རང་མོས་སྙན་ངག་ཟེར་དོན་ཅི།

མིང༌། བོད། རང་མོས་སྙན་ངག ཨ་རི། Free Verse ཡོ་རབ། Vers Libre རྒྱ་ནག 自由诗
དར་དུས། བོད་ལ་དུས་རབས་༢༠མཇུག ཨ་རིར་དུས་རབས་༡༩མཇུག་དང་༢༠མགོ་སྟོད། ཡོ་རོབ་ལ་དུས་རབས་༡༩ནང༌། རྒྱ་ནག་ལ་དུས་རབས་༡༩མཇུག་དང་༢༠མགོ་སྟོད།

 

ཚབ་མཚོན་མི་སྣ།  བོད་དུ་དོན་འགྲུབ་རྒྱལ། པིར་མིང་ལ་རང་གྲོལ། (ཙརཞཛ་ཙརཡཞབཙཙབཛམཏ  ཨ་རིར། Walter "Walt" Whitman (31/05/1819 – 26/03/1892) ཡོ་རོབ། Gustave Kahn (21/09/1859 --- 5/09/ 1936)


སྐབས་འདིར་ང་ཚོས་བོད་ཀྱི་རང་མོས་སྙན་ངག་ནི་ག་དུས་དར་བའི་སྐོར་གྱི་ཡོངས་ཁྱབ་སྐད་ཆ་ཞིག་གཞིར་བཟུང་ན། དུས་རབས་༢༠པའི་ལོ་རབས་༨༠ནང་དུ་དཔལ་དོན་འགྲུབ་རྒྱལ་གྱི་ལ་ངོས་འཛིན་པ་དང༌། དེའི་རྗེས་བོད་ཀྱི་སྤྱི་ཚོགས་སུ་ན་གཞོན་སྙན་ངག་པ་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་ཡོང་སྟེ། རང་མོས་སྙན་ངག་འབྲི་མཁན་ནི་ཚིག་བཅད་སྙན་ངག་འབྲི་མཁན་ལས་མང་རུ་འཕེལ་སྟེ། མི་རབས་གསར་དང་མི་རབས་གསུམ་པ་སོགས་ཀྱི་སྙན་ངག་གི་དཔུང་སྡེ་ཡང་བྱུང་མྱོང་ཡོད།

རང་མོས་སྙན་ངག་གི་མིང་ཚིག་ཇི་ལྟར་ཐོན་མིན་སྐོར་ལ་དམིགས་གསལ་གྱི་རྩོམ་ཡིག་ཅི་ཡང་མཐོང་མྱོང་མེད་མོད། སྤྱི་ཚོགས་དཔྱད་བརྗོད་དང་རྩོམ་རིག་སྐོར་གྱི་བྲིས་རྩོམ་ཁ་ཤས་སུ་སྐབས་དེར། སྙན་ངག་རྐང་ཆག་མ་ཞེས་མིང་བོས་འདུག་ཅེས་དང༌། རང་མོས་སྙན་ངག་གི་མིང་ནི་དེའི་རྗེས་སུ་བྱུང་བའི་སྣང་ཚུལ་བྱུང༌། རང་མོས་སྙན་ངག་ཟེར་བའི་དོན་ལ་བལྟས་ན། རྒྱ་ནག་གི་སྐད་ལས་ཚུར་ཐད་བསྒྱུར་ལྟ་བུ་བྱས་འདུག་བསམ། 自由诗 ཁ་ཁར་བཏང་ནས་བསྒྱུར་ན། 自由ནི་རང་དབང་གི་དོན། 诗ནི་སྙན་ངག་གི་དོན། རྒྱའི་རང་མོས་སྙན་ངག་ནི་དུས་རབས་༡༩པའི་མཇུག་དང་༢༠མགོ་ལ་ཡོ་རོབ་ནས་དར་བའི་རྩོམ་ཞིག་མཐོང་མྱོང༌།

