སྐད་འཕྲིན་ལས་སྙན་ངག་སྐོར་གྱི་བསམ་ཚུལ་འགའ།

རང་མོས་དང་འབྲེལ་ཚིག་མཚམས་གཅོད་སྟངས།
བེའུ་རྫི་རྡ་རྡ།

ངག་གི་འདོད་འཇོ་བ་དག་ཞོགས་པ་བདེ་མོ།
བེའུ་རྫི་རྡ་རྡ།

རང་མོས་སྙན་ངག་ས་ཁྱབ་རྡོ་ཁྱབ་དུ་འགྲོ་བའི་གནད་དོན་འདི་ནི་ཡག་ཤོས་ཤིག་རེད་ལ།  བཙོག་ཤོས་ཤིག་རེད་འདུག  དྲི་བ་འདི་ནི་མི་རབས་འདི་ལ་བབས་པའི་སྐད་ཆ་ཤིག་རེད་དམ།
གྲི་གུག

མདོར་ན་སྙན་ངག་ཅེས་པ་འདི་རིག་པའི་རྩེད་འཇོ་ཞིག་ཡིན་པས་ལག་ལ་གང་ཡོང་དང་སུས་ཀྱང་འབྲི་ཐུབ་པ་ཞིག་དང་གང་བྱུང་བྲིས་པས་ཆོག་པ་ཞིག་ག་ལ་ཡིན། དེའི་སྟབས་ཀྱིས་རྗེ་རིན་པོ་ཆེས་ཀྱང་ས་སྟེང་གི་རིན་ཆེན་རྣམ་གསུམ་ལ་བགྲང་བ་རེད།
འདྲེ་རྐང་འཇིབ།

སྙན་ངག་ནི་སྒྱུ་རྩལ་ཅིག་ཡིན་ལ་དེ་ཡང་གསར་གཏོད་ཅིག་ཀྱང་ཡིན་པས་ཚང་མ་སྙན་ངག་ཏུ་མི་འགྲོ་བའང་འདི་ལ་ཐུག

བེའུ་རྫི་རྡ་རྡ།
ད་ལྟའི་བོད་ཀྱི་རང་མོས་འབྲི་མཁན་འདི་དག་གི་ངོས་ནས་བོད་ལ་སྔོན་བྱུང་མ་མྱོང་བའི་སྙན་ངག་གི་རྩལ་ཞིག་ཐོན་ཡོད་པར་འདུག་གམ།
རས་པ།ཿRepa
སྙན་ངག་ནི་མི་ཞིག་རྡོ་བར་དུ་རྡུང་ནས་ཕྱེ་མར་བཟོས་པ་དེ་རེད། སྙན་ངག་ནི་སྒྱུ་རྩལ་གྱི་རྐང་རེད། སྙན་ངག་ནི་རྣམ་ཤེས་ཀྱི་འགུལ་གཟུགས་ཤིག་རེད། སྙན་ངག་ནི་སྙན་ངག་རེད།
བེའུ་རྫི་རྡ་རྡ།
རང་མོས་སྙན་ངག་གིས་བོད་པ་ཟ་བའི་ཚོར་བ་བོད་སྐད་དངོས་བཀོད་སྤྱོད་བྱེད་པ་འདིས་ཤེས།
རས་པ།ཿRepa
སྙན་ངག་ཟེར་བ་འདི་སྨན་པ་ཞིག་གིས་ནད་པའི་རྩ་ལ་བརྟག་པ་ནང་བཞིན་བྱེད་དགོས། ལག་འཐིལ་གྱི་སྐྱུ་རུ་ར་བརློན་པ་བཞིན་གཟིགས་དགོས་པ་རེད།
གྲི་གུག
ལོ་ཅི་ཙམ་ཆེ་བ་དེ་ཙམ་གྱིས་དགེ་མཚན་ཡོད@བེའུ་རྫི་རྡ་རྡ།
བེའུ་རྫི་རྡ་རྡ།
མེ་ལུགས་ལོ་༨༠༠ལྷག་འགོར་བར་དགེ་མཚན་འེ་ཡོད།
གྲི་གུག
