ཁྱེད་དང་བྲལ་བའི་ལོ་ཟླ།

ཁྱེད་དང་བྲལ་བའི་ལོ་ཟླའི་ནང་
ཁོ་བོས་ཁེར་རྐྱང་ལ་རོལ་དུས་
མདུན་སྟེང་གི་མཁའ་དབྱིངས་ཆེན་པོ་ལ་བལྟས་
སྤྲིན་དཀར་ཡ་་་་
ཁྱེད་ནི་གངས་རི་དཀར་པོའི་རང་མདངས་བཞིན་
རྫིག་ཉམས་རེ་རེ་ངོམས་དུས་
དྲིན་འཛིན་གྱི་མེ་ལོང་དུ་ཁྱེད་ཀྱི་གཟུཊ་བརྙན་ཡས་མེད་དུ་འཐིམས་
དུས་དེ་ནས་བཟུང་
ངའི་དྲན་འཛིན་གྱི་མེ་ལོང་ངོགས་སུ་འཆར་བ་ནི་ཁྱེད་ཉིད་དང་
རྨི་ལམ་གྱི་མཁའ་དབྱིངས་སུ་མཐོང་བ་ནི་ཁྱེད་རང་ཁོ་ན་རེད་
སྤྲིན་དཀར་ཡ་་་་་
ཁྱེད་གང་དུ་བསྐྱོད་པའི་རྒྱུན་རིམ་ཁྲོད་
ཕྱིར་ལོག་བྱེད་པར་ཐེངས་ཤིག་བསམ་ཨེ་མྱོང་
ཁེར་རྐྱང་གི་འཚོ་བ་ཐེངས་ཤིག་ཉམས་ཨེ་མྱོང་
ལོ་ཟླ་རིང་པོ་རེ་སྒུག་ལ་བཅོལ་
ཉིན་ཞགས་མང་པོ་ཡིད་ཆེས་ལ་གཏད་
སྡུག་བསྔལ་ཡོད་ཚད་དབྱངས་སུ་གྱེར་
སྙིང་གཏམ་ཡོད་ཚད་ཁོག་ཏུ་བཅུག
མཐའི་འཇུག་འབྲས་ནི་དྲན་གདུང་གི་མིག་ཆུ་དང་སྡུག་བསྔལ་ཁོ་ན་རེད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
དཔེ་ཡག་པོ་འདུག
1 ༢༧༢༠༡༤༠༣༠༧
དཔེ་ཡག་པོ་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།