བུད་མེད་ཀྱི་ཟླ་མཚན་སྐོར་གྱི་རྒྱུན་ཤེས་ཐུང་ངུ་།

སྤྱི་ཚོགས་དང་མི་སྒེར་གྱི་འཚོ་བ་འཕེལ་རྒྱས་མི་ཉུང་བ་ཞིག་ཕྱིན་ཡོད་ནའང་།    བོད་པའི་སྤྱི་ཚོགས་ཁྲོད་ཀྱི་བུད་མེད་ཕལ་མོ་ཆེ་ལ་ད་དུང་ཡང་འཕྲོད་བསྟེན་གྱི་རྒྱུན་ཤེས་སྐོར་དོ་སྣང་བྱེད་རྒྱུར་ཧ་ཅང་ཞན།    དེ་ལས་བུད་མེད་ཚོའི་གནད་དོན་ཆེ་ཤོས་ནི་ནམ་རྒྱུན་གྱི་འཚོ་བ་དང་ལྷག་པར་དུ་ཟླ་མཚན་སྐབས་ཡིན་ལ།   དེ་ལས་འཛེམ་བག་དང་ཕན་ནུས་སྐོར་དོ་སྣང་བྱེད་དགོས་བའི་དོན་ཚན་ཐུང་ངུ་གསུམ་དུ་དབྱེ་ཏེ་ཉུང་ཙམ་བརྗོད་ན།

གཅིག ཟླ་མཚན་མ་ཡོང་གོང་གི་ཚོར་སྣང་སྐོར།
ཟླ་མཚན་མ་ཡོང་གི་ཉིན་གཉིས་གསུམ་ཀྱི་རིང་སེམས་པ་འཚུབ་པ་དང་ཁོང་ཁྲོ་ཟ་སླ་བ།    བྲང་གི་ནུ་མ་འབྲེང་བ།   སྐེད་པ་ན་བ།   ལ་ལར་ད་དུང་ངོ་གདོང་དུ་རྨ་ཐོན་པ་སོགས་ཀྱི་རྟགས་འདྲ་མིན་བྱུང་བ་ཡིན།


གཉིས། ཟླ་མཚན་འབབ་བཞིན་པའི་སྐབས་ཀྱི་འཛེམ་བྱ།
ཟླ་མཚན་འབབ་བཞིན་པའི་དུས་དེར་ཆུ་གྲང་མོ་འཐུང་མི་ཉན་པ་དང་ཁ་ཚ་རིགས་ཟ་མི་ཉན་པ།   རྐང་པ་དང་སྐེད་པ་ཡིས་དྲོད་གྲང་ལ་རན་པའི་སྟོད་ཐུང་གོན་པ།   འདོམ་གྱི་ཤོག་བུ་ཡང་ཡང་བརྗེ་བ།   འཁྲུག་སྤྱོད་ལ་ཧ་ཅང་འཛེམ་པ།    དངོས་བོ་སོགས་ལྗིད་ཁོག་ཅན་ཡར་འགྱོག་མི་ཉན་པ།   ལག་པ་ཆུ་གྲང་ནང་དུ་རྒྱག་མི་ཉན་པ།     གཟུགས་པོ་འཁྲུ་མི་ཉན་པ་སོགས་ལ་དོགས་ཟོན་བྱས་ན་ཟླ་མཚན་འབབ་པར་དཀའ་ངལ་མེད་ལ་མོ་ནད་མི་འབྱུང་བའི་སྔོན་འགོག་བྱེད་ཐུབ་པ་དང་།    ད་དུང་གྲང་བའམ་གྲང་གཞི་ན་ཚ་ཡོད་མཁན་རིགས་ཀྱི་སྐབས་དེར་ཕག་ཤ་དང་ཞོ་ཁོག    ཚོད་མ་མགོ་བཏུམས་ཁ་སྐད་ལ་(ཚོད་མ་མགོ་ལོག)་ཡང་བརྗོད་ལ་དེ་ཚོར་ངེས་པར་དུ་གཟབ་དགོས་བར་བཤད།


