གསར་འགྱུར་གསར་པ།:

ཤམ་བྷ་ལ་ཕོ་ཉའི་པར་མཛོད།

ཤམ་བྷ་ལ་ཕོ་ཉ་ངོས་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང༌། བཙན་བྱོལ་བོདགཞུང་མང༌། དེབཞིན་བོད་ཀྱི་ཆོས་དང་རིག་གཞུང༌། གཞུང་ཞབས་སྲི་ཞུའི་ལས་བྱེད་དང་མི་མང༌། གང་ཟག་སྒེར། ད་དུང་སྤྱི་ཚོགས་ཀྱི་འཚོ་བའི་རྣམ་པ་དང་གོམས་སྲོལ། གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་ངོ་བོ་དང་གནས་སྟངས་བཅས་མཚོན་བྱེད་ཀྱི་པར་རིས་གསར་ཤོས་གྲགས་འདེམས་རྣམས་དྲ་རྒྱའི་སྟེང་འདོན་སྤེལ་ཞུ་བཞིན་ཡོད་ལ། ཐུགས་འདོད་ཡོད་རིགས་ནས་ང་ཚོ་དང་འབྲེལ་བཏུགས་གནང་ན། ང་ཚོས་རིན་མེད་ཐོག་ཁྱེད་རྣམ་པ་ཚོར་པར་རིས་མཁོ་སྤྲོད་སྤྱན་འབུལ་ཞུ་ཆོག་ཀྱང༌། སྒེར་གཅིག་པུའི་ཆེད་མིན་པར་གནད་དོན་གཞན་གྱི་ཐོག་ནས་བེད་སྤྱོད་བཏང་ན་པར་དབང་"ཤམ་བྷ་ལ་ཕོ་ཉ་"ཞེས་ངེས་པར་དུ་འགོད་དགོས། དེ་ཡང་སྐུ་ཉིད་ལ་པར་རིས་རྒྱུ་ཆ་དང་ཞིང་རྒྱ་ཆེ་བ་སྤུས་དག་འདོད་ཚེ་མཁོ་སྤྲོད་ཞུ་ཆོག སྐུ་ཉིད་ཀྱི་མཐུན་འགྱུར་རོགས་འདེགས་དང་ཞལ་འདེབས་ལ་ང་ཚོས་ནམ་ཡང་བསྔགས་བརྗོད་དང་དགའ་བསུ་ཞུ་རྒྱུ་ཡིན། པར་དབང་མ་འཁོད་པར་ཤམ་བྷ་ལ་ཕོ་ཉའི་པར་རིས་རྣམས་ཁྲིམས་འགལ་གྱིས་རྐུ་འཁྱེར་མི་ཆོག་པ་བཅས་དགོངས་འཇགས་ཞུ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (32)
ཅ་ཅོ།
32 ༢༠༢༠༡༢༡༥༠༧
སྤྲུལ་འཆི་མེད་ཚེ་དབང་དོལ་པོ་གནམ་གུང་པ།
པར་འདི་ལེགས་པོ་ཞེ་དྲག་འདུག། ད་དུང་འདི་འདྲ་གང་མང་ཞིག། ངེད་ཅག་མིག་སྔར་སྟོན་རོགས་གནང་།། །དེ་མིན་བཤད་རྒྱུ་གང་ཡང་མེད། །
བསམ་ཚུལ།
31 ༠༢༢༠༡༡༢༢༠༡
ལྷག་དཀར་ནས།
པར་རེ་རེ་བཞིན་འགྲེལ་བཤད་རེ་དགོས་གལ་མཐོང་།
དྲ་ངོ་ན་བོད་དོན་མེར་མཆོད་ཀྱི་གནས་ཚུལ་མེད་ནོ་ངོ་མ་སྐྱོ་བ་ལ།
