ལོ་ཟླ་ཤོག་བུའི་སྣེ་རུ་གཅུལ།

སེམས་ཀྱི་གཞུང་ན་བཞུར་བའི་མིག་ཆུ་དཀར་མར
ངག་རྒྱུགས་སུ་གཏོང་མ་ཐུབ་པའི་སྐད་ཆའི་གཏིང་རིང་པོ་དེ་ཡིན་དུས
ལོ་རྒྱུས་ཀྱི་ཁ་དོག་གིས་ཚེ་སྲོག་འཐུས་མྱོང་ཞིང
ཟིན་ཐོ་འགའ་ཤས་སུ་ལོ་ཚིག་གི་གནད་བཟུང་བ་བདེན་ཀྱང མིག་ལམ་དང་རྣ་ལམ་དུ་གསལ་ཁ་མ་ཐོན་པའི་དུས་རབས་ཀྱི་གླུ་ཤགས་ཧ་ཅང་མང་སོང
གྲངས་འདར་སེམས་སུ་རྒྱག་དགོས་དོན་ལ་གཞིགས་ན
མི་ཡི་ལོ་རྒྱུས་སུ་བོར་མྱོང་བ་དང་ཐོབ་མྱོང་བའི་རེས་མོས
ནམ་ཡང་ཤོར་སོང་བའི་ཚོར་བ་དག་གི་རྩེ་མོ་བཏོག་ཞོར
སྣང་བ་དབྱངས་སུ་བཀུག་ཞོར་སྣ་གླུ་འཐེན་པར་རེམས
དབུགས་འབྱིན་རྔུབ་ཀྱི་སྒྲ་གདངས་མ་མཚུངས་བའི་ཉིན་དེ་དག་གིས
ལོ་ཟླའི་འགྱུར་ལྡོག་གཅིག་པུ་མ་ཡིན་པར
གཤིས་ཀའི་བར་གསེང་རེར་འཕྱུར་བའི་རྡུལ་ཕྲན་གྱིས་ཤོག་བུ་ཟ་བཞིན་འདུག
༢༠༡༥།༠༡།༢༦ཉིན་བྲིས་ཚར།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།