རང་མཚང་གི་དཔང་རྟགས་ངོམས་པ།

བློ་སེང་ཨ་རིར་ཐོག་མར་སྡོད་རིང་ལོ་ངོ་བཞི་ལྔ་ཙམ་དཔྱ་ཁྲལ་འབུལ་འབབ་རྒྱ་གར་ནས་ཕུལ་བ་དང་། ཡང་དེ་རྗེས་ཨ་རི་ནས་ཕུལ་ཡང་སློབ་མ་མིན་བཞིན་དུ་སློབ་མའི་མིང་ཐོག་ནས་ཕྱེད་བཅག་ལས་མ་ཕུལ་བ་སོགས་ཀྱི་རང་མཚང་རྣམས་སྤྱི་ཚོགས་ཐོགས་ཡོངས་གྲགས་སུ་ཁྱབ་པ་དང་། ལྷག་པར་རྒྱ་གར་ནས་ཕུལ་བ་དང་། སློབ་མའི་མིང་ཐོག་ནས་ཕྱེད་འབུལ་བཅས་ཀྱི་སྐོར་རྣམས་ལྐོག་ཏུ་སྦས་ཤིང་། དེ་རྗེས་ཀྱི་ལོ་ཤས་དྲང་བདེན་གྱིས་ཕུལ་བ་རྣམས་བློ་སེང་གི་སྙིང་ཉེ་བའི་གྲོགས་པོ་བློ་བཟང་སྙན་གྲགས་ནས་དོན་གཅོད་ཀྱི་ལས་ཤོག་ཐོག་མ་ཡིན་ཡིན་མདོག་གིས་རྒྱབ་གཉེར་སྤྲད་པའི་རང་མཚང་ཡང་བློ་སེང་རང་ཉིད་དང་། བློ་སེང་གི་བློ་མཐུན་རྣམས་ནས་སྤྱི་ཚོགས་ཐོག་འོད་སྡེར་དང་། དེབ་རིགས་སོགས་ཐབས་ལམ་སྣ་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་ཡོད། གཞི་རིམ་གྱི་ལྟ་གྲུབ་རང་མགོ་རང་ཐོན་གྱི་ཐོག་ཏུ་བཤད་པའི་གཏམ་བཤད་ནང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་རྣམས་ཀྱིས་བོད་གཞུང་ལ་ཨ་སྒོར་ ༡༠༠༠ རེ་ཕུལ་ན་བོད་གཞུང་དང་། བོད་མི་རྣམས་རང་མགོ་རང་ཐོན་ཡོང་རེ་ཡོད་སྐོར་བརྗོད་བཞིན་ཡོད་ན་ཡང་། རང་ཉིད་ལ་འཁྲི་བའི་དཔྱ་ཁྲལ་གྱི་འབུལ་འབབ་ཨ་སྒོར་ ༡༠༠ ཙམ་ཡང་ཕུལ་མ་ཐུབ་པ་ནི་ཡ་མཚན་ཤིན་ཏུ་ཆེ། ཡང་བློ་སེང་གི་འབུམ་རམས་པའི་ལག་ཁྱེར་དེ་ཡང་ཚད་ལྡན་ཞིག་དང་། ཁྲིམས་མཐུན་གྱི་འབུམ་རམས་པའི་ལག་ཁྱེར་མིན་ཚུལ་གྱི་མཚར་གཏམ་ཞིག་ཀྱང་ཡང་བསྐྱར་སྤྱི་ཚོགས་ཐོག་ཁྱབ་བཞིན་འདུག་པས། དེ་དག་དྲང་བདེན་ཞིག་མ་ཡིན་པའི་རེ་བ་བྱེད་བཞིན་ཡོད། གལ་སྲིད་དེ་དག་ལ་བློ་སེང་ནས་དཔྱ་ཁྲལ་འབུལ་འབབ་དང་། སློབ་ཐོན་ལག་ཁྱེར་སོགས་ཀྱིས་དཔང་རྟགས་སྟོན་རྒྱུ་ཡོད་ན་སྟོན་པའི་དུས་ལ་བབ་འདུག དེ་མིན་ཁྲིམས་ལུགས་མཁས་དབང་ཞིག་ཡིན་སྟབས། བོད་དོན་འདི་ཉིད་ཁྲིམས་ཐོག་ནས་རྒྱ་ནག་རྒྱལ་སྤྱིའི་ཁྲིམས་སར་བསྐྱལ་ནས་བོད་དོན་བདེན་མཐའ་གསལ་ཐབས་ལ་རེ་བ་བརྒྱབ་ནས་གྲྭ་བག་གྲོ་སོགས་ལྐད་མེད་འགའ་ཞིག་ནས་བློ་སེང་བཀའ་ཁྲིར་རེ་བ་བྱེད་བཞིན་ཡོད་ཀྱང་། བློ་སེང་གིས་ཕྱིར་སྡོད་རྒྱ་མི་རིགས་ཡིན་པའི་ངོས་ལེན་དང་། ལག་ཁྱེར་བླངས་ནས་རྒྱ་ནག་ཏུ་ཕྱིན་པ་དང་། ད་དུང་རང་ཉིད་ཕུང་བའི་ཞོར་ལ་༸གོང་ས་མཆོག་གི་སྐུ་ཚབ་དང་། བཙན་བྱོལ་བོད་གཞུང་། རང་ལུགས་བརྟན་པའི་འཇམ་དབྱངས་ནོར་བུ་སོགས་ཀྱང་མཉམ་དུ་དྲུད་པ་ནི་ཡ་ང་ལ་ཡིད་སྐྱོ་ཞིང་། ཇི་འདྲའི་ཐབས་སྡུག་གི་བྱ་ངན་ཞིག་མ་ཡིན་ནམ། ད་དུང་ང་ཚོས་ཤེས་ཡོན། འཇོན་ཐང་། ལྷག་བསམ། གསར་གཏོད་སོགས་གླེང་ཞིང་། རང་གི་རང་གིས་བསྐོར་ནས་བློ་སེང་ལྟ་བུ་བཀའ་ཁྲིར་རེ་བ་ནི་མིག་ལྡན་གཡང་མཆོངས་དང་། ལྷ་མདུན་ལ་བཞག་ནས། ཕྱག་རྒྱབ་ཏུ་འཚལ་བའི་དཔེ་ལྟར་མི་འགྱུར་རམ།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བློ་སེང་གི་རྫབ་ཆེན་པོའི་སྐད་ཆ་དང་བོད་གཞུང་གི་འོས་འགན།"



བརྗོད་གཞི་གཞན་ཁག་ལ་གཟིགས།