30 ༠༥༢༠༡༡༠༡༢༡
མི་ནག་ཚང་།
ངོ་མ་ཨ་ཐང་ཆད་སོང་ཉོབས་སོང་ཤི་ན་དགའ་ས་རེད།
རེ་བ་ནི ཤ་ཚ་པའི་གཏམ་ལ་སྙན་མོ་མེད།
29 ༡༡༢༠༡༡༡༥༣༣
ཤམ་བྷ་ལའི་པར་བདག་རྣམ་པ་བདག་གི་རེ་བ་ནི་བོད་རྒྱུད་ནང་བསྟན་ལ་མཐོང་ཆུང་དང་སངས་རྒྱས་བསྟན་པ་ལ་ཞབས་འདྲེན་བྱེད་མཁན། གང་ཟག་འགའ་ཞིག་གིས་དགེ་ཚུལ་སློང་གི་སྡོམ་པ་རྒྱུད་ནས་ཤོར་ཚར་ཡངས་ད་ལྟ་སངས་རྒྱས་ཀྱི་ན་བཟའ་གྱོན་ནས་ཁྲིར་སྡོད་མཁན་ཚོའི་སྐུ་པར་པར་མཛོད་ཏུ་བཅུག་ནས་ཐམས་ཅད་ལ་ཤེས་སུ་འཇིག་རྒྱུའི་རེ་བ་ཡོད།
ཟམ་གདོང་རིན་པོ་ཆེ།
28 ༡༤༢༠༡༡༡༨༣༨
ལུགས་གཉིས་མཁྱེན་པའི་བདག་པོ་་མཁས་དབང་ཟམ་གདོང་རིན་པོ་ཆེའི་སྐུ་པར་ཡག་པོ་ཞིག་འཇོག་རོགས་ཐུགས་རྗེ་གཟིགས།།
བསམ་ཚུལ།
27 ༡༡༢༠༡༡༢༣༡༦
ཤམ་བྷ་ལའི་ཕོ་ཉའི་དྲ་བདག་རྣམས་ལ་པར་འདི་ལྟ་བུའི་མང་པོ་ཞིག་བསྒྲིགས་གནང་བ་ལ་ཐུགས་རྗེ་ཆེ་ཞུ།
ཡིན་ཡང་བདག་གིས་བསམ་འཆར་ཞིག་ཞུ་རྒྱུ་ལ་༧ གོང་ས་མཆོག་གི་གཙོས་པའི་རང་རེའི་སྤྱི་ཚོགས་ཁྲོད་ཡོངས་གྲགས་ཀྱི་བླ་མ་དང་དགེ་བའི་བཤེས་གཉེན་རྣམ་པའི་སྐུ་པར་དང་། རབ་བྱུང་བ་རྣམས་ཀྱི་སྐུ་པར་དང་བཅས་ལོགས་སུ་དང་། ཁྱིམ་པ་བ་རྣམས་ཀྱི་པར་རྣམས་ལོགས་སུ་འཇོག་ཐུབ་ན་ཡག་པོ་མཐོང་སོང་།
རང་རེའི་བོད་འདི་ཆོས་ལྡན་གྱི་རྒྱལ་ཁབ་ཞིག་ཡིན་དུས་ཆོས་ཕྱོགས་ཀྱི་འགྲོ་ཚུལ་རེ་ཡོད་ན་ཡག་པོ་ཡོད་རྒྱུ་རེད་བསམ་བྱུང་ལགས།
ངས་བསམ་ཚུལ་དེ་ཁྱོད་རྣམ་པའི་དགོངས་པར་མ་སོང་ན་དགོངས་འགལ་མེད་པར་ཞུ།
སེམས་ཚབ།
26 ༣༠༢༠༡༡༠༠༢༢
ཤམ་བྷ་ལའི་དྲག་བདག་ལགས་ཉིན་ཤས་རིང་ཟིན་བྲིས་ཀྱི་དྲག་སྒོ་ཕྱེ་མི་ཐུབ་པ་ཅི་ལགས།
གངས་ལྗོངས་ལ་འཕུལ་བའི་སེམས་འཁྲེལ་དམར་པོ།
25 ༣༠༢༠༡༡༠༠༡༥
