ཆུ་སྒང་དབུས་རྒྱུན་འོས་མི།

བོད་མི་མང་སྤྱི་འཐུས་དང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་ཀྱིས་བཏོན་པའི་ཆུ་སྒང་དབུས་རྒྱུན་སྐབས་ ༡༩ པའི་འོས་མི་རྣམས་མཚམས་སྦྱོར་ཞུས་ཡོད་པས་མདོ་ཁམས་རྒྱ་ཆེའི་མི་མང་ཡོངས་ནས་རྒྱབ་སྐྱོར་ངེས་གནང་ཡོང་བ་ཞུ།

མཚུངས་མེད་མདོ་ཁམས་སེར་སྐྱ་མི་མང་རྣམ་པ་དང་། འགན་ཁུར་མི་སྣ་ཡོངས་ལ་ཆེད་ཞུ།

ཉེ་ཆར་མདོ་ཁམས་ཆུ་སྒང་དབུས་རྒྱུན་སྐབས་ ༡༩ པའི་དངོས་གཞིའི་འོས་གཞི་གསལ་བསྒྲགས་གནང་ཁོངས་སུ་ཡོད་པའི་གཤམ་གསལ་མི་སྣ་རྣམས་སྐབས་ ༡༩ པའི་དབུས་རྒྱུན་དུ་བསྐོ་བཞག་བྱེད་ཐུབ་པ་ཡིན་ན་ད་ལྟའི་ཆུ་སྒང་དབུས་རྒྱུན་གྱི་འཛིན་སྐྱོང་བྱེད་ཕྱོགས་ལྟར་སྒྲིག་གཞིའི་ལམ་ནས་ཕེབས་ཐུབ་པའི་རེ་བ་ཆེ་བ་དང་། ད་དུང་མུ་མཐུད་དེ་སྐབས་གཉིས་ཀྱི་རིང་དུ་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་གིས་ཤར་བསྐྱོད་ཐུབ་པ་བྱུང་ཚེ་རྗེས་སུ་ཆུ་སྒང་སྒྲིག་འཛུགས་འཛམ་གླིང་སྤྱི་ཡི་སྒྲིག་འཛུགས་ཚད་ལྡན་དང་མཚུངས་པ་དཔལ་འབྱོར་ལྐོག་ཟ་རུལ་སོང་གི་ལམ་ཁ་འགག་པ་དང་། བསྟན་སྲིད་ཀྱི་ལས་དོན་ལ་ནུས་ཤུགས་འདོན་ཐུབ་རྒྱུར་ཐེ་ཚོམ་མི་དགོས་པ་ཡིན།

ད་རེས་ང་ཚོས་སྒེར་སེམས་ཁོག་བཅང་གིས་སྤྱི་སྐལ་སྒེར་བེད་བྱེད་མཁན་དེ་འདྲ་སླེབས་ན་སླར་ཡང་ལོ་རབས་ལྔ་བཅུའི་སྔོན་གྱི་གང་ཟག་དབང་བསྒྱུར་ལམ་ལུགས་བསྐྱར་གསོ་བྱས་པ་ལྟ་བུ་ལས་ཡོང་རྒྱུ་མེད་སྟབས། ཚང་མས་དོ་སྣང་ཆེན་པོས་གཡས་དགའ་གཡོན་ཕྱོགས་དང་ཕ་ཡུལ་གཅིག་པའི་ཞེན་གོག་ནད་ངན་དེ་དག་མི་གནང་བར་མདོ་སྟོད་མི་མང་གི་ཁེ་ཕན་དང་། སྒྲིག་འཛུགས་ལ་དགོངས་པ་བཞེས་ཏེ་འཕྲལ་ཕུག་གཉིས་ཕན་གནང་ཐབས་དགོས་པ་ཡིན།

