གུང་ཁྲན་སྲིད་གཞུང་གི་རང་གཤིས་སྐོར།

རྒྱ་གུང་ཁྲན་སྲིད་གཞུང་གིས་བོད་དུ་གྲལ་རིམ་དབྱེ་འབྱེད་ཀྱིས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་མེད་པར་བཟོས། སྔར་བཅིངས་ཀྱི་ཐག་པ་བཀྲོལ་ཏེ་ལྕགས་སྒྲོག་གིས་གསར་དུ་བཅིངས་པ་དང་། རང་དབང་ནས་གཞན་དབང་དང་། འབྲོག་པ་ནས་ཞིང་པར་བསྒྱུར། ཞིང་པ་ནས་ས་འོག་བཅུག འོ་ད་དུང་ཞིང་བྲན་ཁྲི་ཚོ་༢༨༠ཐམ་པ་དེ་རང་དབང་ནས་གཞན་དབང་དང་། གཞན་དབང་ནས་ཁྲིམས་མུན་གྱི་སྒོ་ཆེན་ཡངས་པོར་ཕྱེས་ཏེ་ཡོད་ཚད་བཙོན་དུ་བཅུག ད་དུང་ཡང་བྱེད་པའི་དྱེད་རབས་སོགས། སྟོབས་ཆེན་རྒྱལ་ཁབ་ཁོང་ལྟ་བུ་ལ་ངོ་ཚ་མེད་ན་གཞན་གླེང་དགོས་དོན་ཅིས། མ་གཞི་ནི་མི་ལ་ངོ་ཚ་མེད་ན་གང་བཤད་རེད། ད་དུང་༧རྒྱལ་དབང་རིན་པོ་ཆེས་བོད་མི་དམངས་ཀྱི་ཚབ་མཚོན་བྱེད་མི་ཐུབ་ཟེར། ཚབ་མཚོན་བྱེད་ཐུབ་མི་ཐུབ་ནི་བོད་རྒྱ་ཆེན་མི་དམངས་ཀྱིས་ཐག་བཅད་པ་ལས་གཞན་སུ་ལ་ཡང་དབང་ཚད་མེད་པས་སོ། །


བརྗོད་གཞི་གཞན་ཁག་ལ་གཟིགས།