ལ་དགས་སུ་ཆུ་ལོག་རྒྱུག་འདུག

ཟླ་འདིའི་ཚེས་༦ཉིན་ལ་དྭགས་ཁུལ་དུ་ཆུ་ལོག་རྒྱུགས་ཏེ་བོད་མི་གསུམ་ཐེ་བའི་ཁྱོན་མི་གྲངས་༡༡༣འཆི་སྐྱོན་དང༌མི་གྲངས་༥༠༠ཙམ་ག་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག མ་ཚད་ཁུལ་དེར་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་ཁག་ཅིག་ལའང་གནོད་འཚེ་ཐེབས་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག

ཐེངས་འདིར་གནོད་འཚེ་ཕོག་ཡུལ་དུ་རྒྱ་གར་གཞུང་གིས་མྱུར་སྐྱོབ་བྱེད་མཁན་དམག་མི་སྟོང་ཕྲག་༦ཙམ་མངག་གཏོང་བྱས་ཡོད་འདུག་ལ། དེ་བཞིན་ལ་དྭགས་ཀྱི་རྒྱལ་ས་སླེ་ཁུལ་དུ་ཡོད་པའི་གནམ་ཐང་ཞིག་ཀྱང་སྒོ་ཕྱེས་ནས། རོགས་སྐྱོར་མི་སྣ་དང་གནོད་ཐེབས་མི་མང་རྣམས་ཕར་ཚུར་དབོར་འདྲེན་བྱེད་བཞིན་ཡོད་འདུག

གཞན་ཡང་ལ་དྭགས་ཀྱི་ཆང་ལ་ཞེས་པའི་ས་ཆ་དེའི་བརྒྱུད་ཀྱི་རླངས་འཁོར་གཞུང་ལམ་ཞིག་ཀྱང་ཆུང་ལོག་གིས་རྩ་ནས་དེད་ཡོད་འདུག་པ་དང༌། དེ་སྔོན་མ་ཎ་ལི་ནས་ལ་དྭགས་བརྒྱུད་སའི་ལམ་ཁ་དེར་ས་ཉིལ་གྱིས་གནོད་སྐྱོན་ཐེབས་ཡོད་འདུག་པས། ཉིན་འགའི་ནང་ཚུད་དུ་ཞིབ་གསོ་ཐོག་ཆུ་ལོག་གི་གནོད་འཚེ་ཐེབས་པའི་མི་སེར་ཚོར་སྐྱོབ་གསོ་བཟའ་བཅའ་དང་གྱོན་ཆས་སོགས་དབོར་འདྲེན་བྱ་འཆར་ཡོད་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༨ཚེས་༧ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།