༢༠༡༣ལ་མཚམས་འདྲི །

༄༅།  ཕྱི་ལུགས་ལྟར་སྤྱི་ལོ་༢༠༡༣ཡི་སྟོང་ལོ་གསར་ཚེས་ ལ་མཚམས་འདྲི་ཞུ། རིགས་གཅིག་པའི་སྤུན་ཟླ་ལགས་དུས་ཀྱི་འཁོར་ཕྱོགས་དང་སྲིད་ཀྱི་འཕོར་འགྱུར་སོགས་ཕྱོགས་ཀུན་ནས་བདེན་པའི་དབྱར་རྔ་སྒྲོག་དུས་ངས་ཅག་ལ་རིང་ནས་བརྣག་པས་རང་དབང་གི་བདེན་མཁའ་མྱུར་དུ་གསལ་བ་ངེས་ལ་ཞི་བདེ་དཀྱིལ་འཁོར་བདག་པོ་གངས་ལྗོངས་སུ་འཆར་ལ་རེ་བས་བཀྲ་ཤིས་པའི་སྨོན་མདུན་ཡང་ཡང་ཞུ་བ་དང་ལྷན་དུ་ཡངས་པའི་ས་ཆེན་འདི་ན་འཚོལ་གནས་བྱེད་པའི་སྲོག་ལྡན་གྱི་སྐྱེ་འགྲོ་རྣམས་ལ་ཕྲན་ཕུག་གི་ལས་དོན་གང་ལ་འཇུག་ཀྱང་དུས་ཚོད་ནི་གསེར་ལས་དཀོན་པའི་དེའི་ཆ་རྐྱེན་དང་པོ་ཡིན་པས་དགོས་གལ་ཤིན་ཏུ་ཆེ་བ་མཐོང་། འོན་ཀྱང་དུས་ཀྱི་འགྱུར་བ་དང་ཆུ་ཡི་རྦ་རླབས་ནི་སྐར་ཆ་ཙམ་ལས་མི་སྡོད་པས་གཡོ་འགུལ་གྱི་རང་བཞིན་སྟེ་བསུས་ཀྱང་ལྡོག་པ་དཀའ་ལ་འདས་པའི་དུས་ལ་སྐྱར་ལོག་ནི་དེ་བས་ཀྱང་དཀའ་དེར་རྟེན་ང་ཚོའི་ད་ལྟའི་དུས་ཚོད་ལ་དམ་འཛིན་བྱེད་ཏེ་མི་རིགས་ལ་ཕན་པའི་བྱ་བཞགས་གང་ལ་ཡང་དུས་ཚོད་དང་མཐུན་པའི་སྒོ་ནས་བློ་འགྱོད་མེད་པ་ནུས་ཤུགས་གཅིག་ཏུ་བསྒྲིག་རྒྱུ་ནི་གལ་གནས་ཆེ་བ་མཐོང་།།

གངས་རིན་ཆེན་ནས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
སྤྱི་ལོའི་༢༠༡༣/༡/༡/འགོ་བཙུགས་པ་དང་མཉམ་དུ་ཐོག་མར་ངས་ཤམ་བྷ་ལའི་དྲྭ་བ་གྱི་ལས་བྱས་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ངས་ཞུས་པ་མ་ཡིན་པ་ཁྱེད་རྣམས་པས་ཁྱེན་གསལ་བཞིན་བོད་ཀྱི་སྲོལ་རྒྱུན་སྐད་ཡིག་གོམས་གཤིས་རིག་གནས་ནང་ཆོས་སོགས་མི་ཉམས་གཅེས་འཛིན་དང་གང་འཕེལ་གྱི་ལམ་ཁ་དེང་རབས་ཀྱི་ལག་རྩལ་བེད་སྤྱོད་གཏང་ས་སྐྱེ་བོ་སུ་འདྲ་ཞིག་འབྲི་རྩོམ་བལྟར་ཀློག་གང་མོས་བྱེད་ཡག་ལས་སླར་བ་དང་སྟབས་བདེ་བོ་འདི་འདྲ་ལས་དོན་བཟང་པོ་རྣམས་ལ་ཡི་རངས་དང་བསྔགས་བརྗོད་འབུལ་བ་ལགས། མ་ཟད་དྲྭ་འབུ་ཚང་མའི་གསར་རྩོམ་དང་ཟུན་བྲིས་མཆན་འགོད་རྒྱུ་སོགས་འབོད་བརྩོན་མུན་མཐུད་ནས་གང་མང་མང་ཞིག་སྤེལ་ཐུབ་པའི་རེ་བསྐུལ་ཡངས་ཞུ་རྒྱུ་ཡིན།།།



བརྗོད་གཞི་གཞན་ཁག་ལ་གཟིགས།