ཊར་ཀེ་དང་ཡོ་རོབ་མཉམ་འབྲེལ།

སྤྱིར་གོ་ལ་གཅིག་གྱུར་གྱི་རྣམ་པ་ཇེ་གསལ་དུ་འགྲོ་བཞིན་པའི་སྐབས་དང་ལྷག་པར་དུ་ཨེ་ཤི་ཡ་དང་ཡོ་རོབ་དབར་དུ་གནས་པའི་ཡུལ་གྲུ་ཊར་ཀེ་དེ་ཡང་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་སུ་འཛུལ་ཞུགས་བྱེད་མིན་ཐད་ཀྱི་གནད་དོན་ལོ་ངོ་བཅུ་ཕྲག་རིང་དུ་ལྷགས་པའི་གནད་དོན་ཞིག་ངོས་འཛིན་བྱེད་བཞིན་ཡོད་པའི་དཀའ་ངལ་དེ་ཅུང་སྟབས་བདེ་རུ་ཕྱིན་ཡོ་འདུག

དེ་ཡང་ཊར་ཀེ་ཡུལ་ནི་ཁ་ཆེའི་ཆོས་ལུགས་རྒྱ་ཁྱབ་ཇི་ཙམ་ཆེ་མིན་ལ་མ་ལྟོས་པར་ཁ་ཆེ་ཡུལ་གྲུ་ཆེ་ཤོས་ཤིག་དང་དཀྱིལ་ཤར་ཡུལ་གྲུ་ཁག་གིས་མཚོན་ཁ་ཆེ་ཡུལ་གྲུ་གཞན་ལས་ཆབ་སྲིད་དཔལ་ཡོན་ཐད་དུས་འགྱུར་དང་འཕོ་འགྱུར་མགྱོགས་ཤོས་དང་ཆེ་ཤོས་བརྩི་བའི་རྒྱལ་ཁབ་ཅིག་ཡིན་པ་རེད། འོན་ཀྱང་གནད་དོན་མང་པོ་ཞིག་གི་ཐོག་ནས་ཡུལ་གྲུ་དེས་ཡོ་རོབ་མཉམ་འབྲེལ་དུ་འཛུགས་ཞུགས་བྱེད་དགོས་མིན་དང་དེ་བཞིན་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱོ་ངོས་ནས་ཀྱང་ཡུལ་གྲུ་དེར་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཁོངས་ཀྱི་ཚོགས་མིའི་རྒྱལ་ཁབ་གཅིག་གི་ཆ་རྐྱེན་ཚང་མིན་སོགས་ཀྱི་གནས་སྟངས་འོག་ད་བར་འཛུལ་ཞུགས་མ་ཐུབ་པར་མུ་མཐུད་ལུས་ཡོད་པར་བརྟེན་ཟླ་འདིའི་ཚེས་༡༢ཉིན་དེ་སྔོན་༡༩༨༠ཡས་མས་སུ་ཡུལ་དེའི་དམག་དཔུང་གི་འགོ་འཁྲིད་པའི་གཞུང་འཛིན་སྐབས་སུ་གཏན་འབེབས་གནང་བའི་བཅའ་ཁྲིམས་ལ་བསྐྱར་བཅོས་དགོས་པའི་འོས་བསྡུ་ལ་རྒྱལ་ཁ་ཐོབ་ཡོད་པ་དང༌། དེ་ཡང་ཡུལ་དེའི་ཨེ་སི་ལམ་སྟེ་ཁ་ཆེ་ཆོས་ལུགས་ཚོགས་པའི་རིས་མེད་རིང་ལུགས་ཀྱི་ལངས་ཕྱོགས་ལ་རྒྱལ་ཡོངས་སུ་བརྒྱ་༥༨ལྷག་གིས་རྒྱལ་ཁ་ཐོབ་ཡོད་པ་དེས་ཡུལ་གྲུ་དེོ་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་སུ་འཛུལ་ཞུགས་བྱེད་རྒྱུར་གོམ་པ་མདུན་སྤོས་བྱས་པ་ལྟ་བུ་ཆགས་ཡོད་འདུག

ཤམ་བྷ་ལའི་ཕོ་ཉ། ༢༠༡༠ལོའི་ཟླ་༠༩ཚེས་༡༣ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།