མི་དང་དུད་འགྲོ་གཉིས་གསོ་སྐྱོང་བྱེད་པའི་དམིགས་ཡུལ་དང་དགོས་པ་ལ་ཁྱད་པར་ཡོད་པ་ཤེས་དགོས་སོ།

བོད་རང་བཙན་མགྱོགས་པོ་རག་ཀྱང་འདྲ་མ་རག་ཀྱང་འདྲ་བོད་ཕྲུག་ཚོར་སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་ཐོག་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ལོ་བཅུའི་རིམ་གང་གནང་བ་དེའི་ཐོག་དམིགས་བསལ་གསར་པ་ག་རེ་བཟོ་དགོས་པ་འདུག་ལྟས་ནས་མདོར་ན་ཤེས་ཡོན་ཐོག་སྔར་ལས་ལྷག་ཙམ་ཤུགས་རྒྱབ་དགོས་པ་དང་། སློབ་གྲྭ་ཁག་ནང་བོད་རྒྱལ་ཁབ་ཀྱི་འདས་མ་འོངས་ད་ལྟའི་གནས་ཚུལ་རྣམས་ཡང་ནས་ཡང་དུ་འབྲེལ་བཤད་རྒྱབ་རྒྱུ། དམིགས་བསལ་རྒྱ་དམར་གཞུང་གི་བོད་ནང་ཉིན་རེ་ཟླ་རེ་ལ་གང་བྱེད་ཀྱི་ཡོད་མེད་སྐོར་ངེས་པར་དུ་གོ་བརྡར་འཕྲོད་ངེས་ངོ་སྤྲོད་བྱེད་རྒྱུའི་ལས་རིམ་བཟོ་དགོས་པ་མཐོང་། འདས་པའི་ནང་སློབ་གྲྭ་ཁག་དེ་ཚོ་སྦྱིན་བདག་འཚོལ་བྱེད་ཀྱི་ལག་ཆ་ལྟ་བུར་གྱུར་ཏེ་སྦྱིན་བདག་ལག་ནས་དངུལ་ལེན་ཐུབ་ཙམ་མ་གཏོགས་༸གོང་ས་མཆོག་དང་བོད་རྒྱལ་ཁབ་ཀྱི་དམིགས་ཡུལ་ལ་ཕན་པ་ཞིག་བྱུང་ཡོད་མེད་ལ་བསམ་ཚུལ་རིང་ཐུང་མང་པོ་ཡོང་གི་ཡོད། དེ་ཚོའི་ཐོག་ཞིབ་འཇུག་ཅིག་ངེས་པར་དུ་བྱེད་དགོས་པའི་དུས་ལ་སླེབས་འདུག་སྙམ།


བརྗོད་གཞི་གཞན་ཁག་ལ་གཟིགས།