རང་ཉིད་ཀྱི་ཁོར་ཡུག་ཏུ་གད་སྙིགས་ཀེ་ལོ་ག་ཚོད་འདུག

ང་ཚོ་མི་གཅིག་གི་ཁོར་ཡུག་ལ་ལྟ་སྐོར་དུ་འགྲོ། ཡང་ན་རང་ཉིད་ཁོ་ནའི་ཁོར་ཡུག་ལ་ལྟ་སྐོར་བྱེད། ཐོག་མར་རང་ཉིད་ཀྱི་ནང་སྒོ་ཕྱེ་སྟེ། ཁྱོད་ཀྱིས་རང་ཉིད་འདུག་སའི་ཉེ་འཁོར་དུ་མིག་ཟུང་གཟབ་ནན་གྱིས་གཟིགས་རོགས། གད་སྙིགས་ཀྱི་རྒྱལ་བོ་ནི་ཐབ་ཚང་དུ་ཡོད་པས་ན།

ཐོག་མར་ཐབ་ཚང་གི་གད་སྙིགས་བླུགས་སྒམ་དུ་མིག་གིས་བལྟས་དང༌། དེ་རུ་ཁྱོད་ཀྱི་ཉིན་གཅིག་གི་རིང་ལ་གསོག་ཉར་བྱས་པའི་གད་སྙིགས་ཀེ་ལོ་ག་ཚོད་ཅིག་སྤུངས་འདུག

དེ་ནས་རིམ་བཞིན་ཁྱོད་རང་གི་ཟ་འཐུང་བྱེད་སའི་གཡས་གཡོན་མདུན་རྒྱབ་ཏུ་ཞིབ་ལྟ་ཞིག་བྱས་ཏེ། གང་ཞིག་ཏུ་ཁྱོད་ཀྱིས་བག་མེད་ཀྱིས་གཏོར་བཞག་པའི་གད་སྙིགས་ལྷག་རོ་མང་པོ་ཞིག་གིས་ཁྱོད་ལ་ཅེར་འདུག་པ་དེས་ཁྱོད་ལ་ཚོར་བ་ཇི་འདྲ་ཞིག་བསྐྱེད་ཀྱིན་འདུག ཚོེར་བ་དེ་ནི་རང་བྱུང་ཁམས་སུ་ཡང་འབྱུང་གིན་ཡོད།

དེ་མིན་ཁྱོད་ཀྱི་ཉལ་ས་རུ་སོང་ནས་ཉལ་གདན་དང་ཉལ་ཁེབས་སོགས་སུ་ཞིབ་ཕྲ་ཞིག་བྱེད་ཞོར་ཚུ་དྲི་སོགས་དྲོ་མིན་གྱི་སྣ་སྣུམ་ཞིག་བྱེད་ཞོར། ཁྱོད་ཀྱི་དུག་ལོག་འཇོག་ས་དང༌། ཅ་དངོས་འཇོག་ས། དཔེ་དེབ་འཇོག་ས་སོགས་ཀྱི་མདུན་དུ་ཁྱོད་ཀྱི་དབང་པོ་ལྔའི་ཚོར་བ་དག་འཁོར་བསྐྱོད་བྱས་ཏེ་ཅི་ཞིག་གིས་ཁྱོད་རང་གི་བདེ་ཐང་ལ་གནོད་ཀྱིན་འདུག  གང་ཞིག་གིས་ཁྱོད་རང་གི་འཕྲོད་བསྟེན་ལ་དོ་ཕོག་ཤོར་གྱིན་པའི་གནད་དོན་བཟང་ངན་ཐམས་ཅད་ཕྱོགས་གཅིག་ཏུ་སྤུངས་ཏེ། ཁྱོད་ཀྱིས་དེ་དག་སེལ་ཆེད་དུ་ཉིན་རེའི་ལས་བགོས་དང༌། ཁྱོད་ཀྱི་བཟང་སྤྱོད་ཀྱི་ཕྱོགས་དག་རྒྱུན་འཁྱོངས་ཡོང་བའི་དམ་བཅའ་བྱེད་དགོས།

