མི་རྒྱ་བྷ་དང་ཁྱི་རྒྱ་བྷའི་ཀློག་མཐོ།

 

མི་རྒྱ་བྷ་དང་ཁྱི་རྒྱ་བྷའི་ཀློག་མཐོ།
སྒྲུང་གཏམ་འབྲི་མཁན་སྟགས་འབུམ་རྒྱལ་གྱིས་བརྩམས་གནང་མཛད་པའི་མི་རྒྱ་བྷ་དང་ཁྱི་རྒྱ་བྷའི་སྒྲུང་ཀློག་པ་ཞིག
མི་རྒྱ་བྷ་དང་ཁྱི་རྒྱ་བྷ་གཉིས་ཀྱི་འགལ་འབྲེལ་བར་ནས་སྒྲུང་གི་བྱུང་རིམ་དང་མཇུག་གྲུབ་བྱས་འདུག རྩོམ་པ་པོས་བློས་བསླངས་བྱས་པའི་འགལ་ཟློག་གི་བརྗོད་གཞི་ལས་མིའི་སྤྱི་ཚོགས་དང་། སྤྱི་ཚོགས་ཀྱི་འགོ་འཛིན། དེ་མིན་དེ་དང་འབྲེལ་ཡོད་ཀྱི་དབང་ཆ་ཅན་དག་གི་རྣམ་འགྱུར། ཡོད་ཚད་ནས་གཅིག་གིས་གཅིག་ལ་ངོ་ཤེས་བཟང་ས་དང་། ངོ་ཆེན་ངོ་མེད་ཀྱི་འཐབ་རྩོད་ཀྱིས་རྙོག་དྲ་མང་དུ་འཕེལ་ཞིང་། མི་སྣ་གཙོ་བོ་གཅིག་གི་རྒྱབ་བརྟེན་ནས་གཞན་དག་ལ་ཁ་ཡོད་ལག་ཡོད་ཀྱི་གནས་ལུགས་རིལ་མ་ཙམ་ཡང་བཤད་དབང་མེད་ལ། ཡོད་ཀྱང་ཁ་བསྒྱུར་དང་ཕར་མདེལ་བྱེད་པའི་རྐྱེན་ལས། སྒྲུང་འདིའི་འགན་འཁྲིར་འཁྱིལ་བའི་ཚིལ་ཞགས་ནི་དབང་ཆ་སྒེར་བདག་ཡིན་ཞིང་། རྒྱབ་ཡ་དཔུང་ཆད་ཀྱི་མི་ཡིས་ཅི་འདོད་བྱེད་མི་ཐུབ་ལ། ལས་ཀ་ཙག་ཙིག་ལ་ཡང་གཟབ་དགོས་པར་བསྟན་འདུག
ཁྱི་རྒྱ་བྷ་ནི་སྤྱི་ཚོགས་ནས་ཕར་བཏགས་པའི་སྣང་བ་མི་འགྲོ་བའི་སྐད་ཆ་ཞིག་མིན་ལ་ཁྱི་བདག་གིས་བཏགས་པའི་གཅེས་མིང་རེད།  ཁྱི་རྒྱ་བྷའི་བཅའ་སྲོལ་ལས་སྲོལ་གྱིས་སྤྱི་ཚོགས་སྟེང་གི་མི་རྣམས་སུན་རྩེར་བཏགས་ཡོད་པ་མ་ཟད། སྡེ་དཔོན་ཚང་གི་ཁྱི་མིན་པ་ཡིན་ན། ཁྱི་རྒན་དེ་ནི་ལྐོག་ནས་དུག་གིས་གསད་དགོས་དོན་མི་འདུག་པས། འདི་ནས་བཙན་གཉོམ་གྱི་ཆ་ཞིག་ཤེས་མཐོང་ཐུབ།