གསུམ། ཟླ་མཚན་འབབ་བཞིན་པའི་སྐབས་ཀྱི་ཕན་ནུས་སྐོར་ཀྱི་ཤེས་བྱ།
ཟླ་མཚན་འབབ་བཞིན་པའི་སྐབས་དེར་གཟུགས་པོ་ལ་ཉོབ་བའི་ཚོར་སྣང་ཡོད་པ་དང་མགོ་ཡོམ་འཁོར་བ་སོགས་ནི་རྒྱུན་ལྡན་ཡིན་མོད། འོན་ཀྱང་ལ་ལར་ཟླ་མཚན་འབབ་རྒྱུ་མང་དྲགས་ནས་གཟུགས་པོའི་ནུས་ཤུགས་ཟད་པ་དང་ཟུངས་ཁྲག་ཉུང་དུ་ཕྱིན་པ་སོགས་ཀྱིས་རྐྱེན་པས་མགོ་ཡོམ་འཁོར་བ་སོགས་བྱེད་པ་དེ་འདྲ་བྱུང་ཚེ་ངེས་པར་དུ་སྨན་པར་བསྟེན་དགོས་པ།   དེའི་མ་ཚད་ཟླ་མཚན་འབབ་བཞིན་པའི་སྐབས་དེར་བུད་མེད་ཚོས་རང་ཉིད་ཀྱི་ཟས་བཅུད་ངེས་པར་དུ་ཡག་ཏུ་གཏོང་དགོས་ལ།    བདེ་ཐང་དེ་ལས་ཟླ་མཚན་དམར་པོ་ཡིན་མིན་དང་ཁྲག་རྡོག་བུ་ཐོན་གྱི་ཡོད་མེད།    བུ་སྣོད་ན་བ་དང་ཟླ་མཚན་འབབ་ཚད་རྒྱུན་ལྡན་ལས་བརྒལ་ཡོད་མེད་སོགས་བྱས་ཚེ་དེ་ཡང་ངེས་པར་དུ་སྨན་པར་བསྟེན་དགོས་པར་བརྗོད།   བུད་མེད་ཞིག་ལ་ཆ་མཚོན་ན་ཟླ་མཚན་གྱི་སྐོར་ལ་རང་ཉིད་དང་ཁྱོ་ག་མ་གཏོགས་ནང་མི་ཚོར་འཛེམ་དོག་བྱེད་དགོས་བ་ཞིག་ཆགས་ཡོད་པས་སྐབས་དེར་བཟའ་མི་གཉིས་ཀྱི་ཕན་ཚུན་ལ་རོགས་འདེགས་བྱས་ན་སེམས་པ་ཁོད་ཡངས་པོ་ཆགས་རྒྱུ་ཕན་ཐོགས་ཆེན་པོ་ཡོད་ལ།   དུས་ཚོད་དེའི་ནང་དམིགས་བསལ་གྱི་སེམས་པ་སྐྱིད་པོར་གནས་རྒྱུར་ཡང་ཧ་ཅང་གི་གནད་འགག་ཆེན་པོ་ཡིན་པ་སྨན་པས་བརྗོད་བཞིན་འདུག   གོང་གི་བརྗོད་གཞི་འདི་དག་ལས་བུད་མེད་ཚོས་ཟླ་མཚན་སྐབས་འདོམ་གྱི་ཤོག་བུ་དེ་ཡང་ཚད་ལྡན་གྱི་བཟོ་གྲྭའི་མིང་རྟགས་ཡོད་པ་ཉོས་ཚེ་དེ་ཡིས་ཟླ་མཚན་ནང་གི་འབུ་ཕྲ་གསོད་པར་ཕན་ནུས་ཡོད་སྐོར་བརྗོད་ལ།    ད་དུང་རྐང་ཐུང་ཆུ་ཁོལ་མ་ནང་དུ་འཁྲུ་དགོས་ལ་ཉི་མར་སྐམ་རྒྱུ་གལ་འགངས་ཤིན་ཏུ་ཆེ།

