བཀའ་ཁྲི་སྐབས་གསུམ་པར་འོས་པ། སྐུ་ངོ་ཀརྨ་ཆོས་འཕེལ་ལགས་ལས་གཞན་མི་འདུག་བསམ།

དབུས་གཙང་དང་མངའ་རིས་གཉིས་སུ་ཡིན་ནའང་། དངོས་གནས་སྤྱི་མིའི་འདེམས་ཤེས་འདུག དཔེ་ཡག་པོ་འདམས་འདུག་ལ། དེའི་ནང་ནས་དབུས་མངའ་གཙང་གསུམ་གྱི་ད་ཡོད་སྤྱི་འཐུས་སྐུ་ངོ་ཀརྨ་ཆོས་འཕེལ་མཆོག་ནི་དངོས་ནས་སྤྱིའི་ཐུགས་འགན་བཞེས་སྟང་དང་ཤེས་ཡོན་གཞུང་དྲང་ལྷ་བསམ་སོགས་གང་ཐད་ལ་བབལྟས་ན། བཀའ་བློན་ཁྲི་པར་འདེམས་འོས་པ་ཞིག་རེད་ཏེ། ཆོས་ཁ་སུས་ཀྱང་ཁོང་གི་མཚན་དེ་བཀའ་ཁྲིའི་འོས་བསྡུའི་ནང་བཀོད་མི་འདུག་པས་བློ་ཕམ་ཆེན་པོ་བྱུང་། ད་དུང་དེའི་ནང་ནས་མངའ་རིས་པ་དང་། ་མདོ་བསྟོད་ཆུ་སྒང་གིས་ཁོང་གི་མཚན་དེ་བཀའ་ཁྲིའི་འོས་ཁོངས་སུ་བཞག་ཐག་གཅོད་བསམ་ཡོད།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "འོས་མིར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་ཟེར།"



བརྗོད་གཞི་གཞན་ཁག་ལ་གཟིགས།