མྱི་རྒྱ་བྷ་ནི་ཁྱི་བདག་གིས་སྣང་བར་མི་འགྲོ་བའི་མི་དེ་ལ་བཏགས་པ་ཞིག མི་དེ་ནི་རོང་ཁུལ་ནས་འབྲོག་ཁུལ་ལ་རྒྱང་བའི་དགེ་རྒན་ཞིག་རེད། སྡེ་དཔོན་གྱིས་གསང་ཡུམ་བཙལ་བའི་སྐབས་སུ་སྡེ་འདིའི་གསར་བུ་རྐྱ་སྟོང་འགས་ནམ་རྒྱུན་སྡེ་དཔོན་ལ་གསང་མྱུལ་གྱིས་རྙེད་རྐོ་བྱས་ཤིང་། རོང་ཁུལ་ནས་ཐོན་པའི་དགེ་རྒན་དེས་ཡང་ཁོ་ཚོ་དང་མཉམ་དུ་ཆང་འཐུང་བའི་དགོང་མོ་དེར། སུ་ཞིག་ཨ་ནེ་ཕག་ཚོ་ཚང་གི་ཁྱིམ་ལ་སོང་ནས་ཕྱིར་ཡོང་ཐུབ་མཁན་ལ་མི་རེས་རྒྱ་སྐོར་ལྔ་ཅུ་རེ་སྟེར་བའི་རྒྱན་འཇོག་བྱས་དུས། དགེ་རྒན་རྒྱ་མཚོས་འགྲོ་བར་ཐག་བཅད་ནས་སོང་ཞིང་། སྡེ་དཔོན་དང་ཨ་ནེ་ཕག་མཚོ་གཉིས་སུ་རྐྱ་སྟོང་དག་གིས་སྔོན་ནས་རྙེད་རྐོ་མང་པོ་བྱས་ཡོད་པས། ཁོ་རང་བཟུང་ཞིང་གཅར་གྲབ་བྱེད་དུས། ཁོས་ཆུ་ཁོལ་ཞིག་འཐུང་དགོས་རབ་སོགས་བཤད་ནས་གཅར་མ་ཐུབ་པ་མ་ཟད། སྡེ་དཔོན་གྱི་ངོ་གདོང་གསལ་ལེར་མཐོང་སོང་བས་ཁོ་གཉིས་ཀྱིས་ལམ་སང་འགྲོ་རུ་བཅུག་འདུག
ཉིན་དེ་ནས་བཟུང་སྡེ་དཔོན་སྐ་ཐེ་ཡི་མིག་མདུན་དང་སེམས་ནང་ན། དགེ་རྒན་རྒྱ་མཚོ་ནི་ཁོའི་གསང་བའི་ལྡེ་མིག་རེད་བསམ་བསྡད་ཡོད་པ་དང་། ཆང་དང་ཁ་བཏགས་ཀྱིས་ལྐོག་མ་བརྫང་བར་ཡང་འབད་སོང་། ཡུན་གྱིས་སྡེ་དཔོན་གྱི་གསང་ཡུམ་སྐོར་ནད་ཡམས་བཞིན་སྤྱི་ཚོགས་སུ་ཡན་ནས་ཡོང་བ་ན། དགེ་རྒན་རྒྱ་མཚོར་དོག་པ་ཟོས་ཤིང་། སྡེ་དཔོན་གྱི་དབང་ཆ་བཀོལ་ནས་ཁོ་རང་རྨོངས་སེལ་སློབ་གྲྭའི་དགེ་རྒན་དུ་མངགས།