འགྲོ་ཡ་རིགས་མཐུན་གྱི་སྤུན་ཟླ་ཤེས་རིག་་གི་ནའཕང་གཅོད་དེ་མངོན་མཐོའི་གྲལ་དུ་འགྲོ་ཡ་།། འགྲོ་ཡརིགས་མཐུན་གྱི་སྤུན་ཟླ་མཛའ་མཐུན་གྱི་དཔུང་པ་དསྒྱིགས་སྟེ་རང་ཡུལ་གྱི་བདན་མཁའ་བསུ་འགྲོ་།། འགྲོ་ཡ་རིགས་མཐུན་གྱི་སྤུན་ཟླ་ཕྱོགས་རིས་དང་དང་འཐེན་འཁྱེར་སྤངས་སྟེ་གཅིག་བསྒྲིལ་གྱི་ནུས་པ་བསྟོན་འགྲོ་།། འགྲོ་ཡ་རིགས་མཐུན་གྱི་སྤུན་ཟླ་མུན་ནགས་ཀྱི་གངས་ལྗོངས་ཕྲོད་ན་ཤེས་རིགས་ཀྱི་ས་སྒྲོན་མེ་སྤར་འགྲོ།།
བསྔག་བརྗོད།།
24 ༢༥༢༠༡༡༡༦༠༧
པར་མཛོད་ཀྱི་ཁང་བཟང་འདི་ནས།།
མཛེས་སྡུགས་ཀྱིབལྟ་མོ་སྣ་ཚོགས།།
མཐོང་སྣང་གྱི་མིག་ལ་མཛེས་པ།།
ཡིད་སེམས་ཀྱི་བདེ་བའི་གཏེར་ས།།
རེ་བ།
23 ༢༧༢༠༡༡༡༦༢༩
དྲ་བདག་ལགས་ཁྱོད་ལ་ཞུ་རྒྱུ་ཞིག་ནི་པར་འདི་དག་གསལ་བོ་ཡག་པོ་འདུག་ཐུགས་རྗེ་ཆེ།ཡིན་ཡང་པར་འདི་དག་འཇོག་ཚུལ་ཡག་པོ་མཐོང་མ་སོང་།གང་ཡིན་ཟེར་ན།གོང་ས་༸མཆོག་གི་སྐུ་པར་དང་ཀརྨ་བ་རིན་པོ་ཆེ་སོགས་བླ་ཆེན་ཁག་དང་ཁྱིམ་པ་ཕོ་མོ་ཚོའི་པར་མཉམ་དུ་བསྲེས་ནས་བཞག་འདུགདེས་ན་བླ་ཆེན་ཁག་གི་སྐུ་པར་ལོགས་སུ་བཞག་ན་ཡག་པོ་འདུག་བསམ་སོང་།དགོངས་འགལ་མེད་པར་ཞུ།
རེ་བ།
22 ༢༥༢༠༡༠༢༡༥༤
པར་འདི་དག་ལ་གསལ་བཤད་མེད་ན་ཅི་ཡང་གོ་རྒྱུ་མི་འདུག་པས་གསལ་བཤདམགནང་རོགས།
ཕོ་ཉའི་པར་མཛོད།
21 ༡༥༢༠༡༠༢༡༤༩
ང་ཚོའི་གངས་ལྗོངས་ཡུལ་ནས་འདི་འདྲ་ཞིག་ལ་གཟིགས་ཐུབ་པ་ནི་སྙིང་ནས་བཀའ་དྲིན་ཆེ་ཞུའོ པར་འདི་རྣམས་རང་གི་འདོད་བློ་ལྟར་ལེན་མི་ཐུབ་པ་ནི་ཡིད་རེ་སྐྱོ།
ཐུགས་རྗེས་ཆེ་ཞུ།
20 ༣༠༢༠༡༠༢༣༠༩
ཤམ་པ་ལ་མཆོག་འདི་འདྲའི་ལེན་ཚན་བཟང་པོ་ཞིག་ང་ཚོའི་བོད་གངས་ཅན་པའི་སྤྱི་ཚོགས་སུ།
ནུབ་ལུགས་གསོ་རིག་བོད་ཡིག་ཅན་དུ་གཏོང་བའི་རེ་མདུན།
19 ༠༧༢༠༡༠༢༣༢༣
