བླ་རྒན་རྫུན་མ།

དགའ་ཤར་གྲཱ་སེར་རྟ་ཚུལ་ཁྲིམས་ཁྱོད་ནི་གྲཱ་རྒན་རྗུན་མ་ཞིག་ཡིན་པ་བདག་གིས་རྟོགས། གང་ཡིན་ཞེས་ན་ཁྱེད་ཀྱིས་འབྲིས་པའི་རྩོམ་ཆུང་དེ་ཡི་ནང་། མི་ཆེན་དང་བླ་ཆེན་སོགས་ལ་སྐྱོན་བརྗོད་དང་ཚིག་ངན་སོགས་མ་གཏོགས་མི་འདུག ཁྱོད་ཀྱི་རྩོམ་བྲིས་སྐབས་གཟབ་གཟབ་བྱེད་དགོས་ཀྱི་འདུག

ཅིའི་ཕྱིར་ཟེར་ན་༢༠༡༢ ལོ་འདིའི་ནང་ཁྱོད་ཀྱི་མི་ཆེན་དང་བླ་ཆེན་ཞིག་གི་གནས་ཚུལ་ཞིག་ལ་བརྟན་ནས་ཁྱོད་ཀྱིས་དྲ་རྒྱ་དང་ཚགས་ཤོག་སོགས་ཀྱིས་ནང་དུ་བཤད་ཚུལ་ལ་བལྟས་ན། ཁོང་གི་རྒྱ་མིའི་ཕོ་ཉ་ཉར་ཡོད་པར་མ་ཚད་རྒྱལ་བ་རིན་པོ་ཆེའི་སྐུ་དཀྲོང་མཁན་ཉར་ཡོད་རེད་ཀྱིས་བཤད་འདུག

སྤྱིར་དེ་དག་ཁུངས་ལུང་ཡང་མེད་པ་དང་། བློ་ངོ་གང་ཤར་འབྲིས་འདུག། ཁྱོད་ཀྱིས་རྩོམ་འདི་འདྲ་བྲིས་པ་ཡིན་ན། ང་ཚོ་བོད་མི་རིགས་ཀྱི་མཐུན་འབྲེལ་དང་ཆོས་རྒྱུད་ནང་ཕན་ཚུན་ལ་ཡང་ཧ་ཅང་གནོད་བ་གསལ་པོ་ཡིན། དཔེར་རང་ཉིད་ལ་མཚོན་ན་ཁྱོད་ཀྱིས་རྩོམ་འདི་དག་མཐོང་དུས་ང་ཧ་ལས་སོང་གང་ཡིན་ཟེར་ན། ཁྱོད་ཀྱིས་འབྲིས་པ་ཚང་མ་རྫུན་མ་རེད་འདུག།

སྤྱིར་ཁྱོད་རང་ཁོང་རྣམས་པ་དང་བཟང་ངན་གང་ནས་ཀྱང་འབྲེལ་མེད་དོན་གཞན་ཡིན་པས། ཁྱོད་ཀྱིས་ཁོང་ལ་མ་རྙེད་ཁ་ཡོད་ཀྱིས་ཚིག་འདི་དག་འབྲིས་དོན་གང་ཡིན་ནམ། ངའི་བལྟ་བ་ཡིན་ན་ཁྱོད་ཀྱིས་དྲ་རྒྱ་དང་ཚགས་ཤོག་སོགས་ཀྱི་ནང་དུ་དགོངས་དག་ངེས་པར་དུ་བཞུས་དགོས། གལ་ཏེ་དེ་ལྟར་མ་བྱེད་ན་ཁྱོད་རང་ཉེན་ཁ་ཤིན་ཏུ་ཆེ། དཔེར་ན་༢༠༡༢ལོའི་སྤྱི་ཟླ་༡༡ པའི་ནང་བདག་གིས་ཁྱོད་ལེན་མང་བརྩད་དཔྱོད་བྱེད་ཡིན།

དེ་དུས་ཁྱོད་རང་ལྡི་ལི་དང་དྷ་སར་ལ་ཉེ་འདབས་སུ་ཡོད་པ་ཡིན་ན་བདག་གི་བན་རྒན་ཁྱོད་དང་བྱབ་ཆུང་གི་བྱ་བ་ཞིག་སྤེལ་འདོད་ཧ་ཅང་ཆེ། ཡིན་ཡང་བདག་གི་སྤུན་ཆེད་དང་གྲོགས་པོ་སོགས་ཀྱི་བདག་ལ་ངོ་ལེན་བརྟེན་ནས་མེད་པར་མ་ཟད་རྒྱུ་མཚན་ཡང་བཤད་ཡོད།

ད་ཁྱོད་རང་གི་ནོར་བའི་བྱ་བ་འདི་དག་རང་ཉིད་ཀྱི་ངོ་ལེན་བྱེད་ནས་དྲ་རྒྱ་དང་ཚགས་ཤོག་སོགས་ཀྱི་སྟེང་དུ་ཡིད་གཉིས་ཐེ་ཚོམ་མེད་པར་འགྱོད་བཤགས་སམ་དགོངས་དག་བཞུས་དགོས།གལ་སྲིད་དེ་ལྟར་མ་བྱེད་ན་བདག་གི་བན་རྒན་ཁྱོད་དང་རྡོ་དང་དབྱུག་པ་སོགས་ཀྱི་ལས་འགུལ་སྤེལ་བ་བདག་གི་ངེས་གཏན་ཡིན། སྤྱིར་ང་ཁྱོད་དང་འཕྲད་འདོད་ཧ་ཅང་ཆེ་་་ཡི་གེ་དིའི་རྒྱུད་ནས་ཁྱོད་དང་འཕྲད་བའི་རེ་བ་ཡང་བཅང་ནས་ཡོད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༣༢༠༡༣༡༨༠༨
འཇམ་ས་སྐྱ་པན་ཌི་ཏས་ཚད་མ་རིགས་གཏེར་ལས།
རྡོ་དང་དབྱུགས་པོའི་འཚར་གཅོད་ལ་རྒྱལ་འཕམ་གྱི་རྣམ་བཞག་མེད་ཚུལ་དང་དེ་འདྲ་བྱེད་མཁན་དེ་རྣམས་གཅོད་ཅན་མིན་པར་སྐུག་པ་དང་གླེན་པ་ཡིན་པའི་བསྐོར་གསལ་པོར་་གསུངས་ཡོད། མ་ཟད་ད་ལྟ་དུས་འཚོད་འདི་ལྟ་བུར་བསམ་ངན་འདི་འདྲ་བཅངས་ནས་དྲྭ་སྒོ་ཡག་པོ་འདིའི་ནང་དུ་བཀོད་པ་དེ་ཧ་གསང་གསོང། རང་མཇོན་པོ་དང་ངར་པོ་ཡོད་ན་དཔུང་པ་ངོམས་ས་བོད་པ་ནང་འཁུལ་མ་རེད་ལོ།



བརྗོད་གཞི་གཞན་ཁག་ལ་གཟིགས།