ས་མཆོག་ཆིབས་བསྒྱུར་གནང་སྐབས་ཁག་པོ་ཆགས་ཡོང་ངོ་དེ་དོན་དགོངས་འཇགས་ཞུ་།
1 ༢༤༢༠༡༠༡༥༣༦
གོང་གསལ་རྣམ་རྒྱལ་གྲྭ་ཚང་གི་སྐུ་ཞབས་གཉིས་མ་ཡིན་པའི་སྐུ་ཞབས་གཞན་ཕེབས་མིན་ཁྲེད་ཅག་གིས་ཤེས་ཀྱི་ཡོད་ན་ལན་ཞིག་གནང་རོགས།



བརྗོད་གཞི་གཞན་ཁག་ལ་གཟིགས།