ཀླད་རྩ་མི་ཚང་བའི་དགེ་རྒན་ཞིག

ཉེ་ཆར་ཁམས་དར་མདོ་རྫོང་སློབ་འབྲིང་དང་པོའི་སློབ་མ་ཞིག་དང་མོའི་ཁྱིམ་བདག་གི་མདུན་ནས་ཤེས་གསལ་ལྟར་ན། དར་མདོའི་སློབ་འབྲིང་དང་པོའི་འཛིན་གྲྭ་ག་གེ་མོའི་འཛིན་བདག་དགེ་རྒན་གྱིས་རང་ཉིད་ལ་སྒོར་མོ་ཐོབ་པའི་ཆེད་དུ་སློབ་མ་ཚོའི་ལག་ནས་ལས་བྱ་བཀོད་སྒྲིག་བྱེད་གླར་སྒོར་༣༥༠་དགོས་ཞེས་སློབ་མ་ཚོ་བཙན་འདེད་བྱེད་བཞིན་ཡོད་ཟེར། སློབ་མ་ཚོས་ལུགས་མེད་ཀྱི་གླ་ཆ་དེ་མི་སྤྲོད་ཅེས་བཤད་ཚེ། དགེ་རྒན་ཀྱིས་འོ་ན་འཛིན་གྲྭ་དེའི་སྦྱོང་གཞི་སྟེ་རྒྱ་ཡིག་དང་རྩིས་རིག 

དབྱིན་ཡིག ལོ་རྒྱུས། དངོས་ལུགས། ས་ཁམས་བཅས་ཀྱི་སློབ་དེབ་དྲུག་པོ་སློབ་གྲྭ་དེར་བོད་ཡིག་སྦྱོང་རྒྱུ་མེདརེ་རེ་ནས་ཡིག་འབྲི་གཅིག་ཀྱང་ཆད་ལྷག་མེད་པར་ལས་བྱའི་ཆེད་དུ་བྲིས་མེད་ཚེ། རྗེས་སུ་སློབ་མགོ་བརྩམ་ཚེ་མིང་ཐོ་འགོད་མི་ཆོག་ཅེས་བཀའ་ཕབ་པར་བཤད།  དགེ་རྒན་ཁོས་ད་དུང་ཁ་གསབ་བྱས་དོན། གལ་ཏེ་སྒོར་མོའཛིན་གྲྭ་དེར་སློབ་མ་༥༠་ཡོད་ལ སློབ་མ་རེས་སྒོར་༣༥༠་ཕུལ་བ་ཡིན་ན  དགེ་རྒན་དེར་ཐོབ་པ་ནི་སྒོར་༡༧༥༠༠་རེད་འདུག་དེ་སྤྲད་ན་ཁོས་སློབ་མ་ཚོས་ཉིན་བཅུ་ཡིས་ཡོངས་སུ་འགྲུབ་པའི་ལས་བྱ་ཞིག་བཀོད་སྒྲིག་བྱ་རྒྱུ་ཡིན་ཟེར།  ད་ལྟ་སློབ་མ་དེའི་ཨ་མྱེས་སློབ་དེབ་དྲུག་པོ་བཟུང་ནས་དགེ་རྒན་འཚོལ་དུ་འགྲོ་བཞིན་འདུག ངས་ཁྱིམ་བདག་དེར་ཁྱོད་ཀྱིས་དགེ་རྒན་བཙལ་ནས་ལས་བྱ་དེ་འདྲའི་མང་པོ་ཞིག་འབྲི་མི་ཐུབ་ཅེས་ཟེར་བར་འགྲོ་བ་ཨེ་ཡིན་ཞེས་དྲིས་ཚེ།  ཁོས་དེ་མིན། ངས་ཞིབ་རྩིས་ཤིག་བརྒྱབ་ཡོད། སློབ་དེབ་དྲུག་པོར་ཆ་སྙོམས་ཤོག་གྲངས་༡༣༨་ཡོད་ལ། ཁྱོན་བསྡོམས་ཤོག་གྲངས་༨༢༠་འདུག  