རྨང་ཇེ་བརྟན་དང་དེ་གཞི་ལ་བཞག་ནས་གསར་གཏོད་བྱས་ན་གཟི་བརྗིད་ལྡན་ངེས།@བེའུ་རྫི་རྡ་རྡ།
བེའུ་རྫི་རྡ་རྡ།
མེ་ལུགས་ཀྱི་རྨང་བཞག་ནས་གསར་གཏོད་ཡོད་དམ།
འདྲེ་རྐང་འཇིབ།
མ་བཟས་ན་བྲོ་བ་མི་ཤེས། མ་ཤེས་ན་རིན་ཐང་མི་ཚོར།
བེའུ་རྫི་རྡ་རྡ།

མེ་ལུགས་སྙན་ངག་པ་བསྐྱེད་སྲིང་བྱེད་བསྐྱེད་མ་རེད།  དེ་མི་གཅིག་ལ་ཨུ་ཚུགས་སྦྱང་བསྐྱེད་ཟིག་རེད།
བེའུ་རྫི་རྡ་རྡ།
དེ་ལོས་ཡིན།  གྲུ་གུག  རང་མོས་ཀྱིས་ལོ་སུམ་ཅུའི་རིང་ལ་བོད་ས་གང་སར་ཁྱབ་ནས་མེ་ལུགས་ལ་ཕོག་ཐུག་གཏོང་གི་འདུག
གྲི་གུག
རང་མོས་འདིས་དཔལ་དོན་འགྲུབ་རྒྱལ་སོགས་བསད་མྱོང་ནི་རེད། མེ་ལུགས་ཀྱིས་སུ་རྨེག་མེད་བཏང་སོང་ངམ།@བེའུ་རྫི་རྡ་རྡ།  ཧཧཧཧཧཧ
བེའུ་རྫི་རྡ་རྡ།
གསར་གཏོད་བཤད་ཀྱི་ཞིག་མ་རེད།  གསར་ཐོན་གང་ཡིན་པ་སྔོན་ལ་ཤེས་ཞིག་ཡང་མ་རེད་འདུག  དེ་བས་མེ་ལུགས་མེད་ན་གསར་གཏོད་མེད་ཟེར་ན མི་འགྲིག་པ་འདྲ།
གྲི་གུག
གསར་བ་ལ་དགའ་ལོས་འོས།  འོན་ཀྱང་དེ་ལས་ལྡོག་ནས་རྙིང་བར་སྡང་མི་ཉན་གི་འདོད།
བེའུ་རྫི་རྡ་རྡ།
མེ་ལུགས་ཀྱིས་བོད་ཀྱི་ས་པན་ཡན་ཆད་ལ་གྱེས་བརྡ་དང་མན་ཆད་ལ་མགྲོན་བརྡ་བཏང་ཏེ་གསར་གཏོད་ཀྱི་མཚམས་བཞག་རེད་བསམ། བོད་ཀྱི་མགོ་རྡོ་ཚོས་ཡང་ད་བར་རང་མོས་འབྲི་བཞིན་འདུག རང་མོས་འདི་བོད་ཀྱི་ཤེས་ཡོན་གྱི་རྫོང་མཐུག་མིན་ཀུན་ལ་ས་ཟོས་ནས་འགྲོ་བས།  ཚང་མས་འདང་རྒྱོབ་ར། མིག་མདུན་ན་བཤམས་ཡོད་སོང་།
གཉན་བུ
རེད།  མིའིི་སེམས་ཁམས་འགྱུར་བ་དང་བསྟུན་ནས་སྙན་ངག་ཀྱང་འགྱུར་དགོས་ནི་རེད།
དུས་རབས་དེའི་མིའི་དགོས་མཁོ་སྐོང་ཐུབ་ཀི་མེད་ན་ཨུ་ཚུགས་བྱས་ནས་ཕན་ཐོག་མེད་ལ།
བེའུ་རྫི་རྡ་རྡ།
གཉན་བུ་དེ་ནི་མི་རབས་གཅིག་གི་སྒང་ནས་བཤད་ན་འགྲིག་གི
