བྱ་རྒོད་པོ་ཞིག་གི་གཤོག་ཡ་རྨས་པ།

__ངས་མཐོང་མྱོང་བའི་རང་དབང་གི་གླག་རྒོད་ཅིག་ལ།

ཁྱོད་རང་ནམ་འཕང་གཅོད་པར་དགའ་བས
སྣང་བའི་བར་སྣང་དུ་ནམ་རྒྱུད་རྒོད་པོ་ཆ་རེ་འཕུར་གྱིན་ཡོད

ཁྱོད་རང་གི་བར་སྣང་དུ
ཆེས་རླབས་ཆེ་བའི་གཤོགས་ཐོག་འགའ་ཡོད་ལ
ཆེས་ཡིད་ཚིམས་པའི་རླུང་གི་སྤུར་གྲི་འཛིན་མཁན་ཡང་འདུག

ཁྱོད་རང་ནམ་རྒྱུན་ཆེའི་མཐོ་བའི་ནམ་མཁའ་དེ་རུ་འགྲེངས་ཏེ
མཐོ་དམའ་ཤོར་བའི་གས་ཆགས་རེ་རེ
གཉའ་ཆགས་པའི་གོམ་འགྲོས་ཁ་ཤས
ཆེས་ཡིད་ལ་མི་འབབ་པའི་བྱ་ཁྱུ་དུམ་བུ་ཞིག
གོ་ལའི་རྩེ་དང་མཇུག་ཏུ་ནུར་བའི་ས་འབུ་ཚོམ་བུ་ཞིག
འདི་དག་ཁྱོད་ཀྱི་ནམ་མཁའ་ནས་གཞིས་ཆགས་དོན་ཅི་ཡིན་བཙལ

ཁྱོད་རང་ཆེས་སྤྱིར་བཏང་བ་ཞིག་གི་ཚུལ་ཏུ
ཁྱོད་རང་ཆེས་སྣང་མཐོ་ཞིག་གི་དོད་དུ

ཡིན་ནའང
ཁྱོད་རང་ལ་ཆེས་བཟོད་ཐུབ་པའི་སྙིང་ཤ་ཞིག་འདུག
སྙིང་གི་བར་གསེང་ནས་ཙག་རླུང་ག་ཚོད་བཞུར་ཡང
འཁྲིས་ཀྱི་མིས་མི་བཟོད་པའི་གཟེར་མགོ་རེ་རེས་གཙེས་ཀྱང
ཁྱོད་རང་ཆེས་སེམས་དཔའ་ཞིག་ཏུ་གྱུར་བའི་གནས་དེ་ནས
ད་རུང་ཚོད་མི་ཟིན་པའི་གད་མོ་ཞིག་གིས་གདོང་བསུས་དོན་ཅི

གློག་བརྙན་གྱི་གྲུ་ཟུར་ནས་ཕྱིན་པའི་ན་ཟུག་སྐྱ་བོ་དེ་ལས
མིག་མདུན་གྱི་ཡིད་གཏིང་ལ་མ་ཤར་བའི་བྱ་སྤྱོད་དེ་ལས
ཡིད་གཏིང་ནག་ཆད་པའི་རས་ཡོལ་གྱི་ཕར་རོལ་མཐོང་སོང

ཁྱོད་ཀྱི་ནམ་མཁའ་སྔར་བཞིན་དུ
ཆེས་གཏིང་རིང་བའི་གནས་དེ་ཡིན་དགོས
ཕུགས་བསམ་གྱི་ཤོག་བུ་དེ་དག་ད་རུང་མི་མཐུད་དུ་བརྩིགས་དགོས

༢༠༡༥།༠༧།༡༦ཉིན་བྲིས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:བརྗོད་གཞི་གཞན་ཁག་ལ་གཟིགས།