དེས་ན་ང་ཚོས་དབྱིན་ཇིའི་སྟེང་གི་མིང་ཚིག་ནག་འདེད་བྱས་ན། Free Verse འདི་རེད། Free ནི་རང་དབང་གི་དོན། Verse ནི་ཤོ་ལོ་ཀའམ་ཚིག་བཅད་ཀྱི་དོན། དོན་དག་འདི་ནི་ང་ཚོའི་སྤྱི་ཚོགས་སུ་དར་བའི་རང་མོས་སྙན་ངག་ཅེས་འབོད་པའི་གནས་སྟངས་སུ་ཁྱབ་ཐུབ་པ་ལྟ་བུ་རེད། རྒྱུ་མཚན་ནི་ང་ཚོས་སྔོན་མ་ཚིག་བཅད་འབྲི་བ་མང་ཤོས་ཡིན་པ་དང༌། དུས་རབས་༢༠མཇུག་དང་༢༡གི་མགོ་ནས་བཟུང༌། རང་མོས་སྙན་ངག་དར་བ་རེད། ངས་བལྟས་ན། རང་མོས་སྙན་ངག་ནི་ཚིག་གི་གཅོད་མཚམས་སུ་བཀག་རྒྱ་མེད་པར་རང་དབང་གིས་བཀོད་པ་ཞིག་ལ་ངོས་འཛིན་བྱས་ཆོག་པ་དང༌། གཞན་ཡང༌། བརྗོད་བྱའི་ཆ་ནས་ཀྱང་གང་འདོད་སེམས་ཀྱི་འཆར་སྒོ་རྣམས་མུ་མཐུད་དུ་བསྟན་ཆོག་པ་ཞིག་ཡིན་པས་ན། དབྱིན་རྒྱ་གཉིས་ཀྱི་མིང་ཚིག་ཁེར་འདེད་བྱས་ན་དོན་ལ་ཁྱད་པར་འདྲ་ཡོད་མོད། སྤྱི་ཡོངས་ཀྱི་ཆ་ནས་སྙན་ངག་གི་བརྗོད་བྱར་རེ་སྙེགས་དང་ཚིག་གི་གྲུབ་སྟངས་གང་འདོད་དུ་བཟོས་ཆོག་པ་ནི་འགྲིག་མི་འདུག་གམ་བསམ།

དུས་རབས་༡༩མཇུག་ཏུ། ཧྥ་རན་སི་རུ་རང་མོས་སྙན་ངག་འབྲི་མཁན་ཉུང་ཙམ་བྱུང་མྱོང་ཞིང༌། ཨ་རིའི་སྙན་ངག་པ་རྣམ་ཀྱིས་ཧྥ་རན་སིའི་སྐད་ཀྱི་ཐོག་དེ་གའི་རང་མོས་སྙན་ངག་སྦྱང་ནས་དབྱིན་ཇིའི་ཐོག་ཏུ་ཁྱབ་ཆེན་པོ་བྱུང་བ་རེད། (vers libre) ནི་ཧྥ་རན་སིའི་སྐད་ཀྱི་རང་མོས་སྙན་ངག་གི་མིང༌། (Free verse or Vers libre is an open form of poetry. It thus tends to follow the rhythm of natural speech.)རང་མོས་སྙན་ངག་གི་ཡོངས་ཁྱབ་ངོས་ཚིག་ནི་སྙན་ངག་གི་གྲུབ་སྟངས་རྒྱ་ཆེ་བ་ཞིག་དང༌། དེ་ནི་རང་བྱུང་གི་སྐད་ཆའི་དབྱངས་སུ་བསྐྱོད་པ་ཞིག

ངས་གསལ་བོ་ཤེས་མ་ཐུབ་པ་ཞིག་ནི། ཨ་རིའི་ཚིག་བཅད་སྙན་ངག་ནི་ག་དུས་དར་བའི་ལོ་ཚིག་སོགས་ཅི་ཡང་རག་མ་སོང༌། འོན་ཀྱང༌། ཁོང་ཚོའི་མི་ཚོར་སྐད་ཆ་དྲིས་པ་ལྟར་ན། ཚིག་བཅད་སྙན་ངག་ལ་སྒྲིག་གཞི་འདྲ་མིན་མང་པོ་ཞིག་འདུག་པར་བཤད།

