ཉམས་ཞིབ་པར་ཞལ་འདེབས།

ཤམ་བྷ་ལའི་ཕོ་ཉ། ༢༠༡༠ལོའི་ཟླ་༠༩ཚེས་༡༠ཉིན། གསར་ལམ་ཁག་ནས་གནས་ཚུལ་ཐོན་གསལ་གཞིགས་ན། བོད་ཀྱི་ཆོས་སྲིད་གཉིས་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་མཆོག་གིས་མགོན་པོ་གང་ཉིད་ཀྱི་སྐུ་སྒེར་ཐེབས་རྩ་ནས་ཨ་སྒོར་༥༠༠༠༠ཞལ་འདེབས་ཤིག་ཚན་རིག་གི་ཐོག་ནས་མིའི་ཀླད་པ་ཉམས་ཞིབ་ཆེད་གནང་ཡོད་འདུག

དེ་ཡང་མགོན་པོ་གང་ཉིད་ནས་ཨ་རིའི་མེ་ཌི་སོན་ཁུལ་དུ་རྟེན་གཞི་བྱས་ཡོད་པའི་བྱམས་བརྩེས་ཚན་རིག་ཉམས་ཞིབ་ཁང་ཞིག་ལ་ཞལ་འདེབས་དེ་གནང་ཡོ་དལུགས་སྤེལ་ཡོད་པ་དང་ཉམས་ཞིབ་ཁང་དེས་སྤྱིར་མིའི་བསམ་བློ་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐབས་སུ་མིའི་ཀླད་པའི་ཐོག་ཉམས་ཞིབ་ཇི་ལྟར་གནང་ཕྱོགས་ཐད་རྟོག་ཞིབ་བྱེད་འགོ་བཙུགས་ཡོད་པ་དང༌། ཞལ་འདེབས་ཀྱི་ཐག་གཅོད་དེ་ཡང་མགོན་པོ་གང་ཉིད་འདི་ལོའི་ཟླ་༥ནང་ཁུལ་དེར་ཆིབས་བསྒྱུར་བསྐྱངས་པའི་རྗེས་སུ་བྱུང་བ་ཞིག་ཡིན་པ་རེད། ལྷག་པར་དུ་ཞལ་འདེབས་ཀྱི་གསོལ་རས་དེ་ནི་བསམ་ཡུལ་ལས་འདས་པ་རེད་ལ། ད་དུང་ང་ཚོ་ཉམས་ཞིབ་པ་ཚོར་ཧ་ཅང་གི་བགོ་སྐལ་བཟང་པོ་ཞིག་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་གནང་བ་རེད་ཅེས་ཉམས་ཞིབ་ཁང་དེའི་འགན་འཛིན་སྐུ་ཞབས་རི་ཆར་ཌི་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༡༢༠༡༠༡༣༢༦
དཔེ་ཡག་པོ་འདུག་བླ་མ་ལགས་དེ་རང་རེད།བརྗོད་གཞི་གཞན་ཁག་ལ་གཟིགས།