ཆོས་ལུགས་ཀྱི་སྤྱི་མཐུས།

དེང་སང་མི་ངན་ཁ་ཤས་གི་ཆོས་ལུག་གི་སྤྱི་མཐུས་མི་དགོས་ཞེས་ལྷ་མེད་རྒྱ་མི་གུང་ཁྲང་གི་རྗེས་སུ་འབྲང་ནས་རང་དོན་གཉེར་བཞིན་པ་དེ་ཚང་མས་ཤེས་གསལ་རེད། ང་རང་བལྟས་ན་བོད་མི་ཡོངས་ལ་འདི་དང་ཕྱི་མ་གང་ལ་ནང་ཆོས་ལས་ལྷག་པའི་ཆོས་རིག་གང་ཡང་མ་མཐོང་། དེ་བས་ན་བོད་མི་ཡོད་དོ་ཅོག་ལ་ཆོས་དད་ཡོད་པས་ཆོལ་ཁ་གསུམ་ནང་བཞིན་ཆོས་ལུག་ས་དགེ་དཀར་རྙིང་བཞི་བོན་དང་བཅས་ལ་མཐུས་མི་བཅུ་རེ་ངེས་པར་དུ་་དགོས་འདུག ཁྱོད་རང་ལ་མིག་ཡོད་ན་བལྟོས་དང་བོད་ནང་དང་ཕྱི་རྒྱལ་ཁག་གང་ནས་བོད་དོནལས་འགུལ་སྤེལ་ཡོང་ན་གཙོ་བོ་དེ་གྲ་བཙུན་ཁག་རེད་དེ་བས་ན་རྒྱ་མི་གི་དགྲ་བོ་དེ་ཡང་གྲ་བཙུན་ཁག་རེད། དེང་སང་བོད་གཞུང་གི་གྲོས་ཚོགས་ནང་ནས་མི་ངན་ཁ་ཤས་གྱི་ཆོས་ལུག་གི་སྤྱི་མཐུས་མི་དགོས་ཞེས་བཤད་བཞིན་འདུག ཁྱེད་ཚོ་ལ་དེ་འདྲ་བཤད་གླ་ལ་རྒྱ་གོང་ཁྲང་ལག་ནས་རྒྱ་མིས་སྒོར་མོ་ག་ཚོད་རག་སོང་ཡང་ན་བྱས་རྗེས་ལ་བརྩིས་ནས་ཞུག་མ་རྒྱ་མིས་ལས་བྱེད་བྱེད་ཆར་མེད་འགྲོ་ཡང་ན་གླང་དར་མ་ནང་བཞིན་སྨོན་ལོག་ཁ་ཤས་སླེབས་མེད་འགྲོ་དཀོན་མཆོག་མཁྱེན།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ཐོག་སྙན་ཐོ།"



བརྗོད་གཞི་གཞན་ཁག་ལ་གཟིགས།