དེ་འདྲ་སོང་ཙམ་ང་ཚོས་ད་རེས་ཆུ་སྒང་དབུས་རྒྱུན་དུ་གཤམ་གསལ་མི་སྣ་འདི་དག་བསྐོ་བཞག་ཐུབ་པ་ཡིན་ན་ཆུ་སྒང་སྒྲིག་འཛུགས་ཀྱི་ཐོག་མའི་དམིགས་ཡུལ་དང་། འཛིན་སྐྱོང་ཚགས་ཚུད། ལྐོག་ཟ་རུལ་སོང་གི་རིགས་ཐམས་ཅད་མི་ཡོང་བའི་ཡིད་ཆེས་གཙང་མ་བྱེད་ཆོག་པའི་འགན་ལེན་བྱེད་ཐུབ་པ་དེ་ང་ཆུ་སྒང་དབུས་རྒྱུན་དང་མདོ་སྟོད་མི་མང་གི་ལས་དོན་ལ་མི་ལོ་དྲུག་བཏང་བའི་ཉམས་མྱོང་དང་། རྒྱུས་ལོན་བྱས་པའི་འབྲས་བུ་ཡིན།

༡༽ གོ་བོ་བློ་བཟང་ཕན་བདེ།

༢༽ ཀརྨ་མཁས་གྲུབ།

༣༽ ངག་དབང་བསྟན་པ།

༤༽ ག་ཟི་དགེ་བཤེས་ཚེ་རིང་པོ།

༥༽ བ་ར་ཚེ་དབང་བཀྲིས།

༦༽ བྲག་མགོན་བྱམས་པ་ཡོན་ཏན།

༧༽ འཆམ་ར་དྲི་མེད་རྒྱལ་མཚན།

༨༽ འཁོར་ཚ་བསོད་ནམས་དགྲ་འདུལ།

༩༽ རྒྱ་སྟུག་འཇམ་དབྱངས།

༡༠༽ འཇུ་ཆེན་བཀྲིས་དཔལ་འབྱོར།

༡༡༽ དགེ་བཤེས་ངག་དབང་བློ་བཟང།

གོང་གསལ་མི་སྣ་རྣམས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་སུ་བསྐོ་འདེམས་ཡོང་བའི་རེ་བསྐུལ་དང་ཚང་མས་ཤུགས་སྣོན་རྒྱག་དགོས་པ་ཡིན།

མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་དང་བོད་མི་མང་སྤྱི་འཐུས་དགེ་བཤེས་གཡུང་དྲུང་རྒྱལ་མཚན་གྱིས་བལ་ཡུལ་རྒྱལ་ས་རང་ཤག་གྲུ་བཞིའི་ནང་ནས་ལྷག་བསམ་རྣམ་དག་གིས་ཕུལ། ༢༠༡༡།༤།༡༠