དེ་རེ་རེ་ནས་འབྲི་དགོས་ན། ཟླ་བ་གཉིས་ལྟ་ཅི། ཟླ་བཞི་ཡིན་རུང་འབྲི་ཐུབ་ཚོད་མི་འདུག ཡིན་ནའང༌། གལ་ཏེ་ཤོག་གྲངས་༨༢༠་བོ་དེ་བསྐྱར་པར་བྱེད་ཆོག་རྒྱུ་ན། ཤོག་གྲངས་རེར་སྒོར་ཟུར་གཉིས་ཀྱིས་བརྩིས་ཚེ་ཁྱོན་སྒོར་༡༦༥་ཙམ་ལས་སོང་མི་འདུག དེས་ན་སྒོར་༡༨༥་གྲོན་ཆུང་ཐུབ་པ་ཡིན་པས་ཞིང་འབྲོག་གི་བོད་མི་ཞིག་ལ་མཚོན་ན་ཁེ་ཕན་ཆེན་པོ་རེད་ཅེས་བཤད།  ངས་ནི་ཁོ་ཚོས་ཚབ་བྱས་ནས་དགེ་རྒན་དེར་ཁ་པར་རྒྱག་དགོས་པ་དང༌། དེའི་གནས་ཚུལ་ཞིབ་རྒྱས་ཤིག་རྩད་ཆོད་བྱས་ནས་དགེ་རྒན་དེ་ཁྲིམས་ལ་གཏུག་དགོས་་ཞེས་བཤད་ཀྱང༌། ཁྱིམ་བདག་དེས་ཆབ་སྲིད་ཀྱི་གནད་དོན་འབུད་པའམ༌། ཡང་ན་སློབ་མའི་མདུན་ལམ་ལ་གནོད་པར་འཇིགས་ནས་ང་ལ་ཆོག་མཆན་མ་ཐོབ།  དྲ་གྲོགས་ཚོ། ཁྱེད་ཚོས་བལྟས་ན་གནས་ཚུལ་དེ་འདི་ལྟར་བསྐྱུར་རྒྱུ་ཞིག་ཡིན་ནམ། ཁམས་སྨྱོན་གྱིས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (6)
6 ༡༠༢༠༡༠༡༧༥༠
རྡོ་རྗེ་ཚེ་རིང་
ངས་བལྟས་ན་དེ་དེམ་གསུམ་པ་བཞི་པའི་སྒྲུང་འདྲ་པོ་ཞིག་འདུག་། མ་གཞི་ནས་མ་རྩ་རིང་ལུགས་རེད་པ།
ལོ་ལྔ་དྲུག་ཅན་གྱི་བྱིས་པ་ཞིག་ཡིན་ནའང་ཁ་གནམ་ལ་འཁོར་ནས་གཅིན་པ་མི་གཏོང་རྒྱུ་ཤེས་པས། རང་ལ་ཤ་ཚ་ཤེས་མཁན་ཞིག་གིས་འདི་ལྟར་ལས་རྒྱུ་ཨེ་རེད། གལ་སྲིད་བདེན་ན་ཁ་རོ་ལ་འཁོར་ནས་མི་ངུ་བར་གྱང་ལ་གཏད་ནས་ངུས་པས་ཅི་ཕན། འདི་འདྲས་ཞབས་འདྲེན་མ་བྱེད། སྤྱིར་བཏང་ཡང་དྲ་འབུ་ཚོའི་སྐད་ཆ་ལ་ཆ་འཇོག་གང་ཡང་མེད་ཟེར་བདེན་པ་རེད།
