སྒལ་ཚིགས་ལས་མཐོང་བའི་མི།

སྒལ་ཚིགས་མཐུད་པའི་བུ་ག་དག་གི་རྒྱུ་ལམ
སྦྲུལ་ནག་གི་གཟུགས་སུ་སྒལ་རྣག་ཉལ་འདུག་ས
འགྲེང་ཐུབ་པའི་ཀེར་གཟུགས་ཀྱི་ཁོག་སྟོད་ཁེན་པ་འདི་ཅི་རེད


སྒལ་ཚིགས་གི་མཚམས་དང་རྔ་ཚིགས་གི་བར་དུ
དོན་ལྔ་སྣོད་དྲུག་དང་གློ་སྙིང་མཆིན་གསུམ་གྱི་འདུ་འགོད་ཆེ་ལ
དེ་དག་གི་འདོག་ཐག་ནི་སྒལ་ཚིགས་དང་མ་འབྲེལ་བ་ག་ནས་ཡོད

སྒལ་ཚིགས་མེད་པའི་མི་ཞིག་སུས་ཀྱང་མཐོང་མ་མྱོང་བ་བཞིན་དུ
སྒལ་ཚིགས་མི་འདོད་པའི་གཏམ་ཞིག་སུས་ཀྱང་སྨྲ་མི་ནུས

སྒལ་ཚིགས་ཡོད་པས་ཁྱོད་རང་ཤི་རོ་མིན་པ་ཤེས་ཤིང
རུས་ཚིགས་བསྒྲིགས་ཤིང་སྒལ་རྣག་གི་རྒྱུན་ཐག་དེ་ལས
ཁྱོད་རང་འགུལ་བ་དག་གི་ངལ་བ་དང
ཞེ་རྩ་ནས་འབུས་བའི་ཤ་སྣག་དང་ཚིལ་ལོག་དག་གི་དོན་གནད་སྟོན་ངེས

ཡིན་ཡང་། དེ་ལས་གལ་ཆེ་བ་ཞིག
ཡིན་ཡང་། ལུས་པོ་ལས་ལོག་ག་ཞིག་མ་ཡིན་པའི
ལུས་པོ་ཡིན་འདྲ ལུས་ན་མེད་འདྲ
སེམས་པའི་སྒལ་ཚིག་ཏུ་བབ་ན
ཁྱོད་རང་དང་ཁོ་རང
སུ་ལའང་མི་དབང་བའི་བསམ་པ་སུམ་ཅུ

ཀུན་མཐུན་ནི་རང་ཉིད་ཀྱི་དྲང་བདེན་མིན་ལ
སེམས་པའང་དེ་བཞིན་ཞེ་རྩ་ནས་འགུལ་མ་ནུས་པས
ལུགས་མཐུན་གྱི་སྒལ་ཚིགས་ཤིག་གང་ན་ཡོད
སྒལ་ཚིགས་གནས་ལུགས་ཡིན་པ་སུས་ཤེས་ནུས


ལུས་པོ་མཐོར་འདེགས་བྱེད་པ་ནི་སྒལ་ཚིགས་ཡིན་ཡང
སྐེ་ཚིགས་དང་དཔྱི་ཚིགས པུས་ཚིགས
ཁོང་རྣམ་པས་བཀའ་དྲིན་ཆེ་ཞུས་མ་མྱོང་འདུག

ཡིན་པ་ནི་འབྲེལ་ཟམ་ཞིག་རེད
གང་མེད་ན་ལྗིད་ཚད་ཅིག་གིས་ཁ་སྣོན་བྱེད་ངེས
འཇོན་ཐང་གི་ངོས་ནས་ཡང་འཐུས་ཚང་མི་ཡོང
མིག་མདུན་ལ་ཡང་མི་མཛེས
སྒལ་ཚིགས་ཀྱི་དྲིན་གྱིས་ཁྱོད་ལ་གཙེས་པའི་འཕྱ་སྨོད
གང་ནས་གཡུགས་ཀྱང་སེལ་ཐབས་ཡོད

སྒལ་ཚིགས་བཞི་ཅུ་ཞེ་དགུ་དང་ལྷུ་ཆེན་ལྷུ་ཆུང་བཅོ་བརྒྱད་ཀྱི་མཚམས་སུ
རྟུག་དྲི་ཞིག་བཏང་བ་ནི
མི་ཡུལ་ལ་འཕྱ་སྨོད་ཅིག་བྱས་པའི་རྟགས་ཡིན
ལ་ལས་ད་རུང་བགད་ནས་མཚང་འབྲུ་བ་ལས་ཅང་མ་རྙེད་པ་འདྲ
འགའ་ཤས་ནས་སྣ་བསུམ་པ་གཅིག་པོ་དེ་མཁྱེན་འདུག

འོན་ཀྱང ང་ཚོ་ད་རུང་འགྲེང་ཐུབ་པ་དང་འགྲོ་ཕོད་བ་ནི
སེམས་ཀྱི་སྒལ་ཚིགས་ལ་རྣོ་ཡོད་པས་རེད
སྒལ་ཚིགས་ནི་ལུས་པོའི་བྱེ་བྲག་ཅིག་རེད
སེམས་མང་པོ་འདུས་ནའང
སེམས་ཀྱི་སྒལ་ཚིགས་བྱེ་བྲག་ཏུ་ལྷག་ཡོད་འདུག

༢༠༡༣།༠༩།༡༧ཉིན།


ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།