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (14)
14 ༣༠༢༠༡༡༡༡༥༠
ད་བར་མདོ་ཀམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་དྲང་བདེ་ན་དང་ཤེས་ཡོན་ཅན་ཁོང་ལས་ལྷག་པ་མི་གཅིག་བྱུང་ཡོད་མ་རེད་ཟེར་བཤད་ཐུབ་པ་ཞིག་རེད། འོན་ཀྱང་དམག་རྒྱག་དང་རྐུ་འཕྲོག ཇག་ལས་བྱེད་དགོས་ན་དགེ་བཤེས་ལགས་ལས་སྡུག་ཙམ་ཡོད་རྒྱུ་མ་རེད། ཕོ་རྒོད་ངོ་མ་ཡོན་ལ་ཁོང་ལ་ཐོབ་ཐང་མེད་པས་རྒྱུ་མཆཚན་ཞིག་གསུང་དང། དེ་ནས་དགེ་བཤེས་གཡུང་དྲུང་རྒྱལམཚན་གྱི་འོས་གཞི་རྣམས་ལ་བལྟ་ཡི་ཡིན། རྒྱ་མིའི་སོ་པ་དང་ཆུ་སྒང་གི་རྒྱུ་དངུལ་ཟ་མཁན་ཚོ་ལས་ཡག་ག་རེད་བསམ། དེའི་ནང་དུ་མི་རབས་གསར་པ་རྐྱང་རྐྱང་རེད། དགེ་བཤེས་ལགས་དང་འབྲེལ་འདྲིས་ཆེན་པོ་དང་། འབྲེལ་བ་ཡོད་མཁན་། རྒྱུས་ཡོད་ཥཀན་དེ་འདྲ་ཡིན་ན་ང་ཚོ་ཁམས་པ་ཚོ་ལ་དགོས་རྒྱུ་དེ་མ་རེདྲ་དམ། དགེ་བཤེས་ཁམས་པའི་གཙོ་འཛིན་མ་རེད་དམ།
13 ༢༨༢༠༡༡༢༣༥༥
༄༎ དགེ་བཤེས་གཡུང་དྲུང་རྒྱལ་མཚན་གི་འོས་མི་གཏོན་པའི་ཐོབ་ཐང་རྩ་བ་ནས་མེད། མདོ་སྟོད་འོས་མི་རྒྱ་ཆེ་མི་དམངས་གིས་གཏོན་དགོས་རེད་མ་ཏོག་མི་གཅིག་ལ་དབང་ཚད་དེ་འདྲ་གང་ཡིན་ན། མ་རྩ་ ཁོང་གི་གཏོན་པའི་འོས་མི་འདི་དག་ཁོ་རང་དང་འབྲེལ་ཡོད་ཤ་སྟག་ཡིན་པ་ཤེས་ས་ལྟར་ཡིན། ངན་པའི་རོག་པ་ངན་པ་།།ཆུ་སྡ་ལས་རོག་པ་གོ་མགོ་ཟེར་བ་དེ་རེད། མདོ་སྟོད་མི་དམངས་ རྒྱ་མིས་སོ་བ་དང་མཉམ་དུ་ཚོ་བ་ལ་རོལ་འདོད་ཡོད་ཚད་མ་རེད།
12 ༢༧༢༠༡༡༠༠༢༣
བོད་གཞུང་དང་ཆུ་སྒང་ལ་ཕན་ཐོག་ཅི་འདྲ་ཟིག་འགི ༡། གྲའུར་ཚེ་བརྟན་ཆུ་སྒང་གི་གནད་དོན་གོ་ཚད་རྒྱ་རི་ཚང་ལ་བསྐྱལ་བ་མ་ཟད། མདོ་སྟོད་སྤྱི་འཐུས་བྱེད་སྐབས་ཞབས་འདྲེན་ཞུས་པ་དེས་ཤེས་མ་སོང་ངམ། ༢། སྐྱུ་ར་དཔལ་རྡི་ནི་རྒྱ་མིའི་སོ་པ་དང་། ཆུ་སྒང་གི་གནས་ཚུལ་རྣམས་ཉིན་རེ་བཞིན་རྒྱ་མིའི་གཞུང་ཚབ་བསྐྱེལ་གྱི་ཡོད་པ་དེས་ཆུ་སྒང་དང་བོད་གཞུང་ལ་ཕན་པ་ཨེ་རེད། ༣། ཨ་རྡོ་ཤེས་འཇོན་གང་ཡང་མེད་ཆུ་སྒང་གི་ལས་དོན་གནོད་པའི་ལས་བྱེད་ཀྱི་ཡོད་པ་འདི་ལོར་སྦེ་ཀོབ་ཏུ་དགཀྲོགས་གཏམ་ག་ཚད་སྤེལ་སོང་བ་དེས་ཆུ་སྒང་དང་བོད་གཞུང་ཕན་པ་རེད་བེ། ༥། བོད་སོག་ལས་ཁང་གི་ཕོགས་ཟ་མཁན་སྤྱི་འཐུས་ནས་མར་ཕུད་པ་དེས་བོད་གཞུང་ལ་ཕན་པ་རེད་དམ། ༡༡་ཚེ་རིང་རྡིོ་རྗེ་ཟེར་བ་དེས་ཕྱི་ནང་མེད་པ་རཛུན་དང་དཀྲོགས་གཏམ་གྱིས་འཁོར་ལོ་སྐོར་བ་དང་། རི་མགོ་དགོན་དངུལ་ཕོན་ཆེ་ཟོས་ཏེ་ཁང་པ་རྒྱབ་པ་དེས་ཆུ་སྒང་དང་བོད་གཞུང་ལ་ཕན་པ་ཡིན་ནམ
༄༅། །དབུས་མདོ་ཁམས་ཆུ་སྒང་སྐབས་བཅུ་དགུ་པའི་དངོས་གཞིའི་འོས་གྲང་མི་འགྲོ་༡༡་འདི་རྣམས་ལ་འོས་རླུགས་པ་ཡིན་ན་བཙན་བྱོལ་བོད་གཞུང་ལ་གུས་བསྐུར་དང་ཡིད་ཆེས་ཡོད་འཁེན་ལྷག་པར་དུ་ ་་་་་་་་་་་་་ཡང་ཆུ་སྒང་ཀྱི་ལས་དོན་བསྒྲུབ་ཐུབ་མཁེན་དང་བཅས་རེད། ༡ གྲའུར་ཚེ་བརྟན། ༢ སྐྱུ་ར་དཔལ་རྡོ། ༣ ཨ་རྡོ། ༤ དགེ་བཤེས་བེ་རི་འཇིག་མེད་དབང་རྒྱལ། ༥ པདྨ་བདེ་ལེགས། ༦ ཁོ་ཚེ་བསོད་ནམས་དགྲ་འདུལ། ༧ གཡུ་རྒྱལ། ༨ རྒྱ་སྟུག་འཇམ་དབྱང་། ༩ ཕུ་བུ་ཚེ་རིང་།༡༠ ཚུལ་ཁྲིམས་བརྟན་འཛིན། ༡༡ ཚེ་རིང་རྡོ་རྗེ།

