ཆར་བ་འཇོ་ལོ་ལོ།

ཆར་བའི་འབབ་ཤུལ་དེད་ན
རྩི་མགོ་སྔོན་མོ་གཡུ་ལ་ཆུ་ཐིགས་འཁྱོ་རིལ་ཆགས་ཡོད
རྐང་བས་མནན་ཡང་མ་བསམ
རྡོག་པས་བརྫི་ཡང་མ་འདོད
ཆར་བ་འཇོ་ལོ་ལོ་འདི
རྩྭ་དང་ཤིང་ལ་ཆགས་འདུག

སྨུག་པ་རི་བོར་འཁྱུད་དེ
ཆར་བས་རི་ཁྲུས་བྱེད་པར་ཡོལ་བ་བཀབ
ཆར་སྒྲས་གནམ་ས་བཀང་བའི་བར་ལོགས་དེ་ན
རླུང་བུས་སྤྱོད་ངན་འཁྲབ་ཞོར་ཤུགས་ཀྱིས་གཡུགས་ཤིང
དལ་བར་གཡུགས་ན
སྡོང་ལོ་དང་ནི་ཡལ་ག
ཞབས་བྲོའི་ལས་ལ་བྲེལ་འདུག
2016/09/13ཉིན།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།