ཡིན་ཡང་། རང་མོས་སྙན་ངག་གི་བསྟན་པ་དར་བཞིན་པའི་སྒང་འདི་ལ། ང་ཚོས་ད་རུང་བོད་ཀྱི་སྙན་ངག་གི་སོ་མཚམས་གསལ་བོ་ཞིག་མ་ཕྱེ་བར་རྒྱུག་གི་བསྡད་ན།  དེ་ཅི་རེད། ཧཧཧཧ
དུས་རབས་འདིའི་སྙན་ངག་ཅིག་མེད་ན།  སྔོན་དག་བསྐྱར་གླེང་དང་ཡིད་སྨོན་སྐྱེས་ནས་ཅི་བྱེད།
གཉན་བུ
བོད་ཀྱི་སྙན་ངག་ཟེར་ན་ག་འདྲ་ཞིག་ལ་ངེས་འཛིན་གྱི་རེད།   དེ་ཤེས་ན་ད་གཟོད་དེའི་སོ་མཚམས་ཤེས་ཀི་རེད་པ།    བོད་ཀྱི་སྙན་ངག་ཟེར་དུས་མེ་ལོང་མར་བསྟན་པའི་ཚིག་རྒྱན་སྙན་ངག་དེ་རེད་དམ།
"ད་བར་རང་མོས་ནས་ད་གཟོད་བོད་ཀྱི་སྙན་ངག་རྙེད་སྲིད་གི"@བེའུ་རྫི་རྡ་རྡ། གསལ་བོ་ཞིག་ཤོད་ད
བེའུ་རྫི་རྡ་རྡ།
ང་ཚོས་མེ་ལུགས་འདི་སྤྲི་འགྲོས་ཤིག་ཏུ་ངོས་བཟུང་ཆོག་གི  བོད་རང་གི་ཡུལ་གོམ་དངོས་ཀྱི་ཚོར་བ་ནང་ལ་འཐིམ་ཡོད་པའི་ད་བར་སྙན་ངག་དག་གིས་བོད་ཀྱི་སྙན་ངག་མཚོན་ནུས་བསམ།
འབྲོག་པའི་ལུག་ར་དང་སྒོ་ར།  རོང་བའི་ཞིང་ཚིག་བར་གྱི་མིང་ཚིགས་དག་གིས་ད་གཟོད་སྙན་ངག་པའི་ཚོར་བར་སྟངས་འཛིན་བྱས་ཡོད་པས།  དེ་དག་ནི་ད་བར་རང་མོས་སྙན་ངག་འབྲི་ལས་མཐོང་ལ། མ་འོང་བར་དེ་བས་མང་རུ་འགྲོ་ཞིང་སྙན་ངག་པ་ལུག་རྗེས་ནས་ཡང་བྱུང་བའི་སྔོན་བརྡ་ཡོད་གི
རས་པ།ཿRepa
བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་ཕྱིར་རྟོག་གནང་བའི་གྲུབ་འབྲས་ལྟར་ན། ༼མེ་ལོང་མ་༽བོད་ལ་དར་བས་བོད་ཀྱི་རྩོམ་རིག་ལ་གཞུང་ལུགས་ཀྱི་རྒྱབ་རྟེན་རྙེད་ཅིང་། ༼དཔག་བསམ་འཁྲི་ཤིང་༽སོགས་བོད་བསྒྱུར་གནང་བས་ལག་ལེན་ཁྲོད་ཕུན་སུམ་ཚོགས་པའི་ནུས་པ་ཐོན
དམུ་རྒོད།
ང་ཚོས་མེ་ལུགས་འདི་སྤྱི་འགྲོས་ཤིག་ཏུ་ངོས་བཟུང་ཆོག་གི  བོད་རང་གི་ཡུལ་གོམ་དངོས་ཀྱི་ཚོར་བ་ནང་ལ་འཐིམ་ཡོད་གི་མོ་@ དེ་འདྲ་མ་རེད། རྒྱུན་འབྱམས་རུས་འཐིམ་ཞིག་ཡིན་ཀྱང་།  སྤྱི་འགྲོས་ཟེར་ན་བཤད་ས་ཅུང་མི་འགྲོ་བར་འདོད།