ནུབ་ལུག་གསོ་རིག་བོད་ཡིག་ཅན་དུ་གཏོང་བའི་རེ་མདུན། གལ་ཏེ་བྱ་བཞག་འདི་ལེགས་འགྲུབ་བྱུང་ཚེ་གཅིག་ན་བོད་ཡིག་སྤྱོད་པའི་མང་ཚོགས་རྣམས་ལ་ཕྱི་སྨན་སྤྱོད་པའི་དཀའ་ཁག་སེལ་ཏེ་སྟབས་བདེ་དང་ཤེས་བྱ་གང་མང་ཞིག་བསྐྲུན་ཡོད་པ་མ་ཟད་བོད་ཡིག་སྤྱོད་པའི་ཁྱབ་ཁོངས་ཀྱང་རྒྱ་ཇེ་ཆེ་རུ་གྱུར་བ་རེད། གཉིས་ན་རང་མི་རིགས་ལ་རིག་གནས་གསར་བ་ཞིག་ཚུར་ལེན་བྱ་ཐུབ་སོང་བའམ་རིག་གནས་གསར་བ་དེས་རང་རིགས་ལ་ཞབས་འདེགས་ཞུ་ཐུབ་སོང་བ་རེད། གསུམ་ན་རང་མི་རིགས་ལ་ལས་དཀའ་རྒྱ་ཆེན་པོ་བསྐྲུན་ན་ཆོག་གོ །།
ཡིད་འགྱུ།
18 ༡༦༢༠༡༠༡༨༥༢
བསྟན་པ་ཡར་འཕེལ།
གཏན་གྱི་བདེ་བ་བསྒྲུབ་པའི་དམ་བཅའ་ཞིག་བཟུང་ནས།། སྣ་ལྷམ་དམར་པོ་བགོས་པའི་བཙུན་གཟུགས་སུ་གནས་ཀྱང།། ཡིད་ཀྱི་འཁྲི་ཤིང་གཞོན་པའི་ལང་འཚོ་ལ་མཁྱུད་ནས།། ཁེར་རྐྱང་འཚོ་བས་མནར་བ་ཉུང་ཉུང་ཞིག་མིན་ནོ།།
བོད་པ་ཞེས་པ་མི་རིགས་ངོམ་ཚར་ཅན་ཞིག་རེད་
17 ༠༡༢༠༡༠༡༨༡༦
བུ་ཕྲུག་བསྟན་མགོན་
བོད་མི་རིགས་ནང་བརྗོད་པར་བཀའ་བའི་མིའི་ཁྱད་ཆོས་དང་མིའི་བསམ་བློ་སོགས་ལ་ཕུལ་བྱུང་གི་ཁྱད་ཆོས་ལྡན་ཡོད་ཅིང་རང་རང་སོ་སོ་ལ་ཁྱད་ཆོས་ལྡན་ཡོད་པ་དེ་མཁྱེན་པ་བྱས་ནས་བོད་གྱིས་རྩ་དོན་ལ་ཐུགས་བསམ་ལེགས་པོ་ཞིག་གཏོང་ན་ཇི་ལྟར་ལེགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
བསམ་ཚུལ།
16 ༢༧༢༠༡༠༡༦༤༩
ང་ལ་བསམ་ཚུལ་ཞིག་ཡོད་པ་ནི། པར་ལ་རིགས་བྱས་ནས་འཛམ་གླིང་གི་སྐོར་ཟེར་ཁ་འདྲ་བོ། བོད་ཀྱི་སྐོར་ཟེར་ཁ་འདྲ་བོ།
༧གོང་ས་རིན་པོ་ཆེ་སྐོར་ཟེར་ཁ་འདྲ་བོ། ནང་ཆོས་ཀྱི་སྐོར་ཟེར་ཁ་འདྲ་བོ། དམངས་ཁྲོད་ཀྱི་སྐོར་ཟེར་བ་འདྲ་བོ།
ཁྱད་མཚར་བའི་སྐོར་ཟེར་ཁ་འདྲ་བོ། ཡུལ་ཕྱོགས་ཀྱི་སྐོར་ཟེར་ཁ་འདྲ་བོ། སྲོག་ཆགས་ཀྱི་སྐོར་ཟེར་བ་འདྲ་བོ།
པར་མང་བོ་བཀོད་ནས་རིགས་དབྱེ་ན་ལྟ་བདེ་བོ་ཡོད་པར་བསམ་མོ། ། མཅུག་མཐར་ཁྱེད་ཅག་ལ་བཀྲ་ཤིས་བདེ་ལེགས་ཕཞུའོ། །