དེ་ནི་དགེ་རྒན་ཞིག་མ་ཡིན་ཏེ། དེ་ནི་ཀླད་རྩ་ལ་སྒོར་མོས་དབང་བསྒྱུར་བྱས་ཟིན་པའི་མི་ལྤགས་གྱོན་པའི་སྤྱང་ཀི་ཞིག་རེད་ལ། རྒྱལ་ཁབ་ཀྱི་བླ་བཙོང་དང་མི་རིགས་ཀྱི་རྐང་འདྲེན་རེད། དེར་ཐལ་སྤར་བ་གང་སྟེར། ཁམས་སྨྱོན་ལགས་ཁྱོད་ཀྱིས་ངེས་པར་དུ་ཁྲིམས་གཏུགས་བྱེད་དགོས། དེ་བྱས་ན་རྒན་པོ་དེ་ལ་རོགས་བྱས་པ་ཙམ་མ་ཡིན་པར་མི་རིགས་དང་རིག་གནས་ལ་གསུང་སྐྱོབ་བྱས་ནི་རེད། རང་ང་བསྐྱུར་མི་ཉན། ཨ་བུ་རྒོད་པོ།
དེ་ནི་དགེ་རྒན་ཞིག་ག་ལ་ཡིན། དེ་ནི་ཐ་མི་ཡང་མ་རེད། བོད་མི་ཞིང་གྲོང་བ་ཞིག་གི་ཡོང་སྒོ་ལ་འདང་ཞིག་རྒྱོབས་དང་། འབད་འབུངས་བྱས་བྱས་པའི་རྔུལ་ཆུའི་རིན་པ་ཉུང་ཙམ་པོ་ཁོ་ལ་བྱིན་ལོས་ཐོངས། དེར་ཁྱི་སྐྱག་རྒྱ་མ་གང་སྟེར་དགོས་ནི་རེད། ཁམས་སྨྱོན་དྲིན་ཆེན་པོ་ཁྱེད་ཀྱིས་རྒད་པོ་དེར་རོགས་བྱོས་ལ་ཁྲིམས་གཏུགས་བྱ་རྒྱུ་བྱོས། ནང་དགྲ་དངོས་མ་བོ་དེ་རེད། རང་དགར་འཇོག་མི་རུང་ཁོ་ཐག་ཡིན་ནི་རེད། བོད་མིའི་རང་སྲོག་གཅོད་པའི་སྟ་རེ་ནི་དེ་རེད། ངེས་པར་དུ། མྱུར་བ་མྱུར་དུ། ཁྲིམས་གཏུགས་གྱིས།
དྲ་གྲོགས་ཁམས་སྨྱོན་ལགས། ཁྱེད་ཀྱི་བསམ་ཚུལ་དེ་འགྲིགས་འདུག ཁྱིམ་བདག་གི་བསམ་ཚུལ་ལ་བཤོལ་བཏབ་སྟེ་ངེས་པར་དུ་ཁྲིམས་གཏུགས་ཐུབ་ན་བོད་མི་དེ་ལས་མང་བོ་ཞིག་གིམདུན་ལམ་གྱི་བཀག་རྡོ་བསལ་ཐུབ་པ་རེད། ཁྱི་དེའི་རིགས་བོད་པའི་ས་ཆ་གང་ནའང་ཡོད་ཕྱིར་ཁྱེད་ཀྱིས་ཁྱིམ་བདག་ལ་རོགས་ཐུབ་ན་ངེས་པར་དུ་གོང་རིམ་ལ་ཁྲིམས་གཏུགས་བྱ་རོགས་ཞུ་ལགས།
1 ༢༡༢༠༠༩༡༡༤༩
Martin Rasser

དགེ་རྒན་གྱི་མཚན་ཉིད་མི་ལྡན་པའི་དགེ་རྒན་དེ་རིགས་སྤྱོ་ཚོགས་ཀྱི་ལག་དམར་པ་ཡིན་ལ་ང་ཚོ་གདོང་དམར་པའི་ནང་དགྲ་ཡིན།



བརྗོད་གཞི་གཞན་ཁག་ལ་གཟིགས།