ཕབ་བཤུས་འདི་འདྲ་གནང་དགོས།

མཁྱེན་ཡངས་རིག་འཛིན་དབང་མོ་ལགས། དགོངས་ཚུལ་གསུངས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐུ་ཉིད་ནས་ཟིན་བྲིས་ཞེས་པར་བསྣུན་ནས་གཟིགས་ན་དེབ་སྐྱེལ་ཇི་ལྟར་བྱ་དགོས་མིན་སྐོར་གྱི་ལམ་སྟོན་ཡིག་ཆ་གཉིས་མཐོང་ཐུབ་ཀྱི་རེད། དེ་ཡང་པར་རིས་ལམ་ནས་ལམ་སྟོན་༼ཟིན་བྲིས་བཟོ་སྟངས།༽གཅིག་དང་འགྲེལ་བརྗོད་ཀྱི་ཐོག་ནས་ལམ་སྟོན་༼ཟིན་བྲིས་བཟོ་ཚུལ་པར་རིས།༽གཅིག་བཅས་དེ་གཉིས་སུ་ཞིབ་ཚགས་བཀོད་ཡོད་ལགས་ན་དེ་དོན་དགོངས་འཇགས་གནང་རོགས། དེ་གཉིས་གང་རུང་དུ་དེབ་སྐྱེལ་ལེགས་གྲུབ་བྱུང་མཚམས་སུ་སྐུ་ཉིད་ནས་རང་མོས་ཀྱིས་རྩོམ་ཡིག་གང་འདོད་ཕབ་བཤུས་གནང་ཐུབ་ཀྱི་ཡོད་ཅེས་ཞུ་རྒྱུ་ཡིན། དུ་དུང་མཐུད་ནས་དཀའ་ངལ་འདུག་ན་སྐུ་ཉིད་ཀྱི་ཁ་པར་ཨང་དང་གློག་འཕྲིན་ཁ་བྱང་འདི་ག་ལས་ཁུངས་སུ་བཏང་ན་འདི་ནས་ང་ཚོས་རོགས་འདེགས་གང་ཐུབ་ཞུ་ཆོག ཁམས་བཟང༌།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "སི་ཏུའི་ཞལ་ལུང་རྟགས་འཇུག"



བརྗོད་གཞི་གཞན་ཁག་ལ་གཟིགས།