འདི་དག་གི་ལས་གཞི་དངོས་དེ་སྤྱི་ཚོགས་སྒང་གི་གསང་མྱུལ་བ་ལྟ་བུའི་རྐྱལ་སྟོང་དག་ཡིན་ནའང། རྒྱ་མཚོ་ལ་རྒྱ་རྒན་དང་རྒྱ་བྷ་སྟེ་ས་འདིའི་སྲོལ་བཞིན་བརྩི་བའི་མིང་གི་རྗེས་མར་བྷ་བཏགས་པ་ཡིན་ན་གཅེས་མིང་ཡིན་པ་དེ་ཡང་། ལས་དབང་གིས་རྒྱ་མཚོར་རྒྱ་བྷ་བཏགས་དོན་ནི་ཚིག་རྒྱག་ཅིག་དང་ཟུར་ཟ་ཞིག་ཡིན་འདུག
སྡེ་དཔོན་སྐ་ཐེ་ལ་འཁོར་བའི་མྱི་ཁ་དག་བེད་སྤྱད་ནས་ཨ་ནེ་ཕག་མཚོས་སློབ་གྲྭ་རུ་ཆུ་ཁོལ་སྐོལ་བའི་བྱ་བ་རག་སོང་བ་དང་། མྱི་རྒྱ་བྷས་ཞིང་གྲོང་ལ་ལས་སྤོ་བྱེད་པའི་གོ་སྐབས་རག་པ་མ་ཟད། སྡེ་དཔོན་སྐ་ཐེ་ཚང་གི་བུ་མོ་ཁོ་བོ་ལ་བརྩེ་བ་ཆགས་ཤིང་མེ་ཏོག་བླངས་བ་འདི་ལས། ཕ་རྒན་གྱིས་བསམ་ངན་བྱེད་ས་ལ་བུ་མོས་འདང་ཅན་བྱེད་པ་འདི་ནས་རྩོམ་པ་པོས་སྡེ་དཔོན་དང་དགེ་རྒན་རྒྱ་མཚོ་གཉིས་ལ་དྲང་བདེན་གྱི་དབྱེ་བ་བགར་བྱེད་དུ་བཞག་འདུག
འདི་ལྟར་མཇུག་བསྡུ་བྱས་དུས་ཀློག་པ་པོས་ཅི་ཞིག་མཐོང་ཡོད་པ་དང་རག་ཡོད་པ་དག་ནི། དབང་ཆ་སྒེར་འཛིན་དང་རྒྱབ་ཡ་དཔུང་ཆད། ལྐོག་མ་རྔན་སྤྲོད་ཀྱིས་འགྲོ་ཤེས་འདུག་ཤེས་བྱེད་ཤེས་པའི་མི་རྒྱ་བྷས་སྒྲུང་འདིའི་མི་སྣ་གཙོ་བོ་དང་། ཁོང་ལ་བསྟེན་ནས་སྒྲུང་གི་འཕེལ་རྒྱས་ཀྱི་རྣམ་པ་མཐོར་འདེགས་བྱས་ཡོད་ལ། ལྷག་ཏུ་ཁོའི་ཆུང་མ་ཡུལ་ནས་མ་ཡོང་བའི་སྐབས་ཀྱི་གཏམ་རྒྱུད་མཇུག་གྲུབ་མ་བྱས་པར་བཞག་ནས། ཁོའི་རྨོང་སེལ་སློབ་གྲྭའི་ལས་འཆར་སྐོར་ལ་འཆོངས་ནས་མཐར་མཇུག་གི་ཁོ་རང་ཅུང་དཀར་འདོན་བྱེད་ཐུབ་པ་དང་། མ་ཉེས་ཁ་གཡོགས་ཡིན་ཚོད་སྤྱི་ཚོགས་ནས་ཐོན་སྐབས་དེ་ཙ་ན། ཡུལ་ནས་ཁ་པར་ཐོན་དེ་ཁོའི་ཆུང་མ་ཡུལ་ལ་ཡོང་ཡོད་པའི་གཏམ་བཟང་ཐོས་པ་དང་མཉམ་གཅིག་ཆགས་ཡོད་པ་འདི་ནི་མི་ཚང་མར་བྱུང་མྱོང་བའི་མི་ཚེའི་ཉམས་མྱོང་གི་བརྒྱུད་རིམ་ཞིག་དང་ལྟས་ངན་བྱུང་ན་མ་འདྲ་བ་དུ་མ་དང་ལྟས་བཟང་ཡང་དེ་བཞིན་དུ་འདུག  