རྫུན་རྐུབ་ཡོངས་སུ་རྡོལ་འདུག

གུས་པ་ནི་ཐོག་མར་བློ་སེང་ལ་རེ་བ་ཆེན་པོ་ཞིག་བཅོལ་ནས་སྔོན་འགྲོའི་འོས་བསྡུའི་སྐབས་བློ་སེང་ལ་རྒྱབ་སྐྱོར་གྱིས་འོས་ཤོག་འཕེན་མཁན་ཞིག་ཡིན། འོན་ཀྱང་བློ་བཟང་སེང་གེ་བཀའ་ཁྲིའི་འོས་མིར་ལངས་རྗེས་སྔ་ཕྱིའི་གཏམ་བཤད་ལ་རིང་ཐུང་སྣ་ཚོགས་དང་། ཁ་དོག་འདྲ་མིན། ཐལ་ཆ་ཆེ་བའི་གཏམ་བཤད་དག་དང་། ལྷག་པར་རང་གི་རྫུན་རྐུབ་རང་གི་བཏོལ་བ་དང་། དཀའ་གནད་ཀྱི་དྲི་བར་ལན་འདེབས་མ་ཐུབ་པར་དགོས་སར་ཆད་ཅིང་མི་དགོས་སར་ལྷག་པ་མང་དུ་ཐོན་པ་མ་ཟད། གནད་འགགས་ཆེ་བའི་དྲི་ལན་གྱི་ཐོག་ཏུ་སླེབས་སྐབས་ཀུ་རེའི་ཐོག་ཏུ་སྐྱེལ་བཞིན་ཡོད། ལྷག་པར་བློ་སེང་བཀའ་ཁྲིའི་འོས་མིར་ལངས་རྗེས་རང་མཚང་གཅིག་མཇུག་གཉིས་མཐུད་དུ་ཕྱི་ལ་མངོན་པས། ད་ནི་ཡིད་ཐང་གཏིང་ནས་ཆད་སོང་། ཡང་སྒོས་བློ་སེང་བཀའ་ཁྲིར་འཁོད་ན་ལོ་རྒྱུས་ཀྱི་ཉེས་ཅན་པ་ཞིག་དང་། ལྷག་པར་ད་ལྟའི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་དཀའ་རྙོག་འཕར་མ་ཞིག་ཆགས་རྒྱུ་མ་ཟད། བོད་དོན་གྱི་དཀའ་རྙོག་གི་ལས་དོན་ཛ་དྲག་ཐོག་བློ་སེང་གི་དཀའ་རྙོག་སེལ་མ་ཐུབ་པའི་ངང་དུ་ལུས་ཉེན་ཆེ་བས་ང་ཚོས་བརྟག་དཔྱད་ཞིབ་འཇུག་དང་། བསམ་བློ་ཡང་ཡང་བཏང་ནས་དངོས་གཞིའི་འོས་ཤོག་འཕེན་གལ་ཆེ།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བློ་སེང་གི་རྫབ་ཆེན་པོའི་སྐད་ཆ་དང་བོད་གཞུང་གི་འོས་འགན།"



བརྗོད་གཞི་གཞན་ཁག་ལ་གཟིགས།