བེའུ་རྫི་རྡ་རྡ།
དཔེ་རྒྱན་གཟུགས་རྒྱན། མཚོན་བྱ་མཚོན་བྱེད་སོགས་པ་ནི་རྒྱལ་སྤྱི་ནས་བེད་སྤྱོད་བྱེད་པ་ཞིག་རེད་འདུག  འདི་ལ་ཤུགས་རྐྱེན་ཟེར་མི་ཆོག་གི་འདོད།
གཉན་བུ
ཐ་སྙད་ཀྱི་མཚོན་དོན་ལབ་ཡིན།   དཔེར་ན་རྨི་ལམ་གྱིས་རེ་བ་མཚོན་པ་དང་།   ལྗང་གུ་ཡིས་གསར་བ་མཚོན་པ་ལྟ་བུ།
རས་པ།ཿRepa
@བེའུ་རྫི་རྡ་རྡ། བདེན་ཀི དེ་དག་ལ་ཤུགས་རྐྱེན་གྱི་སྐད་ཆ་ཡོད་ཀྱི་མ་རེད། ཡིན་ཡང་། བྱེ་བྲག་པ་ལ་ཡིད་རེད། དཔེར་ན། དེང་བོད་རྩོམ་ཁྲོད་དུ་ཉི་མ་དམར་པོ་ཟེར་ནས་འབྲི་མཁན་ཡོད་པ་ལྟ་བུ་རྒྱའི་ཤུགས་རྐྱེན་གྱིས་རླབས་ཆེན་དུ་འགྲེལ་ཡང་་བོད་རང་ལ་ཆགས་འཇིགས་ཀྱི་སྐད་ཆ་རེད།
ལྷག་པར་ཏུ། རི་མོ་རུ་རྒྱ་མི་ཚོས་ཉི་མའི་ཁ་དོག་དམར་པོ་འབྲི་བ་རེད་ལ། བོད་མིས་སེར་པོ་འབྲི་གི་རེད། དེང་བོད་མིའི་ཁྲོད་ཉི་མའི་ཁ་དོག་དམར་པོ་འབྲི་བ་ཏན་ཏན་ཤུགས་རྐྱེད་རེད།
གཉན་བུ
ངས་བསམ་ན་འདིས་རང་མོས་སུ་གོ་ས་ཅན་བཟུང་འདུག་འདོད་ཀི     དེ་མིན་ང་ཚོས་ད་བར་ཡང་འགའ་རེས་བཀོལ་གྱིན་པའི་རྒྱ་གར་གྱི་ཁོར་ཡུག་ནང་ཐོན་པའི་དཔེ་མཚོན་དེ་དག་གཡུག་དགོས་དོན་མེད་ཀི་པ།
བེའུ་རྫི་རྡ་རྡ།
རས་པ། དེ་དག་ནི་མི་རིགས་སོ་སོའི་མཛེས་དཔྱོད་ཀྱི་ལྟ་སྟངས་ནས་ཁྱད་པར་ཤོར་རེད་ལ།  དེ་བས་བོད་ལ་ཡང་རང་རིགས་ཀྱི་ལྟ་སྟངས་སླེབས་ལ་ཉེ་ག
ངས་སྤྱི་འགྲོས་ཟེར་བ་དེ་ནི། ཨང་རྩིས་ནང་གི་ཚབ་རྩིས་དག་བཞིན། གཅིག་ཤེས་ན་ ་གཞན་དག་དེའི་ནང་ལ་སྤྲད་ནས་རྒྱུག་གི་བསྡད་ན་ཆོག་ག

༢༠༡༣།༡༡།༡༩ཉིན་གླེང་།

ཛེས་དཔྱོད་སྐོར་ནས་གླེང་བ།
བེའུ་རྫི་རྡ་རྡ།
10:27 am