པར་གསར་པ་གང་མང་ཞིག་འགོད་རོགས་ཞུ།
15 ༢༦༢༠༡༠༠༩༣༥
ང་རང་ནི་པར་རིས་ལ་བལྟ་རྒྱུར་ཧ་ཅང་དགའ་པོ་ཡོད་སྟབ་ཉིན་བཞིན་ཤམ་བྷ་ལ་ཕོ་ཉའི་པར་མཛོད་ལ་བལྟ་བར་ཡོང་བཞིན་ཡོད་འོན་ཀྱང་པར་རིས་གསར་པ་གཅིག་ཀྱང་མི་འདུག་ཡིན་ན་ཡང་ད་དུང་མུ་མཐུད་ནས་རེ་རྒུག་བྱེད་བཞིན་་ཡོད།
རྒྱུན་མི་ཆད་པ་གནང་དགོས།
14 ༢༥༢༠༡༠༡༨༣༣
པར་རིས་འདི་རྣམས་ཧ་ཅང་ཡག་གི རྒྱུན་མི་ཆད་པ་གནང་དགོས།
པར་དབང་འདི་ལྟར་འགོད་དགོས།
13 ༠༢༢༠༡༠༠༠༥༣
ཡེ་ཤེས་ no ཆོས་བཟང་།
སྤུན་གྲོགས་ལགས། དཔར་དབང་མ་འཁོད་པ་ཞེས་པ་དཔར་དབང་གང་ཞིག་བཀོད་དགོས་སམ་ཞེ་ན། སྐུ་ཉིད་ནས་འདྲ་པར་འདི་དང་དེ་དག་ཤམ་བྷ་ལའི་ཕོ་ཉ་ནས་ཕབ་ལེན་བྱས་ཞེས་པར་རིས་གང་ཞིག་གི་འབྲེལ་བཤད་ཟུར་དུ་འགོད་སྤེལ་བྱས་པ་དེ་གསར་ཁང་འདིར་པར་དབང་གནང་བ་ཞིག་ལ་གོ་དགོས་ན་དེ་ལུགས་དགོངས་འཇགས་ཞུ།
དྲི་བ།
12 ༣༠༢༠༡༠༢༢༡༥
དཔར་དབང་མ་འཁོད་པ་ཞེས་པ་དཔར་དབང་གང་ཞིག་བཀོད་དགོས་སམ།
གཞས་པ།
11 ༡༣༢༠༡༠༠༢༠༠
གླིང་བུ་སྨྱུག་མར་མ་སྐྱེས། ཁུ་བྱུག་མོན་ནས་མ་ཡོང་། གངས་ལྗོངས་ཁུ་བྱུག་སྔོན་མོའི། མགྲིན་པའི་གླིང་སྙན་མོ།
ས་ཡུམ་གྱི་གོད་ཆགས།
10 ༢༡༢༠༡༠༡༩༡༩
ས་ཡུམ་གོད་ཆགས་འདི་ནི་ང་ཚོ་བོད་མི་ཡོངས་ཀྱིས་གདུང་སེམས་མཉམ་བསྐྱེད་་བྱེད་དགོས་པ་ཤིག་ཆགས་ཡོད།
དྲན་འབོད།
9 ༢༨༢༠༡༠༢༠༢༨
སྙིགས་མའི་རྒུད་པ་འཇོམས་པའི་སྒྲོན་མེ་མཆོག།།
སླར་ཡང་གངས་ལྗོངས་བསྟན་འགྲོ་དཔུང་གཉེན་དུ།།
བྱོན་པ་མཛོད་ཅིག་བླ་མ་རིན་པོ་ཆེ།།
སྐལ་ལྡན་ཚོགས་རྣམས་དད་པའི་གསོལ་འདེབས་ཞུ།།
ལམ་སྟོན་སློབ་གསོ་གསུང་སྐད་མ་ཐོས་ཀྱང།།
ཨ་ལོང་དད་པའི་དར་དཀར་ཁྱེད་ཕྱོགས་བཏེགས་།།
དམིགས་ཡུལ།
8 ༡༧༢༠༡༠༠༩༤༧
མི་ཚེ་དེ་ནི་གནམ་མཁིའ་རྒྱུགས་སྐར་འདྲ།
དམིགས་ཡུལ་དེ་ནི་གནམ་མཁའི་སྐར་ཚོགས་འདྲ།
