ཀ་ཕྲེང་བསྒྲིགས་པའི་མིག་སེར།

ཀ་ར་ཟས་པ།། ཁ་སྣ་བཙོག་པ།། ག་རེ་བྱེད་པ།། ང་ཡི་ཆུང་དུས།།
ཅ་ཅོ་མང་པ།། ཆ་ལུགས་རྙིང་པ།། ང་ཆང་ཉུང་པ།། ཉ་མ་ཡིན་དུས།།
ཏ་ལེན་ཁུར་པ།། ཐ་མག་འཐེན་པ།། ད་གཟོད་ཤེས་པ།། ན་ཚོད་གཞོན་དུས།།
པ་ལགས་བཙན་པ།། ཕ་སར་སྡོད་པ།། བ་ཕྱུགས་འཚོས་པ།། མ་རབས་ཡིན་དུས།།

ཙ་ཙིག་དཀའ་བ།། ཚ་གྲང་ཐུབ་པ།། ཛ་ལང་ཉུང་པ།། ཝ་ལེར་གསལ་དུས།།
ཞྭ་ཀྱོལ་མིན་པ།། ཟ་འཐུང་མང་པ།། འ་འུར་ཆུང་པ།། ཡ་རབས་ཡིན་དུས།།

ར་རྫི་དོར་པ།། ལ་ལུང་བསྐྱུར་པ།། ཤ་དར་ཡིན་པ།། ས་མཐར་ཡོད་དུས།།
ཧ་ཅང་སྐྱིད་པ།། ཨ་ལ་སྐྱོ་བ།། ཧ་ལམ་སྡུག་པ།། ཨ་མཚར་ཡིན་དུས།།

ཧ་ཅང་གསལ།། ཨ་ཕ་ལགས།། ཧ་ལམ་ཤེས།། ཨ་མ་ལགས།།
ས་མཐའ་ན།། ཤ་ཚ་མེད།། ལ་ལ་ཞིག། ར་ཁུར་དགའ།།

ཡ་ཁོག་ཏུ།། འ་ཅག་བོད།། ཟ་རྒྱུ་ཞིམ། ཞ་འཁུམས་མིན།།
ཝ་སྙིང་ཡོད།། ཛ་ལང་མང་།། ཚ་ཐུབ་དཀའ།། ཙ་ཡ་བྱེད།།

མ་བསམ་ནས།། བ་ཤ་ཟས།། ཕ་མེས་སྲོལ།། པ་ནས་འཆོལ།།
ན་རག་མང་།། ད་ལྟའི་དུས།། ཐ་མག་ཆང་།། ཏ་རིན་བཞིན།།

ཉ་ཉོག་བཤད།། ཇ་ཆང་འཐུང་།། ཆ་ལུགས་ཡལ།། ཅ་དག་བྱེད།།
ང་ཚོ་མི།། ག་རེ་དགོས།། ཁ་སེམས་ན།། ཀ་ཅ་བསམ།།

༢༠༡༥།༠༢།༢༧ཉིན་བྲིས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།