མཛེས་དཔྱོད་ཀྱིས་སྙན་ངག་ལ་རོགས་འདེགས་ཇི་ལྟར་བྱེད་ཀྱིན་འདུག
མཛེས་དཔྱོད་མེད་པའི་སྙན་ངག་ཡོད་དམ
སྙན་ངག་ནང་དུ་མཛེས་དཔྱོད་ནི་ཁྲག་རེད་ལ་རྐང་རེད
གྲི་གུག 10:33 am
མཛེས་དཔྱོད་ཅེས་པ་ནི་སྙན་ངག་གིས་ཚུར་ཀློག་པ་པོའི་སེམས་ཁམས་ལ་ལག་པ་བསྲིངས་ནས་བཙལ་རྒྱུ་ཞིག་ཡིན།
མི་རིགས་ཀྱི་བསམ་བློའི་འདུ་ཤེས་དང་སྒྱུ་རྩལ་གྱི་བློ་ཁར་བརྟེན་ནས་བཙལ་དགོས་པ་དང་རྙེད་ཐུབ་པ་ཞིག་ལ་ཟེར།
སྙན་ངག་ལ་མཛེས་དཔྱོད་མངའ་མིན་དེ་ཀློག་པ་པོར་ཐུག་ཡོད།
བེའུ་རྫི་རྡ་རྡ། 10:38 am
དེ་ཡིན་ན། ང་ཚོས་རྒྱལ་ཁབ་གཞན་གྱི་སྙན་ངག་ཀློག་དུས་མི་རིགས་གང་དེའི་བསམ་བློའི་འདུ་ཤེས་མ་རྙེད་ན་མཛེས་དཔྱོད་རྙེད་མི་ཐུབ་པ་འདྲ།
བསམ་སྤྱོད། 10:39 am
མཛེས་དཔྱོད་ཆགས་སྲེད་ཀྱི་ངོས་ནས་གྲུབ་པ་ཞིག་རེད། དངོས་པོ་ལ་དུངས་ཀ་ཇི་ལྟར་ཆེ་ན་མཛེས་དཔྱོད་ཡང་དེ་བཞིན་རེད། ཚིག་རྒྱན་ཡིད་ཀྱི་དབང་བོ་འགུག་བྱེད་ཀྱི་རིག་པ་ཞིག་རེད།
གྲི་གུག 10:42 am
དཔེར་ན་ཁྱེད་རང་ཆགས་ས་ཞེན་ཡུལ་གྱི་གཞི་དེར་བསྟོད་པ་དང་སྨད་པ་གང་རུང་བྱ་སྐབས་ཁྱེད་ལ་དགའ་སྡུག་གི་མིག་ཆུ་འབྱིན་པ་དེ་ལྟ་བུའོ།།
བསམ་སྤྱོད། 10:43 am
རེད། ང་ཕྱི་གླིང་གི་བུ་མོ་མི་དགའ་ཀི་སྲེད་པ་མེད་ཀི ངའི་སྣང་ངོར་ཕོ་དང་ཨ་ན་མ་ན་ཡིན་པས་བུད་མེད་ཀྱི་མཛེས་པ་དེ་མཐོང་དཀའ་ཀི ཧེ་ཧེ
བེའུ་རྫི་རྡ་རྡ། 10:46 am
མཛེས་དཔྱོད་ལ་འཛམ་གླིང་རང་བཞིན་དང་ཡུལ་སྲོལ་རང་བཞིན། འདོད་ཆགས་རང་བཞིན་སོགས་ཡོད་པར་འདུག
བསམ་སྤྱོད། 10:52 am
དགེ་ཆོས་ཀྱིས་སྐབས་འགར་རྒན་མོ་ལ་ཡང་ཆགས་པ་སྐྱེས། ཞེས་པ་ནང་བཞིན་སྔོན་གྲ་རྒན་ཞིག་་ལོ་ན་རྒན་མོ་ཞིག་ལ་ཆགས་པ་སྐྱེས་ནས་སྡོམ་པ་ཤོར་ཟེར།སྡོམ་པ་ཤོར་ཚར་རྗེས་ཁོ་ད་གཟོད་འགྱོད་པ་སྐྱེས་ཏེ་རྒན་མོ་ལོ་ལོན་ཞིག་ཡིན་པ་གཞི་ནས་རྟོགས།དེས་ན་ཆགས་སྲེད་ཀྱི་ངོ་བོས་ཡོངས་སུ་བསྒྲིབས་ཚར་དུས་ཁོས་སྣང་ངོེར་ཁོ་ནི་ལོ་ན་གཞོན་པའི་མཛེས་མ་ཞིག་རེད་སྙམ།
