ཡ་མཚན་དངོས་བྱུང་།

ཧ་ཧ་། དུས་རབས་ཉེར་གཅིག་པ་འདི་ལ་ཡ་མཚན་དངོས་བྱུང་གི་ལྟད་མོ་མང་པོ་མཐོང་རྒྱུ་འདུག སྔོན་གྱི་གཏམ་དཔེ་ལ། མི་ཚེ་རིང་ན་ལྷའི་རོ་མཐོང་ཟེར་བ་དེ་དངོས་བདེན་རེད། ཆོས་ལ་དུག་ལྟར་འཛིན་པའི་དངོས་གཙོ་རིང་ལུགས་པ་གུང་ཁྲན་སྲིད་གཞུང་གིས་བླ་མའི་ཡང་སྲིད་ངོས་འཛིན་བྱེད་པ་དེ་ནི་ཡ་མཚན་དངོས་བྱུང་ཞིག་སྟེ། གཟུར་གནས་དཔྱོད་ལྡན་པ་དག་གིས་མཐོང་ན་ནི་དགོད་བྲོ་བའི་གནས་ལས་མ་འདས། ཡང་ཉིན་ཞིག་གུང་ཁྲན་སྲིད་གཞུང་གིས་རྒྱ་ཕྲུག་ཅིག་མའོ་ཀྲུའུ་ཞིའི་ཡང་སྲིད་དུ་ཀྲུང་དབྱངས་ནང་བསྟན་ཡང་སྲིད་བཙལ་འཚོལ་ཚོགས་ཆུང་ཟེར་བ་དེས་ངོས་འཛིན་བྱེད་ངེས་ཏེ་གུང་ཁྲན་སྲིད་གཞུང་ནི་ངོ་ཚ་ཡིས་ཕོངས་པས་སོ། །
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "རྒྱ་གཞུང་གིས་སྡེ་དྲུག་སྐུལ་སྐུ་ངོས་འཛིན་བྱས་པ།"བརྗོད་གཞི་གཞན་ཁག་ལ་གཟིགས།