ཉི་མ་ནུབ་སོང་། རྒྱ་ནག་ནུབ་སོང་།

ཉི་མ་ནུབ་སོང་། རྒྱ་ནག་ནུབ་སོང་།


_________________ཁྲོ་གཏུམ།


འཇིག་རྟེན་དཀར་ངོགས་སུ་གངས་ཏི་སེ་མཐོ་ཟེར
ཉི་འོད་ཀྱི་ལག་པ་རི་བོ་དེའི་བང་རིམ་ལ་སྙོབ་ཡོད
གངས་འཁྱག་བརྩེགས་རིམ་གྱི་ཁྲོད་ལ་ཉི་འོད་ཀྱིས་འཕྱིད་བརྡར་བྱས་མོང

ཉིད་འོད་ཡོད་ཀྱང་དྲོད་མེད་ས
ཟླ་བ་ཤར་ཀྱང་མོག་པོར་འགྱུར་ས
མིང་ལ་ཙི་ན ཡང་ན་རྒྱ་ནག ལྟ་བ་དམར་ཤོག
འཛམ་གླིང་གི་མི་བུ་རླབས་ཆེན་དག་ལ་སྡང་མིག་བགྲད་དེ
འཛམ་གླིང་ལ་ཁ་ཕྱོགས་པའི་མི་དག་བཙུར་བའི་ཚོགས་ཁག་ཅིག

དྲང་བདེན་ཡ་ཐོལ་ལ་བཟུང་བའི་མི་ཕོ་ཞིག
མང་གཙོ་ཡ་ཁོག་ལ་གཅུད་པའི་ཕོ་རབ་ཅིག
མི་བུ་ཞིག་གི་དཔའ་སྙིང་ལས་བརྡོལ་བའི་དྲང་བདེན་གཅིག་པུ་གཡོ་བ

རྒྱ་ཁ་མི་སྙོམས་པའི་ཁྲིམས་དེས་བཙོན་དུ་བཅུགས
འཛམ་གླིང་མི་རིགས་གང་ཡིན་ཀྱང་ཧང་སང་ཞོར་ཁྱོད་སར་ཧད་ཅིང
རྒྱལ་སྤྱི་ཡིས་མིག་ཟུར་རེ་གཡུགས་ཞོར་ལྷག་སོང་བ
འགྲོ་མིའི་ཐོབ་ཐང་གིས་སྒྲིག་གཞི་ཞིག་བཟོས་ཏེ་སྐད་ཅོར་འཐེན་པ
དེ་ལྟར་ཁྱོད་རང་བཙོན་ནས་སྙུན་ཞིང་སྨན་ཁང་ནས་བཀྲོངས

ཤི་ཚར་རྗེས་ད་གཟོད་ལིའུ་ཞའོ་པོ་ཞེས་འབོད་མཁན་དེ
ཁྱོད་ཀྱི་ཆུང་མ་གཅིག་པུ་མིན་ཀྱང་རུང
མིག་ཆུ་དངོས་བཞུར་མཁན་ནི་ཁྱོད་ཀྱི་ཆུང་མ་དང་ནང་མི་ཡིན

རྒྱ་ནག་ནུབ་སོང
ཞི་བདེ་གཟེངས་རྟགས་བཞེས་ཀྱང་རྒྱ་ནག་ནས་ནུབ་སོང
བདེན་པ་དང་ཞི་བདེ་བྲིས་ཀྱང་རྒྱ་ནག་ནས་ནུབ་སོང
རྒྱ་ནག་འཛམ་གླིང་གི་ཡངས་རྩེ་ནས་ནུབ་སོང
པེ་ཅིན་གྱི་སྒོ་འགྲམ་ནས་ནུབ་སོང

༢༠༡༧ཟླ༠༧ཚེས་༡༣ཉིན་རྒྱ་གར་ཉི་མ་དྲོ་ས་ནས་བྲིས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།