ཨ་མའི་བཀའ་དྲིན།

-----------ཨ་མའི་བཀའ་དྲིན།
བརྩེ་བའི་དྲོད་ཀྱི་རུམ་ཁ་ནང་དུ་ནུ་ཞོ་མངར་མོས་ལུས་ཁམས་གསོ །།
བགོད་པའི་མཛུམ་མདངས་ང་ལ་སྟོན་གྱི་འཇམ་པའི་གོས་ཀྱིས་ལུས་ཁམས་དྲོད །
བྱམས་པའི་བརྩེ་སེམས་བདག་ལ་བཅངས་ཏེ་ལུས་ཀྱིས་དཀའ་སྡུག་ཁུར་དུ་བླངས །།
རང་ལུས་གྲོད་ཁོག་སྟོང་པ་གྱུར་ཀྱང་བཅུད་ལྡན་ཟས་རྣམས་བུ་ལ་སྦྱིན།།

~~~~~~~~~~~~~~~~~~~~~~~~~

བརྩེ་བའི་ཟུར་མིག་བདག་ལ་འཕངས་ཤིང་ཉིན་མཚན་ཨ་མས་འཚོལ་རྒྱུ་ཁྱོད །
ངག་ནས་བགྲང་རྒྱུ་མ་ཎི་འབྲུ་དྲུག་བུ་ཕྲུག་བདེ་བའི་སྨོན་ལམ་ཡིན།།
ཡོད་ཚད་གཞན་གྱི་དོན་དུ་འཚོ་ཞིང་སྒོ་གསུམ་ལས་ཀྱིས་ཀུན་ཏུ་བྲེལ།།
ཉིན་མཚན་དྲན་སེམས་བདག་ལ་ཕྱོགས་པའི་ཁྱེད་ནི་འཇིག་རྟེན་རླབས་ཆེན་མ།།
~~~~~~~~~~~~~~~~~~~~~~~~~~~~~

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།