སྐྱེ་བ་སྔ་ཕྱི་སྐོར་གྱི་དབྱིན་ཇིའི་གློག་བརྙན་ཞིག

དབྱིན་ཇི་བ་ཇོན་ནའེ་ཨེན་གྷི་ལེས་༼རོའོ་བན་ཨ་ཏྲི་ཁི་སོན་༽གྱིས་ཡང་བསྐྱར་གློག་བརྙན་ཞིག་འཁྲབ་སྟོན་བྱས་པ་དེ་བོད་ཀྱི་ནང་ཆོས་རིག་པའི་མཐུ་རྩལ་ལས་མཐུས་འདོན་དང་འདེམས་སྒྲིག་བྱས་ཡོད་ཁོང་གི་འཁྲབ་སྟོན་དེར་དགོད་བྲོ་བ་དང་ཉམས་འགྱུར་ལྡན་པའི་ཁྱད་ཆོས་མངོན་སུམ་ཐོན་ཡོད་ལ།   མིའི་སེམས་ཁམས་རིག་པ་དང་བསྟུན་ཡོད་སྟབས་ནར་སོན་བཞིན་པའི་བྱིས་པའམ་རྒན་པ་དག་གིས་ཧ་ཅང་སྤྲོ་སྣང་དང་དགའ་བསུ་ཐོབ་ཡོད།

dol

ཨ་ཏྲི་ཁི་སོན་གྱིས་ཚན་རིག་ལ་རྡོག་རོལ་བཏང་ཏེ་གཡོ་སྒྱུ་ལྡན་པ་དང་དགོད་བྲོ་བའི་གློག་བརྙན་ལས་མི་མང་པོར་ཡིད་འགུལ་དང་ལྷག་པར་སྤྱི་ཚོགས་ཐོག་ཁྱབ་སྤེལ་ཆེན་པོ་བཏང་ཡོད་ལ་ཁོང་གི་བརྩམས་ཆོས་འདི་ལ་འཁྲབ་ཁྲིད་པ་ཨོད་ལེ་བུར་ཕར་ཁུ་ཡིས་དགག་པ་དང་ཁ་རྡུང་བཏང་ཡོད་ལ་དེར་རྒྱལ་སྤྱིའི་གློག་བརྙན་ཁྱབ་སྤེལ་ཁང་གི་བྱ་དགའི་རྟགས་མ་ཐོབ་མི་ཐུབ་པ་བརྗོད་ཡོད།

དབྱིན་ཇི་བས་སྐྱེས་བ་སྔ་ཕྱི་ལ་ཁས་ལེན་བྱེད་ཀྱི་མེད་ལ་སྐྱེས་བ་འདི་ཡིས་མཐའ་མའི་གདོང་མཆོང་ལ་ཐག་གཅོད་ངེས་འཛིན་བྱེད་བཞིན་ཡོད་མོད་གློག་བརྙན་འདི་ཨ་ཏྲི་ཁི་སོན་གྱིས་བོད་ཀྱི་ནང་ཆོས་ལས་འགོ་བཟུང་ཏེ་སྐྱེ་བ་སྔ་ཕྱི་ལ་ཁས་ལེན་དང་ཡང་སྲིད་ལ་ངོས་འཛིན་ཡོད་པའི་ཐོག་ནུས་པ་ལྡན་པའི་འོས་མཚམས་ཀྱི་བྱེད་སྒོ་དང་མཐུ་རྩལ་ལ་གསལ་འདེབས་ཡང་དག་བྱས་པ་བསྟན་ཡོད་པ་དང༌།  དགོད་བྲོ་བའི་དྲག་རྩལ་གློག་བརྙན་གྱི་གཙོ་བོ་བྱ་བ་ལས་ནང་ཆོས་ཀྱི་གོ་རྟོགས་དེའི་རང་ཉིད་ཀྱི་ཉེན་ཁའི་ས་ཁུལ་ལ་མིག་དཔེ་ཡག་པོ་ཞིག་བསྟན་ཡོད།

ཨེན་གྷི་ལེ་ཞི་ཡིས་ཡང་སྲིད་སྐྱེ་བ་ལེན་པའི་གཏམ་རྒྱུད་དེའི་ཕྱི་གླིང་བར་མིག་མཐོང་རང་བཞིན་གྱི་ཡ་མཚར་བའི་སྐད་ཆ་ཞིག་ཆགས་ཡོད་པ་དང༌།  ཁོང་གི་ངོ་མཚར་བའི་གཏམ་རྒྱུད་འདི་ལ་ཡིད་ཚིམས་པའི་རྣམ་པ་མངོན་ཡོད་ནའང་ཉེ་འཁོར་གྱི་མི་མང་པོས་མགྱོགས་མྱུར་ཐོག་འཐབ་རྩོད་བྱས་ཡོད།

འདི་དག་ལས་ཐག་གཅོད་བྱེད་ཐུབ་པ་ནི་ཕྱི་གླིང་བས་ཡང་སྲིད་ཟེར་བ་དེར་ངོས་འཛིན་མེད་པ་གཏན་འཁེལ་བྱས་ཡོད་ལ་ཨེན་གྷི་ལེས་ཞི་ནི་མི་རིང་ས་ནས་མངོན་འགྱུར་བྱུང་བའི་ངོ་དེབ་བཟོ་བསྐྲུན་བྱེད་མཁན་གྱི་ཕེན་ཁི་ཕན་དྷིར་དང་ཨ་ཏྲི་ཁི་སོན་ གྱི་མཐུས་ཚབ་པ་༼ཏན་ནིལ་ཁ་ལོ་ཡ༽རྗེས་དྲན་བྱེད་སའི་མིག་དཔེ་ཅན་དུ་ཆགས་ཡོད་པ་ རེད།

༢༠༠༣་ལོ་ནས་ད་བར་ཐོན་པའི་གློག་བརྙན་ནང་མི་མང་པོས་སྐྱེ་བ་སྔ་ཕྱི་ཁས་ལེན་དང་ཡིད་འགུལ་བྱེད་ཐུབ་མེད་ནའང༌།  གློག་བརྙན་འདི་ལས་ཁོས་འཐབ་རྩོད་དང་སྡང་སེམས་མེད་པར་ཡིད་སྐྱོ་བའི་མཇུག་འབྲས་དང་ཉམས་འགྱུར་ལྡན་པའི་འབྲས་བུ་སླེབས་ཐུབ་ཡོད་ལ། ནུས་པ་དང་མྱུར་འགྱུར་གྱི་དུས་འགྲོས་ཁྲོད་དགོད་བྲོ་བའི་སྒྱུ་རྩལ་རང་བཞིན་གྱི་གཏིང་ཟབ་པའི་འགན་ལེན་དང་དགའ་ཚོར་ཐོན་པ།   འོན་ཀྱང་ཁོ་ལ་ལས་སླ་བོའི་འགྲན་རྩོད་དང་དྲག་འཐབ་མངོན་ལ་གལ་སྲིད་དེ་ཚོ་མེད་ཚེ་འགུལ་བསྐྱོད་ཡང་མེད་པ་མངོན་གསལ་དོད་པོ་ཡིན།
གཅན་ཡུ་མོ་(དྲུག་དཀར་མཚོས)དབྱིན་ཡིག་ནས་བསྒྱུར།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།