དྲ་ཚིག་ཁ་ཤས་སུ། ཚིགས་བཅད་སྙན་ངག་ལ་རིགས་གཉིས་ཡོད། Blank Verse དང་Free Verse གཉིས་ཡིན་པར་བྲིས་འདུག འདི་གཉིས་ཀྱི་ཁྱད་པར་ནི་དང་པོ་དེ་ནི་ཚིག་གི་གཅོད་མཚམས་དགོས་ལ། དབྱངས་འགྲོས་མི་དགོས་པ་ཞིག་དང༌། གཉིས་པ་དེ་ནི་ཆ་རྐྱེན་ཅི་ཡང་མི་དགོས་པར་རང་འདོད་ཀྱིས་བེད་སྤྱོད་བྱས་ཆོག་པ་ཞིག་ལ་གོ་ཡི་འདུག

Walter "Walt" Whitman (May 31, 1819 – March 26, 1892) <>ཁོང་གི་རྩྭ་ཡི་ལོ་མ་ཟེར་བའི་དེབ་འདི་ན་ཨ་རིའི་རང་མོས་སྙན་ངག་ཁྲོད་ཀྱི་ཡོངས་ཁྱབ་རང་བཞིན་ཞིག་དང༌། ཁོང་རྩོམ་དེབ་འདིའི་འབྲི་སྟངས་ཡི་ཤུའི་ཆོས་གཞུང་Bibleལྟར་བྲིས་འདུག་པར་བཤད་མཁན་ཀྱང་ཡོད་པ་དང༌། ཨ་རིའི་རང་མོས་སྙན་ངག་འབྲི་མཁན་ཁྲོད་དུ་ཁོང་ནི་རང་མོས་སྙན་ངག་གི་ཡབ་ཆེན་དུ་ངོས་འཛིན་ཚུལ་འདུག

དུས་རབས་༢༠ནང་གི་སྙན་ངག་པ་Robert Lee Frost (March 26, 1874 – January 29, 1963)ལགས་ཀྱིས་རང་མོས་སྙན་ངག་འབྲི་བ་ནི། དྲ་ཐག་མེད་པར་རྩེད་པའི་དྲ་སྒང་ལྟ་བུ་རེད།(writing free verse was like "playing tennis without a net.")ཅེས་བརྗོད་འདུག

གང་ལྟར། དུས་རབས་༡༩མཇུག་དུ། རང་མོས་སྙན་ངག་ནི་ཡོ་རོབ་ཧྥ་རིན་སུར་དར་འདུག་ལ། སྐབས་དེར་ཨ་རིའི་སྙན་ངག་པ་རྣམས་ཡོ་རོབ་ལ་རང་མོས་སྙན་ངག་ཆེད་སྦྱོང་བྱེད་དུ་སོང་མྱོང་འདུག འོན་ཀྱང་རང་མོས་སྙན་ངག་ཆེས་རྒྱུགས་ཆེ་བ་ནི། རྗེས་སུ་དབྱིན་ཇིའི་སྐད་ཡིག་སྟེང་དུ་རང་མོས་སྙན་ངག་འབྲི་མཁན་རྒྱུགས་ཆེ་རུ་འགྲོ་འདུག

རྒྱ་ནག་ལ་ཡང་དུས་མཚུངས་སུ་དར་འདུག་པ་དང༌། རྒྱ་ཡིག་ཐོག་ཏུ་དུས་རབས་༢༠ཡི་ནང་དུ་རྒྱ་ཁྱབ་ཡོངས་ཁྱབ་ལ་སོང་ནས། ང་ཚོ་བོད་ཀྱིས་དུས་༢༠མཇུག་ཏུ་མགོ་བརྩམས་ཏེ་རྒྱ་ཁྱབ་དུ་སོང་བ་ཞིག་ཅེས་རེད།

༢༠༡༦ཟླ་༤ཚེས་༢༢ཉིན་བྲིས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།