རྩོམ་པ་པོས་རྙོག་དྲ་མང་པོ་ཞིག་གི་གཡུལ་ས་ནས་རྩོམ་གྱི་མགོ་མཇུག་སྦྲེལ་སྟངས་སུ་ཀློག་པ་པོར་ཆད་ལྷག་མེད་པ་ཞིག་བཞེངས་བསྐྲུན་བྱས་པས་ན་ཀློིག་པ་པོའི་ངོས་ནས་དགེ་རྒན་རྒྱ་མཚོ་དམིགས་བཟུང་བའི་ངོས་ཆ་ཞིག་འགྲུབ་པར་བྱས་སོང་།
སྡེ་དཔོན་སྐ་ཐེ་དང་དགེ་རྒན་རྒྱ་མཚོ་གཉིས་ནི་སྒྲུང་འདིའི་ཁོར་ཡུག་དང་། སྤྱི་ཚོགས་འདིའི་ཁོར་ཡུག་ནང་གི་མི་སྣ་མ་འདྲ་བ་གཉིས་ཡིན་ཏེ། གཅིག་ལ་དབང་ཆ་དང་གཞན་དེ་ལ་ཤེས་ཡོན་ལྡན། དབང་ཆའི་སྟོབས་ཀྱིས་སུ་སྣང་བར་མི་འགྲོ་བ་དེ་ནི་ག་རེ་བྱེད་བྱེད་དུ་འགྱུར་འགྲོ་བས། སྡེ་དཔོན་གྱི་སྣང་བར་དགེ་རྒན་རྒྱ་མཚོ་མ་སོང་བས། སློབ་གཙོར་ལྐོག་ངན་སྤྲད་དེ་རྒྱ་མཚོར་འདྲ་མིན་ཞིག་བྱེད་བསམ་ཡང་། རྫུན་ལུང་པ་གཉིས་ཀྱི་ཕུ་ཐག་ཐུང་ཟེར་བ་ལྟར་སྡེ་དཔོན་ལ་སྤྱི་ཚོགས་ཀྱི་མི་ཁ་གྲངས་མེད་བྱུང་དང་བྱུང་བཞིན་པ་དང་། མ་བསམ་ས་ནས་ཨ་ནེ་ཕག་མཚོས་སྡེ་དཔོན་ལ་མི་མང་འདུ་ས་ཞིག་ནས་ལས་འདེད་བྱས་བ་སོག་ཀྱིས་རྒྱ་མཚོར་ཁྱི་རྒྱ་བྷ་ཟེར་བའི་ཚང་མང་ཞིག་བཏགས་པ་མ་གཏོགས། བསམ་ངན་ཅི་ཡང་བཅངས་མ་ཐུབ་པའི་མཐར་སྡེ་དཔོན་གྱིས་རྒྱ་བྷ་གཅིག་ཤི་སོང་རུང་། རྒྱ་བྷ་གཅིག་གསོན་ཡོད་རེད། ཟེར་བ་དང་། རྒྱ་མཚོས་ཡང་  ཁྱོད་ཀྱིས་དེ་ལྟར་བཤད་དེ་ང་ལའང་སློབ་གསོ་མང་པོ་ཞིག་ཐོབ་ཡོད་པས། དེང་ཕྱིན་རང་ཉིད་ལ་ཁྱི་ཡི་རྔ་མ་ཞིག་སྐྱེ་རུ་གཞུག་མི་སྲིད། ཅེས་ལབ་འདུག་པ་འདི་ནི་སྒྲུང་གི་སྤྱི་སྡོམ་དང་བརྗོད་སྙིང་དུ་ངོས་བཟུང་ཆོག་གི་སྙམ་སོང་།
༢༠༡༣།༡༢།༨ཉིམ་བྲིས་ཚར