འདི་ལྟར་མི་གཅིག་ཁོ་ནའི་ངོས་ཐད་དུ། རང་ཉིད་ཀྱི་གད་སྙིགས་ལ་འགན་ཁུར་བྱེད་པའི་གོམ་སྲོལ་ཆགས་ན། དེ་བཞིན་དུ་འཛམ་གླིང་གི་མི་ལ་གོམ་སྲོལ་ཆགས་ཤིང༌། ང་ཚོས་ལོངས་སྤྱོད་བྱེད་བཞིན་པའི་ས་ཡི་གོ་ལའི་ལྗངས་མདོག་ནམ་ཡང་ལྗང་མདོག་ཡིན་ལ། ཁྱོད་ཀྱི་ཁོར་ཡུག་གི་མཁའ་དབུགས་ཆ་ཚང་གི་སྲོག་རླུང་དྭངས་གཙང་དུ་གྱུར་ཏེ་མིའི་ཚེ་སྲོག་ཇེ་རིང་དང༌། སྐྱེས་འགྲོ་ཀུན་གྱི་མཛེས་སྡུག་ཡུལ་ལྗོངས་སུ་ཆེས་མེད་དུ་མི་རུང་བའི་བདེ་སྐྱིད་དངོས་ཤིག་བསྐྲུན་ཐུབ་རྒྱུ་ཡིན་པར་ང་ཚོས་བསམ་ཤེས་གང་ཐུབ་བྱེད་དགོས་ཀྱིན་འདུག

འཛམ་གླིང་གི་སྤྱི་ཚོགས་ཀྱི་གང་སར་ཡར་རྒྱས་སུ་འགྲོ་བཞིན་པའི་སྐབས་སུ། བྱ་དངོས་བེད་སྤྱོད་ཀྱི་གྲངས་འབོར་ཧ་ཅང་གཏོས་ཆེ་བའི་བེད་སྤྱོད་ཀྱི་རིན་ཐང་དང༌། རང་ཉིད་ཀྱི་འདུག་ས་རང་ཉིད་འགྲོ་སའི་ཁོར་ཡུག་གང་ས་གང་དུ་ཡང་ཁྱོད་ཀྱིས་བེད་སྤྱོད་ཀྱི་རིན་ཐང་ཇི་ལྟར་ངོས་འཛིན་བྱེད་ཀྱི་ཡོད་ལ། དེ་ལྟར་མཛད་སྤྱོད་ཀྱི་རྣམ་པའི་གཤིས་ཀ་ཡིས་ཁོར་ཡུག་ལ་བཟུང་བའི་རྣམ་འགྱུར་ནི་རང་སྟེང་ནས་ངོས་འཛིན་ཐོབ་དགོས། དཔེ་འཇོག་ཆུང་ས་ཞིག་ནི། ཁྱོད་ཀྱི་དུད་སྣེ་དང་མོ་རང་གི་གཙང་ཤོག ཕོད་བཞག་པ བཅག་བཞག་པ་སོགས་ནི་མཛད་སྤྱོད་ཀྱི་ཀུན་སློང་ལ་དོ་སྣང་མ་བྱས་པའི་རྣམ་འགྱུར་ལས་ཐོན་ཡོད་པས་ན། ང་ཚོས་རང་ཉིད་ཀྱི་ཉིན་རེའི་འགུལ་བསྐྱོད་ཁྲོད་ཀྱི་མཛད་སྤྱོད་དུ་དོ་སྣང་བྱེད་དགོས་པར་བསམ།

