ཉི་ཁུག་གི་རི་གྲོང་།

--ཞོགས་པ་རེར་ངེད་ཚང་གི་མཐོང་ཡངས་བའི་སྒོ་ཁ་ནས་སྤུར་བའི་སེམས་ཁམས་ཤིག

མིག་ལམ་ལ་ནམ་རྒྱུན་ལྷུང་འགྲོ་བའི་རི་ཁུག་དེའི་མེ་ལོང་ན
ནགས་ལྗང་ཁུའི་གསར་རྒོད་འདུ་ས་ཞིག
ནགས་ཚལ་གྱི་སྐྲ་ལོ་དང་ཁང་བརྩེགས་ཀྱི་འགྲན་རྩོད་བར་དུ སྤྲང་པོ་དང་བཙན་བྱོལ་བའི་ཁྲག་དོག་མཁའ་ལས་ཡངས
ངས་ནམ་རྒྱུན་ཞོགས་ཉིའི་དྲོད་ཁོལ་ལ་རྒྱབ་ཤ་བསྲོ་བའི་དུས་ཆད་ལ
ངའི་མཐོང་འོག་གི་རྡ་ཞོལ་ནི་རི་ཁུག་ཉི་མ་དྲོ་ས་ཞིག་ཏུ་བབས
ཉི་ཁུག་གི་རི་གྲོང་མཐོང་ན་སེམས་ཁའི་གྲང་ངར་ཡལ་འགྲོ
རི་གྲོང་ཉི་ཁུག་ནས་གཉིད་པའི་རྣམ་པ་འདི
ངའི་འདུག་ཁོམ་མེད་པའི་སེམས་ཁར་ཤོག་བྱ་རེ་སྤུར་མྱོང
ཞོགས་པ་སྔར་བཞིན་དུས་ལྟར་སླེབས་ཡོང
རི་ཁུག་སྔར་བཞིན་ཉི་ཁུག་དེའི་སྡོང་གསེབ་དུ་འཚོ
མེ་ཏོག་མེད་པའི་རི་ཁུག་གི་ངོས
ངའི་ཕ་ཡུལ་གྱི་རྩིབ་ཤ་ཚོན་པོ་དག་མེད་རུང
ངས་ཕ་ཡུལ་ལ་རླུང་འཚུབ་ལྡང་མྱོང་བའི་སྒྲུང་གིས
ངའི་རི་ཀླུང་ལ་ལུག་ཁྱུའི་མུ་གེ་བྱུང་བའི་ངག་རྒྱུན་དུ
ང་འདི་ལྟར་ཉི་ཁུག་གི་རི་གྲོང་དུ་ལོབ་པར་སྣང

༢༠༡༤།༡༢།༡༨ཉིན།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།