སྒྲུང་གཏམ་འབྲི་མཁན་སྟགས་འབུམ་རྒྱལ་གྱིས་བརྩམས་གནང་མཛད་པའི་མི་རྒྱ་བྷ་དང་ཁྱི་རྒྱ་བྷའི་སྒྲུང་ཀློག་པ་ཞིག

མི་རྒྱ་བྷ་དང་ཁྱི་རྒྱ་བྷ་གཉིས་ཀྱི་འགལ་འབྲེལ་བར་ནས་སྒྲུང་གི་བྱུང་རིམ་དང་མཇུག་གྲུབ་བྱས་འདུག རྩོམ་པ་པོས་བློས་བསླངས་བྱས་པའི་འགལ་ཟློག་གི་བརྗོད་གཞི་ལས་མིའི་སྤྱི་ཚོགས་དང་། སྤྱི་ཚོགས་ཀྱི་འགོ་འཛིན། དེ་མིན་དེ་དང་འབྲེལ་ཡོད་ཀྱི་དབང་ཆ་ཅན་དག་གི་རྣམ་འགྱུར། ཡོད་ཚད་ནས་གཅིག་གིས་གཅིག་ལ་ངོ་ཤེས་བཟང་ས་དང་། ངོ་ཆེན་ངོ་མེད་ཀྱི་འཐབ་རྩོད་ཀྱིས་རྙོག་དྲ་མང་དུ་འཕེལ་ཞིང་། མི་སྣ་གཙོ་བོ་གཅིག་གི་རྒྱབ་བརྟེན་ནས་གཞན་དག་ལ་ཁ་ཡོད་ལག་ཡོད་ཀྱི་གནས་ལུགས་རིལ་མ་ཙམ་ཡང་བཤད་དབང་མེད་ལ། ཡོད་ཀྱང་ཁ་བསྒྱུར་དང་ཕར་མདེལ་བྱེད་པའི་རྐྱེན་ལས། སྒྲུང་འདིའི་འགན་འཁྲིར་འཁྱིལ་བའི་ཚིལ་ཞགས་ནི་དབང་ཆ་སྒེར་བདག་ཡིན་ཞིང་། རྒྱབ་ཡ་དཔུང་ཆད་ཀྱི་མི་ཡིས་ཅི་འདོད་བྱེད་མི་ཐུབ་ལ། ལས་ཀ་ཙག་ཙིག་ལ་ཡང་གཟབ་དགོས་པར་བསྟན་འདུག

ཁྱི་རྒྱ་བྷ་ནི་སྤྱི་ཚོགས་ནས་ཕར་བཏགས་པའི་སྣང་བ་མི་འགྲོ་བའི་སྐད་ཆ་ཞིག་མིན་ལ་ཁྱི་བདག་གིས་བཏགས་པའི་གཅེས་མིང་རེད།  ཁྱི་རྒྱ་བྷའི་བཅའ་སྲོལ་ལས་སྲོལ་གྱིས་སྤྱི་ཚོགས་སྟེང་གི་མི་རྣམས་སུན་རྩེར་བཏགས་ཡོད་པ་མ་ཟད། སྡེ་དཔོན་ཚང་གི་ཁྱི་མིན་པ་ཡིན་ན། ཁྱི་རྒན་དེ་ནི་ལྐོག་ནས་དུག་གིས་གསད་དགོས་དོན་མི་འདུག་པས། འདི་ནས་བཙན་གཉོམ་གྱི་ཆ་ཞིག་ཤེས་མཐོང་ཐུབ།