གད་སྙིགས་ཀྱི་མིང་ཚིག་གི་ཡི་གེ་འདི་གཉིས་ཀྱི་འབྱུང་ས་ནི་དྲི་བ་ཞིག་ཡིན་ལ། དྲི་བ་དེ་ནི་ཧ་ཅང་གིས་ལས་སླ་མོ་ཞིག་ཀྱང་ཡིན་མོད། སྤྱི་ཚོགས་ཀྱིས་འདི་ལ་ལག་ལེན་གྱི་ལན་འདེབས་གནང་བའི་སྐབས་སུ་འཐུས་ཤོར་ལ་འགྲོ་བཞིན་པའི་བྱ་སྤྱོད་གང་མང་ཞིག་མཆིས་ཀྱིན་འདུག  ཁྱོད་རང་གིས་གཙང་སྒྲ་བྱེད་དགོས་དོན་ཅི་ཡིན། ཁྱོད་རང་གཙང་མ་ལ་དགའ་དོན་ཅི་ཞིག་རེད། དེ་བས་ཁྱོད་རང་གིས་ཁྱོད་རང་གི་དགའ་ཕྱོགས་དང་དགོས་མཁོ་དེ་རང་ཉིད་ལ་བསྐོང་ཐུབ་ཀྱི་འདུག་གམ།  དྲི་བ་འདི་དེད་ནས་སོང་ན། ད་གཟོད་འཐུས་ཤོར་གྱི་བྱ་སྤྱོད་མང་པོ་ཞིག་རྙེད་ངེས་ལ།  མིང་ཚིག་དེ་ནི་གད་སྙིགས་ཀྱི་འབྱུང་ས་དང༌། གད་སྙིགས་ཀྱི་ཕུང་པོ་དེ་དག་བསྐྲུན་མཁན་དུ་གྱུར་ཡོད་རེད། གལ་སྲིད་ང་ཚོས་ས་གང་དང་གང་ལ་སོང་ཡང་ཆེས་མཐོང་ཆོས་སུ་གྱུར་བའི་གད་སྙིགས་ཀྱི་ས་གནས་སུ་སོང་ནས་ཞིབ་ལྟ་ཞིག་བྱས་ན། སྐབས་དེར་མི་སྒེར་སོ་སོ་ལ་ངེས་ཟིན་ཐོབ་པའི་བསམ་བློ་ཞིག་རྙེད་པར་བྱེད་ལ།  སྐབས་དེ་ནས་སའི་གོ་ལའི་ལྗང་མདོག་གི་རྣམ་འགྱུར་རྡོག་བརྫིས་གཏོང་བཞིན་པའི་མིའི་མཛད་སྤྱོད་ཀྱི་རྣམ་འགྱུར་མཐོང་སྲིད་ལ། སྐབས་དེར་ང་ཚོས་རང་ཉིད་ཀྱི་ཆེས་གལ་ཆེ་བའི་གད་སྙིགས་ཀྱི་གཏོར་བཤིག་ཅིག་མཐོང་ཐུབ་ངེས་པ་བཅས་ཀྱིས་ང་ཚོས་རང་ཉིད་ནས་མགོ་འཛུགས་བྱེད་དགོས་པ་ནི་གལ་ཆེ་བའི་དོ་སྣང་དུ་མཐོང་དགོས་འདུག

མདོར་ན་ང་ཚོས་སྨྲ་ཤེས་ཤིང་དོན་གོ་བའི་མི་ཞིག་གི་མིང་ཡོད་པའི་ཆ་རྐྱེན་འདིས། ང་ཚོས་རང་བྱུང་ཁམས་འདུད་སྦྱོངས་བྱས་པའི་བེད་སྤྱོད་རྣམ་པ་ཧ་ཅང་མང་དྲག་ཡོད། དེ་བཞིན་དུ་རང་ཉིད་ཀྱི་སྟེང་ནས་བྱུང་བའི་རང་བྱུང་ཁམས་སུ་གནོད་པའི་གད་སྙིགས་ནི་ནམ་ཡང་འགྲོ་ལུགས་བཞིན་སྒྲུབ་དགོས་ཤིང༌། རང་བྱུང་ཁམས་ཀྱི་ཆེས་དགོས་མཁོ་ཆེ་བ་བདག་སྐྱོང་བྱས་ཏེ། རང་ཉིད་དང་མི་རབས་རྗེས་མ་རྣམས་ཀྱི་ཆེད་དུ་རང་ཉིད་དང་རང་གི་མཛད་སྤྱོད་ལ་དོ་སྣང་བྱེད་དགོས་པ་ནི་ཧ་ཅང་གི་གལ་ཆེན་ཞིག་རེད་འདུག

༢༠༡༥།༠༥།༢༠ལ།

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།