ངས་ཕ་ཡུལ་གྱི་དགུན་ཁ་རྔུབ་ཀྱིན་ཡོད།

ཕ་ཡུལ་ལ་དབྱར་ཁ་བྱུང་མ་མྱོང་བའི་དུས་དེ་ནས

ཕ་ཡུལ་ནི་རླུང་ནག་འཚུབ་མ་འཁོར་སའི་ཡུལ་གྲུ་ཞིག་ཏུ་གྱུར

ཁ་བ་དང་བུ་ཡུག་གིས་མི་སེམས་དམར་གསོད་བྱས་ཤིང
ཙག་ལྡོམ་འགའི་ཧེབ་རྒན་གཡུག་ཕྱོགས་ལས
སྔོན་གྱི་ཕ་ཡུལ་ནི་གཏམ་རྒྱུད་ཁྲོད་ན་ལྷག

དགུན་ཁའི་གཙུབ་བརྡར་བར་ནས
ངའི་མི་དག་ཉེས་མེད་ཀྱིས་གཅུར་མྱོང་ལ
ངའི་རིགས་རྒྱུད་དོན་མེད་དུ་བཀོལ
ད་དུང་ངའི་སྐྱེ་ས་དང་འཚར་ས
དལ་བུར་དགུན་རླུང་གི་ཁྲོད་ལ་སིམ

ངས་ཕ་ཡུལ་གྱི་དགུན་འཁྱག་རྔུབ་ཞོར
ཆམས་ནད་རིགས་གང་ཞིག་གི་ནད་ཡམས་ལ་ཞིབ་དཔྱོད་བྱས
ཡིན་ནའང
དགུན་ཁ་འདིས་ཡུལ་ཕྱོགས་ཐམས་ཅད་ཟས་ཏེ
རླུང་ལྡང་བའི་ཉི་མ་དག་གི་གཏམ་རྒྱུད་བྲག་ཅར་བརྒྱུས་ཡོད

ཕ་ཡུལ་དང་ཁ་ཐག་རིང་ས་ནས་རླུང་རྔུབ་བྱས་ན
ངས་རང་ཉིད་ཀྱི་སྡར་གཤིས་སྟོན་གྱི་ཡོད
ང་རང་ཕ་ཡུལ་གྱི་དགུན་ཁ་མྱངས་མྱོང་མཁན་ཞིག
ངའི་རྣ་ལམ་ན་དགུན་གྱི་གཏམ་རྒྱུད་དངོས་སུ་གྲགས་ཡོད

གཏམ་རྒྱུད་ཅིག་སྟེ
ངས་ཕ་ཡུལ་གྱི་དགུན་ཁ་རྔུབ་ཀྱིན་ཡོད
ང་སྐྱེས་ནས་བཟུང་ཕ་ཡུལ་གྱི་དགུན་ཁ་མྱངས
ང་ཕ་ཡུལ་དང་བྲལ་བ་ནས
ངས་ཕ་ཡུལ་གྱི་དགུན་ཁ་རྔུབ

༢༠༡༦/༡༢/༡༣དགོང་མོ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།