མྱི་རྒྱ་བྷ་ནི་ཁྱི་བདག་གིས་སྣང་བར་མི་འགྲོ་བའི་མི་དེ་ལ་བཏགས་པ་ཞིག མི་དེ་ནི་རོང་ཁུལ་ནས་འབྲོག་ཁུལ་ལ་རྒྱང་བའི་དགེ་རྒན་ཞིག་རེད། སྡེ་དཔོན་གྱིས་གསང་ཡུམ་བཙལ་བའི་སྐབས་སུ་སྡེ་འདིའི་གསར་བུ་རྐྱ་སྟོང་འགས་ནམ་རྒྱུན་སྡེ་དཔོན་ལ་གསང་མྱུལ་གྱིས་རྙེད་རྐོ་བྱས་ཤིང་། རོང་ཁུལ་ནས་ཐོན་པའི་དགེ་རྒན་དེས་ཡང་ཁོ་ཚོ་དང་མཉམ་དུ་ཆང་འཐུང་བའི་དགོང་མོ་དེར། སུ་ཞིག་ཨ་ནེ་ཕག་ཚོ་ཚང་གི་ཁྱིམ་ལ་སོང་ནས་ཕྱིར་ཡོང་ཐུབ་མཁན་ལ་མི་རེས་རྒྱ་སྐོར་ལྔ་ཅུ་རེ་སྟེར་བའི་རྒྱན་འཇོག་བྱས་དུས། དགེ་རྒན་རྒྱ་མཚོས་འགྲོ་བར་ཐག་བཅད་ནས་སོང་ཞིང་། སྡེ་དཔོན་དང་ཨ་ནེ་ཕག་མཚོ་གཉིས་སུ་རྐྱ་སྟོང་དག་གིས་སྔོན་ནས་རྙེད་རྐོ་མང་པོ་བྱས་ཡོད་པས། ཁོ་རང་བཟུང་ཞིང་གཅར་གྲབ་བྱེད་དུས། ཁོས་ཆུ་ཁོལ་ཞིག་འཐུང་དགོས་རབ་སོགས་བཤད་ནས་གཅར་མ་ཐུབ་པ་མ་ཟད། སྡེ་དཔོན་གྱི་ངོ་གདོང་གསལ་ལེར་མཐོང་སོང་བས་ཁོ་གཉིས་ཀྱིས་ལམ་སང་འགྲོ་རུ་བཅུག་འདུག

ཉིན་དེ་ནས་བཟུང་སྡེ་དཔོན་སྐ་ཐེ་ཡི་མིག་མདུན་དང་སེམས་ནང་ན། དགེ་རྒན་རྒྱ་མཚོ་ནི་ཁོའི་གསང་བའི་ལྡེ་མིག་རེད་བསམ་བསྡད་ཡོད་པ་དང་། ཆང་དང་ཁ་བཏགས་ཀྱིས་ལྐོག་མ་བརྫང་བར་ཡང་འབད་སོང་། ཡུན་གྱིས་སྡེ་དཔོན་གྱི་གསང་ཡུམ་སྐོར་ནད་ཡམས་བཞིན་སྤྱི་ཚོགས་སུ་ཡན་ནས་ཡོང་བ་ན། དགེ་རྒན་རྒྱ་མཚོར་དོག་པ་ཟོས་ཤིང་། སྡེ་དཔོན་གྱི་དབང་ཆ་བཀོལ་ནས་ཁོ་རང་རྨོངས་སེལ་སློབ་གྲྭའི་དགེ་རྒན་དུ་མངགས།

འདི་དག་གི་ལས་གཞི་དངོས་དེ་སྤྱི་ཚོགས་སྒང་གི་གསང་མྱུལ་བ་ལྟ་བུའི་རྐྱལ་སྟོང་དག་ཡིན་ནའང། རྒྱ་མཚོ་ལ་རྒྱ་རྒན་དང་རྒྱ་བྷ་སྟེ་ས་འདིའི་སྲོལ་བཞིན་བརྩི་བའི་མིང་གི་རྗེས་མར་བྷ་བཏགས་པ་ཡིན་ན་གཅེས་མིང་ཡིན་པ་དེ་ཡང་། ལས་དབང་གིས་རྒྱ་མཚོར་རྒྱ་བྷ་བཏགས་དོན་ནི་ཚིག་རྒྱག་ཅིག་དང་ཟུར་ཟ་ཞིག་ཡིན་འདུག

