དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་དཀའ་གནས་བརྒྱད།

དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་དཀའ་གནས་བརྒྱད།
འགྲོ་བའི་ལམ་སྟོན་ཐུབ་པ་བཅོམ་ལྡན་འདས།
དབུ་མའི་སྲོལ་འབྱེད་ཀླུ་སྒྲུབ་ཡབ་སྲས་དང་།
སངས་རྒྱས་བསྐྱངས་སོགས་འཕགས་ཡུལ་པཎ་ཏྲི་རྣམས།
སྤྱི་བོར་རྒྱན་དུ་བདག་གིས་གུས་པའི་མཆོད།
དཔལ་མགོན་འཕགས་པ་ཀླུ་གྲུབ་ཀྱིས་མཛད་པའི་རྩ་བ་ཤེས་རབ་ལ་འགྲེལ་པ་གྲགས་ཆེ་བ་རྒྱད་དུ་ཡོད་པ་དེའི་ནང་ནས་ཀྱང་ཕྱིན་ཅི་མ་ལོག་་པར་འགྲེལ་བ་ནི་སློབ་དཔོན་སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་པ་གཉིས་ཀྱིས་མཛད་པ་འདི་ཉིད་ཡིན་ལ།    དེ་ལའང་འགྲེལ་བྱེད་གཞན་དང་མི་མཐུན་པའི་ཁྱདཔར་མཐའ་ཡས་ཀྱང་།   གནས་དུ་ཆེ་བ་བརྒྱད་དུ་གསུང་ཞིང་།    དང་པོ་གཞི་ཡི་སྐབས་སུ་ཐ་སྙན་དུའང་རང་མཚན་དང་ཀུན་གཞི་ཁས་མི་ལེན་ཞིང་།    ཕྱི་དོན་ཁས་ལེན་པ་དང། ལམ་གྱི་སྐབས་སུ་དེ་ཁོ་ན་ཉིད་རྟོགས་པའི་ཐབས་སུ་རང་རྒྱུད་དང། རང་རིགས་ཁས་མི་ལེན་ཞིང་།    སྒྲིབ་གཉིས་འཇོག་ཚུལ།ཉན་རང་ལ་ཆོས་རང་བཞིན་མེད་པ་རྟོགས་པའི་ཚུལ་དང།འབྲས་བུའི་སྐབས་སུ      སངས་རྒྱས་ཀྱིས་ཇི་གཉིས་པ་མཁྱེན་པའི་ཚུལ་ཏེ།     ཞེས་ཁས་ལེན་པའིི་དམ་བཅའ་ཆེན་མོ་བཞི་དང་མི་ལེན་པའི་དམ་བཅའ་བཞི་གསུང།
དཔལ་ལྡན་ཟླ་བས་དབུ་མ་འཇུག་པ་བརྩམས་པའི་སྒོ་ནས  ་རྩ་ཤེའི་དགོངས་པ་ཐལ་འགྱུར་དུ་བཀྲལ་བའིདགོངས་པ་འཆད་པ་ན་   འཇུག་པ་རང་འགྲེལ་ལས་    ལུགས་འདི་ནི་མཐུན་མོང་མ་ཡིན་པའོ   ཞེས་མཁས་པ་རྣམས་ཀྱི་ངེས་པ་བྱའོ།   ཞེས་གསུང་པ་ལྟར   འཇུག་པས་རྩ་ཤེའི་དགོངས་པ་འགྲེལ་ཚུལ་མཐུན་མོང་མ་ཡིན་པ་ནི་    ཟབ་པ་དང་རྒྱ་ཆེ་བའི་སྒོ་ནས་འགྲེལ་ཚུལ་དེ་ཡིན་ལ་     དེ་ལ་རྒྱ་ཆེ་བའི་སྒོ་ནས་བཀྲལ་བ་ན་    ཁྱད་ཆོས་ཙོ་བོ་ནི་   ཉན་རང་འཕགས་པ་ལ་ཆོས་ཀྱི་བདག་མེད་རྟོགས་མྱོང་དགོས་པ་དང་ ཆོས་ཀྱི་བདག་འཛིན་ཉོན་སྒྲིབ་ཏུ་འདོད་པ་དང་   ཟབ་པའི་སྒོ་ནས་བཀྲ་བ་ན་དབུ་མ་རརང་རྒྱུད་པ་དང་    མཐུན་མོང་མ་ཡིན་པ་བསྟན་པ་ལ་རང་རྒྱུད་ཀྱི་གཏན་ཚིགས་མི་བཞེད་པ་དང་སེམས་ཙམ་པ་དང་མཐུ་མོང་མ་ཡིན་པ་བསྟན་པ་ན་རང་རིགས་དང་  ཀུན་གཞི་མི་བཞེད་ཅིང་ཕྱི་དོན་བཞེད་པ་དང་   ཞིག་པ་དངོས་པོ་ཡིན་པ་དང་ དེ་ལ་བརྟེན་ནས་དུས་གསུམ་གྱི་རྣམ་བཞགས་ཐུན་མོང་མ་ཡིན་པ་འཇོག་ཚུལ་རྣམས་ཐོན་པ་ཡིན་པས    འཇུག་པས་རྩ་ཤེའི་དགོངས་པ་ཐལ་འགྱུར་དུ་འགྲེལ་ཚུལ་གྱི་དབང་དུ་བྱས་ནས་དམ་བཅའ་ཆེན་མོ་བརྒྱད་བགྲངས་པའོ།   ཞེས་ལྷོ་མཐར་གྲྭ་རྐྱང་གངས་རིན་ཆེན་ནས་གཞན་ཕན་ལྷག་བསམ་དཀར་པོའི་མཚམས་འདྲིས་དང་བཅས་ཕུལ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (5)