བེའུ་རྫི་རྡ་རྡ། 10:51 am
བག་ལ་ཉལ་བའི་འདུ་ཤེས་དང་རྟོག་པ་འོག་འགྱུ་གཉིས་ནི་མཛེས་དཔྱོད་དང་འབྲེལ་བ་འདུག་བསམ།
ས་པ།ཿRepa 10:56 am
མཛེས་དཔྱོད་ནི་ཆགས་སྲིད་ལ་ཐུག
འདི་མཛེས་རྟོག་མཛེས་དཔྱོད་རིག་པ་བ་ཆེན་མོ་ཞིག་གི་ལྟ་བ་རེད།
བསམ་སྤྱོད། 10:58 am
རེད། དེ་གཉིས་ཡང་འབྲེལ་བ་ལོས་ཡོད།  རྒྱུ་མཚན་ཚུར་སྣང་གི་བློ་ཐམས་ཅད་མཛེས་དཔྱོད་རེད། འོན་ཀྱང་ཆགས་སྲེད་དེ་ཡང་སོ་སོའི་ཡིད་ཀྱི་འདོད་པ་ཙམ་རེད།
བེའུ་རྫི་རྡ་རྡ། 11:00 am
རས་པ། ལྟ་བ་ཞིག་ཡིན་ན། མི་རིགས་ཚང་མ་ལྟ་བ་དེ་བཞིན་ཁྱབ་ཐུབ་བམ།
བསམ་སྤྱོད། ཚུར་སྣང་གི་བློ་ཟེར་བ་ཞིག་ཡོད་དུས། ཕར་སྣང་གི་བློ་ཟེར་བ་ཟིག་ཡང་ཡོད་ཀྱི་རེད་པ།
རས་པ།ཿRepa 11:01 am
ལྟ་བ་ཞིག་ཡིན་ལ་མི་རིགས་ཚང་མར་ཁྱབ་བསྡད་ཡོད་པ་ཞིག  ས་འཛམ་པོའི་གླིང་ན་ཡོད་ནི་མ་རེད། རྡ་རྡ།
མཛེས་དཔྱོད་ཟེར་ན་ནི་རིག་པ་学ཟེར་བ་དེ་རེད། མཛེས་རྟོག་ཟེར་བ་དེ་བཤད་དགོས་པ་རེད། མཛེས་རྟོག་བཤད་བྱེད་དེ་མཛེས་དཔྱོད་རེད།
མཛེས་རྟོག་གི་མཐར་ཐུག་གམ་རྩ་བ་དེ་ཆགས་སྲེད་རེད།
བུ་ཨ་མར་དགའ་བའང་མཛེས་རྟོག་རེད་ལ་ཆགས་པའང་རེད།
འདི་ལ་རྩོམ་གཞུང་སྐད་དུ་བག་ཉལ་འདུ་ཤེས་རེད།
བསམ་སྤྱོད། 11:09 am
ཚོར་སྣང་འདྲེས་སྦྱོར་བྱུང་ན་དེ་ལ་རང་བཞིན་གྱི་ཆགས་པ་རྒྱས་བ་རེད། དེ་རྒྱས་ན་སྐྱོན་མཐོང་དཀའ་ནི་རེད། སྐྱོན་དུ་འགྱུར་ནི་མ་རེད། རྗེ་ཙོང་ཁ་བས་རང་གི་རིགས་ལམ་དེ་དང་མཐུན་པར་བྱུང་ན་བསྟོད་པ་དང་དེ་ལས་ལྡོག་ན་སྨད་པ་བྱེད་པའོ། དེ་ཡང་མཛེས་དཔྱོད་ཀྱི་ངོས་ནས་གསུངས་བ་ཙམ་རེད། སྙན་ངག་བྲིས་ཚར་དུས་ཚོད་ཚོད་ལ་ངུ་བའམ་ཡང་ན་ཀི་རིང་འདེབས་སྲིད་པ་དེའང་ཆགས་སྲེད་ཀྱི་ངོས་ནས་སྒུལ་བ་རེད།
