ཤོག་བུའི་ཟུར།

སྒྲོག་ཙེ་སྟེང་དུ་ལེབ་མོ་ལེབ་མོར་བཤམས
སྐྱ་མདའ་ཤར་མར་བབས་པའི་ཁ་དོག་ཅིག་གི་ངོས
སྙུ་གུའི་ཚོགས་འདུ་སྐོང་བའི་མིག་མདུན་དུ
བསམ་བློའི་རྐང་མར་བཞུར་བའི་བྲོ་བ་སྟེ
རྐང་གཉིས་མི་ཡི་རང་དབང་ལོངས་སྤྱོད་ཅིག་ལ་ཅི་ཡང་འཁྲུལ

ཤོག་བུ་ལེབ་མོ་ལེབ་མོ་འཛམ་གླིང་གང་སར་འཕུར
སྙུ་གུའི་རྩེད་མཚར་ཀླན་ཀའི་འབྲུ་དང་བཅས
རི་བོའི་ལྟོས་དང་རྒྱ་མཚོའི་ཟབ་ཏུ་ལྷུང་བའི་ཚིག་མགོ་ཕུལ
ལ་ཤས་འཕུར་འདོད་ལུས་ཀྱིས་མ་ལྕོག་པ
འགའ་ཤས་འདུག་འདོད་སྡོད་ཚུགས་མ་ཟིན་པ
བར་བར་རྐང་གཉིས་བཙུགས་པའི་ཁ་དོག་དག
ཁྱོད་ལ་མཁོ་འདྲ་ང་ལ་དགོས་འདྲའི་མི་བུའི་འགྲོ་འོང་སྨུག་རྒྱུར་ཚུད

༢༠༡།༠༥་༢༥ཉིན་མཛོ་མནོལ་སྨན་ཁང་ནས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།