དུས་སྐབས་བཟང་པོ་འདི་ལ་རིག་གནས་སྦྱོང་།
དེ་ནི་བུ་ང་ཡི་འབོད་སྐུལ་ཡིན་ནོ།
ལས་འབྲས།
7 ༡༧༢༠༡༠༠༩༡༩
སེམས་པ་བཟང་ན་ས་དང་ལམ་ཡང་བཟང་། སེམས་པ་ངན་ན་ས་དང་ལམ་ཡང་ངན།
མེད།
6 ༠༨༢༠༡༠༠༢༤༦
ངོ་མཚར་ཆེ།
སྤྱིར་བཏང་བསམ་ཚུལ།
5 ༠༦༢༠༡༠༡༢༠༢
བསྟན་པ་ཡར་འཕེལ།
སྤྱིའི་ཆ་ནས་ཤམ་བྷ་ལའི་ཕོ་ཉ་འདི་ནི་བཙན་བྱོལ་ནང་གི་དྲྭ་ལམ་གཞན་དང་བསྡུར་ཐབས་མེད་པའི་དྲྭ་ངས་བཀོད་སྒྲིག་དང༌། ཟིན་བྲིས་འབྲི་བདེ་བ་། དུམ་མཚམས་དབྱེ་སྟངས། ས་བཅད་གོ་རིམ་བཅས་ངོ་མ་ཧ་ལས་དགོས་པ་ཞིག་ཏུ་མཐོང༌། འོན་ཀྱང་ཡར་རྒྱས་ལ་མཐའ་མེད་པ་ཡིན་དུས་ད་དུང་དྲྭ་ངོས་གཙོ་སྐྱོང་པ་དག་གིས་དྲྭ་ལམ་འདིར་ཞུགས་མཁན་ཇེ་མང་དུ་གཏོང་རྒྱུར་འབད་བརྩོན་ཆེར་བསྐྱེད་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཏུ་མཐོང༌།
མི་ནག
4 ༢༢༢༠༠༩༢༠༥༣
ལི་ཐང་བློ་བསྟན།
པར་འདི་གསལ་ཞིང་དྭངས་བ་ཤ་སྟག་རེད་འདུག ཐུགས་རྗེ་ཆེ། ཡག་པོ་འདུག
དྲ་བའི་པར་རིས་ལ་འབོད་སྐུལ།
3 ༡༦༢༠༠༩༡༢༢༢
པར་མཛོད་ནང་གི་པར་རེ་རེ་ལ་གསལ་བཤད་ཉུང་བསྡུས་རེ་ཡོད་ན་ལེགས་པར་འདོད།
བདག་གི་རེ་བ།
2 ༡༤༢༠༠༩༡༤༢༠
དྲ་བདག་ལགས་ཀྱིས་འདྲ་པར་ཡག་པོ་རྐྱངརྐྱང་བཀོད་གནང་བ་ལ་བཀའ་དྲིན་ཆེ་ཞུ། ཡིན་ནའང་པར་གསར་པ་ཅི་ཡང་མི་འདུག
པར
1 ༡༩༢༠༠༩༡༦༥༨
ལེ་ཚན་འདིའི་ནང་གི་པར་རྣམས་ཧ་ཅང་གསལ་ཞིང་ཡིད་དུ་འཐད་པ་ཤ་སྟག་ཡིན་སྟབས།་འདིར་ཁྱབ་བསྒྲགས་བྱེད་པ་ལ་ཕན་ཐོགས་ཤིན་ཏུ་ཆེ།་གཞན་དག་ལ་ད་དུང་གསལ་བོ་ལྟ་ཐུབ་མ་སོང།་གང་ལྟར་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་སའི་དྲ་གནས་འདི་ལྟ་བུ་ག་ཚོད་མང་ན་དེ་ཚོད་ཀྱིས་ང་ཚོ་ཕན་ཐོགས་ཆེ་སྙམ།་དེ་རིང་དེ་ཙམ་གྱིས་འཐུས་པར་བྱོས།་བཞུགས་ཕྱོགས་ཡང་བསྐྱར་འབྲི་ཆོག་པར་བྱེད་རོགས།