རས་པ།ཿRepa 11:13 am
སྤྱིར་ན་བཤད་ཚུལ་འཐད་ལྡན་དུ་མཛེས་རྟོག་ནི་གཞུང་ལུགས་ཀྱིས་ཁ་བསྒྱུར་མ་བྱས་པའི་རང་བཞིན་ལྷན་སྐྱེད་ཀྱི་བློ་ལས་གྲུབ་མཐའི་ཁ་བསྒྱུར་བའི་ལངས་ཕྱོགས་སམ་འདོད་ཚུལ་དག་ལ་མི་བཤད།
བསམ་སྤྱོད། 11:16 am
ཆགས་སྲེད་ཡིན་པ་འདྲ་ནི་རེད། འོན་ཀྱང་སོ་སོས་མཛེས་དཔྱོད་ཀྱི་འདུ་ཤེས་འདྲ་ནི་མ་རེད། དེ་ཡང་རོང་བ་རྣམས་ལ་མར་ཁུ་འཐུང་བ་བཞིན་། འབྲོག་པ་རྣམས་ལ་ཕག་ཤ་ཟ་བ་བཞིན། ཧ་ཧ། འདུ་ཤེས་དེ་མི་རིགས་རང་རང་གི་རིག་གནས་དང་གོམས་སྲོལ། ཡུལ་གཤིས་སོགས་ལ་འབྲེལ་བ་ཡོད་སྟབས་འདྲ་ནི་མ་རེད། དཔེར་ན་མེ་ལོང་མའི་ནང༼མིག་ཟུང་ཨུ་པད་༽ང་ཚོ་ལ་ཚོར་བ་དང་མཛེས་པ་མེད་པས་སོ།
༼ཤ་དང་རུས་བའི་བརྩེ་དུང༽ལྟ་བུ་མཚོན་ན་ལྷ་བཟོ་ཞིག་གི་འགྱོད་གདུང་བྲིས་ཡོད་ལ་ཐོག་མར་ཕ་དང་ཁྱིམ་མི་བྲལ་ནས་རང་ཁ་རང་གསོ་བྲིས་པ་བརྒྱུད་ནས། མཇུག་མཐར་ཕ་ལ་ངོ་མ་ཐུག་པས་འགྱོད་གདུང་བྲིས་ཡོད། འོན་ཀྱང་ཁོང་གིས་རང་ཁྱིམ་སྲུང་ནས་ཉི་མ་བཞུས་སྟེ་འདུག་པ་ལས་རང་ཁ་རང་གསོ་བྱེད་པར་སྐུལ་ཡོད་ནའང་མཐར་འགྱོད་གདུང་བྲིས་པ་དེས་གསར་བའི་ལམ་ལ་ཕྱོགས་ནས་རང་རིགས་ཀྱི་རང་ཁ་རང་གསོ་མི་བྱེད་པར་འདུག་པའི་རྣམ་པ་དགག་བཞག་མཛད་ཡོད་ནའང་བག་ལ་ཉལ་བའི་ཁོར་ཡུག་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་པས་དེ་ལས་ལྡོག་སྟེ་རང་ཁྱིམ་སྲུང་དགོས་བ་བརྗོད་ཡོད།འདི་ལྟ་བུ་ནི་ད་གཟོད་བག་ཉལ་འདུ་ཤེས་རེད།

༢༠༡༣།༡༡།༢༡ཉིན་གླེང་།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།