དབུ་ཐལ་རང་གི་ཁྱད་པར་གང་ཡིན་གསུང་རོགས།

དབུ་མ་ལ་ཐལ་འགྱུར་པདང་རང་རྒྱད་པཞེས་གཉིས་ཡོད་པ་ལ་ དེ་གཉིས་ཀྱི་བདེན་པ་གཉིས་ཀྱི་ཁྱད་པར་ཇི་ལྟར་ཡིན་ན་རང་གིས་ཤེས་མ་ཚུགས། འགའ་ཞིག་གིས་དེ་ལ་ལེགས་པར་དབྱེ་ནས་བཤད་ན་བཀྲིན་ཧ་ཀྱིང་གི་ཆེ་བར་ཞུ།
3 ༠༦༢༠༡༣༢༢༥༣
གྲངས་ཅན་པ
གངས་རིན་ཆེན་ལགས། དབུ་མ་ཐལ་འགྱུར་པའི་དཀའ་གནས་བརྒྱད་ང་ཚོ་ཀློག་མཁན་རྣམས་ལ་བཀྲལ་བར་ཐུགས་རྗེ་ཆེ་ཞུ་བའི་ལྷན་དུ་སྔོན་བྱུང་མཁས་པའི་གཞུང་ལུགས་རྣམས་ཀྱི་དག་ཆ་དང་སྡེབ་སྦྱོར་འགྲིགས་པ་དེ་ཚོ་ཁྱེད་ཀྱིས་ནོར་བའི་ལམ་དུ་སྐྱེལ་མ་བཞག་རོགས།
ངས་ཁྱེད་ལ་མཐེ་བོང་ཀེར་ཆོག
1 ༡༠༢༠༡༡༢༠༠༥
ཁྱེད་ཀྱི་འདི་རྗེ་རིན་པོ་ཆེའི་དགོངས་པ་བཀོད་པར་གནང་ཡང་ཁོ་བོ་རྗེའི་ཐ་སྙད་ཚད་གྲུབ་ཁས་ལེན་ཞེས་གྲགས་པ་དེའི་ཁས་ལེན་ཚུལ་ཇི་ལྟར་ཡིན་གསལ་པོར་བཤད་གནང་བར་ཞུ།།



བརྗོད་གཞི་གཞན་ཁག་ལ་གཟིགས།