སྡེ་དཔོན་སྐ་ཐེ་ལ་འཁོར་བའི་མྱི་ཁ་དག་བེད་སྤྱད་ནས་ཨ་ནེ་ཕག་མཚོས་སློབ་གྲྭ་རུ་ཆུ་ཁོལ་སྐོལ་བའི་བྱ་བ་རག་སོང་བ་དང་། མྱི་རྒྱ་བྷས་ཞིང་གྲོང་ལ་ལས་སྤོ་བྱེད་པའི་གོ་སྐབས་རག་པ་མ་ཟད། སྡེ་དཔོན་སྐ་ཐེ་ཚང་གི་བུ་མོ་ཁོ་བོ་ལ་བརྩེ་བ་ཆགས་ཤིང་མེ་ཏོག་བླངས་བ་འདི་ལས། ཕ་རྒན་གྱིས་བསམ་ངན་བྱེད་ས་ལ་བུ་མོས་འདང་ཅན་བྱེད་པ་འདི་ནས་རྩོམ་པ་པོས་སྡེ་དཔོན་དང་དགེ་རྒན་རྒྱ་མཚོ་གཉིས་ལ་དྲང་བདེན་གྱི་དབྱེ་བ་བགར་བྱེད་དུ་བཞག་འདུག

འདི་ལྟར་མཇུག་བསྡུ་བྱས་དུས་ཀློག་པ་པོས་ཅི་ཞིག་མཐོང་ཡོད་པ་དང་རག་ཡོད་པ་དག་ནི། དབང་ཆ་སྒེར་འཛིན་དང་རྒྱབ་ཡ་དཔུང་ཆད། ལྐོག་མ་རྔན་སྤྲོད་ཀྱིས་འགྲོ་ཤེས་འདུག་ཤེས་བྱེད་ཤེས་པའི་མི་རྒྱ་བྷས་སྒྲུང་འདིའི་མི་སྣ་གཙོ་བོ་དང་། ཁོང་ལ་བསྟེན་ནས་སྒྲུང་གི་འཕེལ་རྒྱས་ཀྱི་རྣམ་པ་མཐོར་འདེགས་བྱས་ཡོད་ལ། ལྷག་ཏུ་ཁོའི་ཆུང་མ་ཡུལ་ནས་མ་ཡོང་བའི་སྐབས་ཀྱི་གཏམ་རྒྱུད་མཇུག་གྲུབ་མ་བྱས་པར་བཞག་ནས། ཁོའི་རྨོང་སེལ་སློབ་གྲྭའི་ལས་འཆར་སྐོར་ལ་འཆོངས་ནས་མཐར་མཇུག་གི་ཁོ་རང་ཅུང་དཀར་འདོན་བྱེད་ཐུབ་པ་དང་། མ་ཉེས་ཁ་གཡོགས་ཡིན་ཚོད་སྤྱི་ཚོགས་ནས་ཐོན་སྐབས་དེ་ཙ་ན། ཡུལ་ནས་ཁ་པར་ཐོན་དེ་ཁོའི་ཆུང་མ་ཡུལ་ལ་ཡོང་ཡོད་པའི་གཏམ་བཟང་ཐོས་པ་དང་མཉམ་གཅིག་ཆགས་ཡོད་པ་འདི་ནི་མི་ཚང་མར་བྱུང་མྱོང་བའི་མི་ཚེའི་ཉམས་མྱོང་གི་བརྒྱུད་རིམ་ཞིག་དང་ལྟས་ངན་བྱུང་ན་མ་འདྲ་བ་དུ་མ་དང་ལྟས་བཟང་ཡང་དེ་བཞིན་དུ་འདུག  