ཟླ་མཚན་འབབ་བཞིན་པའི་སྐབས་དང་ཡང་ན་ནམ་རྒྱུན་གྱི་འཚོ་བ་ལས་དགོང་མོ་རྟག་ཏུ་ཆུ་དྲོད་འཇམ་ནང་དུ་ཚ་ཉུང་ཙམ་བླུག་ནས་མཚན་མ་འཁྲུས་ཐུབ་ཚེ་མོ་ནད་དམ་གྲང་གཞི་བྱས་པའི་ན་ཚ་སོགས་སྔོན་འགོག་བྱེད་ཐུབ་ལ་ཟླ་མཚན་དཀར་པོ་མང་པོ་མི་ཐོན་པར་ཡང་ཕན་ནུས་མི་ཉུང་བ་ཞིག་ཡོད་པ་འཚོ་བའི་རྒྱུན་ཤེས་ཀྱི་ཚན་པའི་ནང་བཀོད་ཡོད་ལ།    ང་ཚོས་རྒྱན་ཤེས་འདི་དག་ལ་དོ་སྣང་དང་ལྷག་པར་དུ་བུད་མེད་ཚོའི་འཚོ་བའི་དཀའ་ངལ་མང་པོ་ཅིག་ལ་གཏན་ནས་ཡིད་འཇོག་བྱེད་གིན་མེད་ལ། ལྷག་པར་དུ་བུད་མེད་ཚོ་མངལ་ཆགས་པའི་དུས་ཡུན་རིང་གི་གཟུགས་པོའི་བདེ་ཐང་དང་ཉོབ་སྣང་གིས་ཟས་ལ་བཅུད་མེད་པར་ཁྲག་ཤེད་དང་གཟུགས་པོའི་ནུས་པ་ཇེ་ཞན་དུ་འགྲོ་བ་སོགས་ཀྱི་དཀའ་ངལ་མང་པོ་ཅིག་ལ་སྐྱེས་པ་ཚོའི་དོ་སྣང་གཏན་ནས་བྱེད་ཀྱི་མེད།    ཁོང་ཚོས་ཟླ་མཚན་འབབ་པའི་དུས་དེར་ཀྱང་བུད་མེད་ཀྱི་འཛེམ་བྱ་དེ་ཚོར་ཡང་གཏན་ནས་ཡིད་འཇོག་བྱེད་གིན་མེད་པ་དངོས་གསལ་རེད།
འདི་ནི་བུད་མེད་ཚོར་མཚོན་ན་ཉམས་འཇོག་དང་གཟབ་ནན་བྱེད་པ་ལས་གང་འདོད་དུ་བྱས་ན་མོ་ནད་འདྲ་མིན་འབྱུང་བ་དང་བུ་སྣོད་ལ་ཤ་སྐྲེན་སྐྱེས་བ།   ད་དུང་བུ་སྣོད་ལ་སྐྱོན་ཤོར་ནས་རྐང་པ་རིང་ཐུང་ཤོར་བའི་ན་ཚ་དང་བུ་སྣོད་ཀྱི་ནད་གཞིའི་རྐྱེན་གཤག་བཅོས་བྱས་ཏེ་བུ་སྣོད་འགོག་པ།   ད་དུང་མངལ་ཆགས་རྒྱུ་མེད་པ་སོགས་ཀྱི་དཀའ་ངལ་མི་ཉུང་བ་ཞིག་བྱུང་བ་དེ་འདྲ་ཡང་ང་ཚོའི་སྤྱི་ཚོགས་དང་ཉེ་འཁོར་དུ་མང་པོ་འབྱུང་བཞིན་པ་མངོན་གསལ་དོད་པོ་ཡིན།
དེ་བས་ངས་འདི་རུ་རང་ཉིད་ཀྱི་མྱོངས་ཚོར་དང་འཚོ་བའི་ལམ་ཡིག་གི་ནང་དུ་སྨན་པས་བརྗོད་པ་སོགས་ཀྱི་བསླབ་བྱ་ལས་མདོར་བསྡུས་ཅིག་བྲིས་པ་ཡིན་པས་རྒྱ་ཆེའི་བུད་མེད་གཟིགས་མོ་བ་རྣམས་ཀྱི་དོ་སྣང་བྱེད་པར་སྨོན།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
4 ༢༤༢༠༡༩༢༠༤༡
ཉི་མ་ཚེ་རིང་
བུ་མེད་ལ་ཕྲུ་གུ་རྩལ་ནས་ཕྲུ་གུ་ལོ་ཁ་བཀོར་ཡང་ད་དུང་སྐྱེས་མ་ལ་ཟླ་མཚན་མ་ཡོང་དེར་ན་ཚ་ཞིག་ཡིན་ནམ་ཡང་ན་གནད་དོན་གང་ཡིན་དང་དེ་ལ་བཅོས་ཐབས་གང་ཡོད་བཅས་གསུང་གནང་ཡོང་བ་མཁྱེན་་་
3 ༣༡༢༠༡༥༡༦༢༤
འཁྲིག༌པ༌མ༌སྤྱོད༌ན༌ཡང༌ཟླ༌ཁྲག༌དུས༌རྒྱུན༌དུ༌ཟླ༌རིམ༌མ༌ཆད༌པར༌འོང༌སྲིད༌དམ།
2 ༣༡༢༠༡༥༡༦༢༠
ཟླ༌མཚན༌ཞླ༌བ༌གཉིས༌རེ༌མ༌འོང༌ན༌ཅི༌ཡིན།
བུད་མེད་རྣམས་ཀྱི་རྒྱུན་དུ་འཕྲོད་བསྟེན་ལ་གཟབ་རྒྱུ་དངོས་ཡོད་ཀྱི་གལ་ཆེན་པོ་རེད། ཟླ་མཚན་སྐབས་འདོད་པ་སྤྱོད་རྒྱུ་མེད། ལྷག་པར་དུ་ཤིང་དང་འགྱིག་གི་བཟོས་པའི་ཕོ་མཚན་དེ་འདྲ་དང་། མཛུབ་མོ་སྤྱོད་རྒྱུ་དེ་ལས་ཀྱང་མེད།



བརྗོད་གཞི་གཞན་ཁག་ལ་གཟིགས།