བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་དང་། བུད་མེད་ལྷན་ཚོགས་ཀྱི་སྤྱི་ཁྱབ་རྒྱུན་ལས་ཚོའི་ཟང་ཟིང་གི་ཉེས་ཁ།

༄༅། །དྲང་བདེན་གྱི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་མཁྱེན་དགོས་པ་ཞིག་དང་། བོད་མིའི་སྤྱི་ཚོགས་བདེ་འཇག་ཡོང་བའི་ཆེད་དུ། དངོས་དོན་རྟོགས་པའི་གནས་ཚུལ་ཞིག་ཞུས་ན། ཉེར་ཆར་བསྟན་འཛིན་སྒང་གི་བོད་མིའི་གཞིས་ཆགས་ནང་། བུ་མོ་བསྟན་འཛིན་སྒྲོལ་མའི་ནོར་འཁྲུལ་ལ་བརྟེན་ཟིང་ཆ་ཞིག་འདུག་པར། བུད་ལྷན་ཚོགས་ཀྱི་སྥྱི་ཁྱབ་རྒྱུན་ལས་ཚོས་དངོས་དོན་ཇི་བཞིན་མ་རྟོགས་པར། དྲ་ལམ་སོགས་ཀྱི་རྒྱུད་ནས་ཧང་སང་བའི་བསྒྲགས་གཏམ་སྤེལ་ཏེ། ཕྱི་ནང་གི་རྒྱལ་ཁབ་མང་པོའི་ནང་དུ་ཟང་ཟིང་དང་། བོད་པའི་ཡ་རབས་བཟང་སྤྱོད་ལ་ལྟ་སྟངས་ལ་མིང་ངན་ཆེན་པོ་བཟོས་འདུག་པ་ནི། ང་ཚོ་ཁྲག་རྒྱུན་གཅིག་པའི་བོད་རིགས་ཡོངས་ལ་བློ་ཕམ་ལོས་ཡོད། ཡིན་ཡང་། དོན་དངོས་ཀྱི་གནས་ཚུལ་ཡོད་དོན་ནི། བུ་མོ་བསྟན་འཛིན་སྒྲོལ་མ། བུད་མེད་གཞན་གྱི་ཆོ་གའི་བར་དུ་འཛུལ་ནས་ལོ་ཤས་རིང་ལོག་གཡེམ་གྱི་བྱ་སྤྱོད་སྤེལ་བར་བརྟེན། ཆོ་གའི་བདག་པོ་བུད་མེད་དེས་བཟོས་སྒོམ་མ་ཐུབ་པར་ད་ལྟའི་གནས་ཚུལ་དེ་བྱུང་འདུག་ཀྱང་། བུད་མེད་ལྷན་ཚོགས་ཀྱི་སྥྱི་ཁྱབ་རྒྱུན་ལས་ཚོས། བསྟན་འཛིན་སྒྲོལ་མའི་ནོར་འཁྲུལ་གྱི་སྐོར་ལ་ཟུར་ཙམ་ཡང་མ་བརྗོད་པར། བུད་མེད་གཞན་པའི་ཕྱོགས་གཏོགས་རྣམས་ནག་ཅན་དང་། ཉེས་ཅན་ཡིན་ཚུལ་དང་། བོད་པའི་བུད་མེད་ཀྱི་སྟེང་ལ་དྲག་སྤྱོད་སྤེལ་ཚུལ་དང། བུད་མེད་ལ་དབྱེ་འབྱེད་བྱེད་ཀྱི་འདུག་ཚུལ་སྐོར་གཞི་རྒྱ་ཆེ་བ་ཞིག་ཁྱབ་སྤེལ་བྱས་པར་བརྟེན། འཛམ་གླིང་ཐོག་གི་མི་མང་པོས། བོད་པའི་སྤྱོད་ཚུལ་ངན་པར་མཐོང་ནས། དྲ་ལམ་ཁག་ཏུ་རྩོམ་རིམས་མང་དག་ཞིག་འཐོང་རྒྱུ་འདུག ད་དུང་ཚོགས་གཞོནབསམ་གཏན་ཆོས་སྒྲོན་དང་། བསྟན་འཛིན་བདེ་སྐྱིད་གཉིས་བསྟན་འཛིན་སྒང་དུ་ཆེད་སྐྱོད་ཀྱིས་དེ་ལ་སྨིན་པའི་བྱེ་སྒོ་སྤེལ་རྒྱུ་ཡིན་ཚུལ་བརྗོད་འདུག་པ་ནི། ཇུས་མེད་ཇུས་གཏོགས་རང་རེད་མ་གཏོགས། གོང་གི་གནས་ཚུལ་བྱུང་མ་ཐག་བསྟན་འཛིན་སྒང་གི་འགོ་བྱེད་རྣམས་ཀྱིས་ཉེས་ཆད་བཏང་ཚར་འདུག དེ་ལྷག་པར་ སླར་ཡང་བུད་མེད་ལྷག་ཚོགས་ཀྱི་རྒྱུན་ལས་ཚོས་ཇུས་མེད་ཇུས་གཏོགས་དང་། སྔོནམ་་བཞིན་དཀྲོག་གཏམ་སྣ་ཚོགས་བཟོས་པ་ཡིན་ན། བོད་མི་སྐྱབས་བཅོལ་བའི་སྤྱི་ཚོགས་ལ་ཟང་ཟིང་དང་། ཐབས་སྡུག་ན། བསྟན་འཛིན་སྒང་གི་གཞིས་ཆགས་དང་། ཡུལ་མི་བློ་པའི་བར་འཁྲུག་འཛིན་དང་འགལ་ཟླ་ཡོང་བའི་ཉེས་ཁ་ཆེན་པོ་འདུག གང་ཡིན་ཞེ་ན། བུ་མོ་བསྟན་འཛིན་སྒྲོལ་མའི་ནོར་འཁྲུལ་ལ། ཉེས་པ་གཅོད་མཁན་གཙོ་ནི་བློ་པ་རེད་འདུག དེ་ཡང་བློ་པ་ཁོ་ཚོའི་ལུགས་སྲོལ་ལ་ཉེས་པ་དེ་འདྲ་གཏོང་སྲོལ་ཡོད་ཙང་རེད་འདུག ཐུགས་རྗེས་གཟིགས། ཚོགས་པ་དང་། མི་སྒེར་སུ་ཡིན་ཡང་། གནས་ཚུལ་ཆུང་ཆུང་ལ་ཆེན་པོ་བཟོས་ཏེ། བོད་པའི་སྤྱི་ཚོགས་དང། མི་རིགས་ཀྱི་ལ་རྒྱ་ལ་གནོད་སྐྱོན་མ་གཏོང་རོགས།


བརྗོད་གཞི་གཞན་ཁག་ལ་གཟིགས།