དད་པའི་མིག་ཆུའི་ཐིགས་པ།

འགྲོ་བ་སྡུག་གི་མུན་པས་སྒྲིབ་པའི་དུས།།
གང་སྐུ་རྟ་བདུན་ནུབ་རིར་དལ་གྱིས་བརྒལ།།
མིག་མེད་ལོང་བའི་ཚོགས་ཀྱི་འགྲོ་བ་རྣམས།།
དྭ་ཕྲུག་ལྟར་གྱུར་མགོན་སྐྱབས་སུ་ལ་བརྟེན།།


སྙིགས་དུས་བློ་མིག་དབེན་པའི་དུར་ས་ན།།
བླང་དོར་དགེ་སྡིག་མི་ཤེས་ཤི་བོ་མང༌།།
མགོན་ཁྱོད་སྙིང་རྗེའི་ཐུཊ་བརྩེ་མ་དོར་ཞིང༌།།
མི་ཤེས་ཉམ་ངར་ལུས་རྣམས་བསྐྱབ་ཏུ་གསོལ།།

གང་ཉིད་ཐུགས་བཞེད་རྫོཊ་པའི་སྡུག་བསྔལ་ཁྲོད།།
ཆུ་འཇིན་སྒེག་མོ་ཉིན་མཚན་ཞལ་རས་བརླན།།
ཁྱེད་ཉིད་དྲན་པས་མྱ་ངན་ཆར་པ་འབབ།།
ས་གཞི་ཡངས་པོར་སྡུག་གི་མཆི་མས་ཁེངས།།

ཀྱེ་མ་མགོན་མེད་བདག་སོགས་འགྲོ་བ་རྣམས།།
ཚེ་རབས་ཇི་སྙེད་བསགས་པའི་དགེ་ཚོཊ་རྣམས།།
མཚན་ལྡན་བླ་མ་ཁྱེད་ལ་བསྔོ་ལགས་ན། །
འབྲལ་མེད་སྙིང་རྗེའི་ཕྱག་གིས་སྐྱོང་བར་མཛོད།།

གང་གི་རྣམ་ཐར་མཁྱེན་བརྩེ་ལམ་བཟང་ལས།།
བསྟན་དང་འགྲོ་ལ་ཐུགས་རྗེས་རབ་དགོངས་ཤིང༌།།
འཁྲུལ་མེད་ཡང་སྲིད་ཟླ་གཞོན་མྱུར་འཆར་ནས།།
ལུས་ཅན་སྡུག་གི་མུན་པ་རབ་སེལ་ཤོག།

རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན་པོ་སྐྱབས་རྗེ་ལྡན་མ་བློ་ཆོས་རིན་པོ་ཆེན་མཆོག་སྙིགས་དུས་འགྲོ་བའི་སྣང་ངོར་སྐུ་གཤེགས་པའི་གདུང་བ་དང་བཅས་གང་གི་སློབ་བུ་ཐ་ཤལ་བ་གངས་རིན་ཆེན་གྱིས།

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།