རྩོམ་པ་པོས་རྙོག་དྲ་མང་པོ་ཞིག་གི་གཡུལ་ས་ནས་རྩོམ་གྱི་མགོ་མཇུག་སྦྲེལ་སྟངས་སུ་ཀློག་པ་པོར་ཆད་ལྷག་མེད་པ་ཞིག་བཞེངས་བསྐྲུན་བྱས་པས་ན་ཀློིག་པ་པོའི་ངོས་ནས་དགེ་རྒན་རྒྱ་མཚོ་དམིགས་བཟུང་བའི་ངོས་ཆ་ཞིག་འགྲུབ་པར་བྱས་སོང་།

སྡེ་དཔོན་སྐ་ཐེ་དང་དགེ་རྒན་རྒྱ་མཚོ་གཉིས་ནི་སྒྲུང་འདིའི་ཁོར་ཡུག་དང་། སྤྱི་ཚོགས་འདིའི་ཁོར་ཡུག་ནང་གི་མི་སྣ་མ་འདྲ་བ་གཉིས་ཡིན་ཏེ། གཅིག་ལ་དབང་ཆ་དང་གཞན་དེ་ལ་ཤེས་ཡོན་ལྡན། དབང་ཆའི་སྟོབས་ཀྱིས་སུ་སྣང་བར་མི་འགྲོ་བ་དེ་ནི་ག་རེ་བྱེད་བྱེད་དུ་འགྱུར་འགྲོ་བས། སྡེ་དཔོན་གྱི་སྣང་བར་དགེ་རྒན་རྒྱ་མཚོ་མ་སོང་བས། སློབ་གཙོར་ལྐོག་ངན་སྤྲད་དེ་རྒྱ་མཚོར་འདྲ་མིན་ཞིག་བྱེད་བསམ་ཡང་། རྫུན་ལུང་པ་གཉིས་ཀྱི་ཕུ་ཐག་ཐུང་ཟེར་བ་ལྟར་སྡེ་དཔོན་ལ་སྤྱི་ཚོགས་ཀྱི་མི་ཁ་གྲངས་མེད་བྱུང་དང་བྱུང་བཞིན་པ་དང་། མ་བསམ་ས་ནས་ཨ་ནེ་ཕག་མཚོས་སྡེ་དཔོན་ལ་མི་མང་འདུ་ས་ཞིག་ནས་ལས་འདེད་བྱས་བ་སོག་ཀྱིས་རྒྱ་མཚོར་ཁྱི་རྒྱ་བྷ་ཟེར་བའི་ཚང་མང་ཞིག་བཏགས་པ་མ་གཏོགས། བསམ་ངན་ཅི་ཡང་བཅངས་མ་ཐུབ་པའི་མཐར་སྡེ་དཔོན་གྱིས་རྒྱ་བྷ་གཅིག་ཤི་སོང་རུང་། རྒྱ་བྷ་གཅིག་གསོན་ཡོད་རེད། ཟེར་བ་དང་། རྒྱ་མཚོས་ཡང་ཁྱོད་ཀྱིས་དེ་ལྟར་བཤད་དེ་ང་ལའང་སློབ་གསོ་མང་པོ་ཞིག་ཐོབ་ཡོད་པས། དེང་ཕྱིན་རང་ཉིད་ལ་ཁྱི་ཡི་རྔ་མ་ཞིག་སྐྱེ་རུ་གཞུག་མི་སྲིད། ཅེས་ལབ་འདུག་པ་འདི་ནི་སྒྲུང་གི་སྤྱི་སྡོམ་དང་བརྗོད་སྙིང་དུ་ངོས་བཟུང་ཆོག་གི་སྙམ་སོང་།

༢༠༡༣།༡༢།༨ཉིན་བྲིས་ཚར།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།