མདོ་སྟོད་སེར་སྐྱ་མི་མང་སྣམ་གི་དགོང་པ་ཆེ་གཞེས་གི་མི་འདི་རྣམས་ལ་འོས་རླུགས་པ་ཡིན་ན་གཞུང་དང་ཚོགས་པ་ཁག་ལ་དགོས་ལག་ཆེ་ཤུས་རེད་འདུགས་སོ།
10 ༡༦༢༠༡༡༠༧༠༨
དེ་རིང་དབུ་མའི་ལམ་དེ་སླེབས་འདུག འདི་ལ་ནམ་རྒྱུན་རྒྱུ་མཚན་མང་པོ་བཤད་རྒྱུ་འདུག ཁྱེད་ལ་བཤད་རྒྱུ་ཡོད་པ་དེ་དག་མ་རེད་ཟེར་མི་ཐུབ་ཀི དངོས་མིང་བཤད་ཨེ་ཐུབ། ཨ་རོ་ཀྱོད་ཡི་གེ་འདྲ་འབྲི་ཐུབ་མཁན་ཞིག་རེ་ཀོ།
བཀྲ་ཤིས་ལགས་ཀྱིས་གསུང་པ་ལྟར་ཆུ་སྒང་དང་ཡང་བོད་སོག་ལས་ཁང་དང་ག་དུས་འབྲེལ་བ་ཆགས་པ་རེད། ཆུ་སྒང་ཚོགས་འདུའི་སྐབས་འཆི་མེད་རྡོ་རྗེ་ཟེར་བ་དེས་ཆུ་སྒང་གིས་བོད་སོག་ལས་ཁང་ནས་སྒོར་འབུམ་གསུམ་བླངས་པ་རེད་ཞེར་བཤད་སོང་། སྐབས་དེར་ཁོས་དམིགས་ཡུལ་གཙོ་བོ་དེ་ཆུ་སྒང་ཚོགས་གཙོས་རྟག་པར་ཁོ་ལ་བུན་བརྡ་འདེད་མང་པོ་གཏང་བ་དང་། རྒྱུན་ལས་ཐེངས་རེ་འཚོགས་དུས་འཆི་མེད་རྡོ་རྗེ་ཟེར་བ་དེ་དང། ཡང་གཞན་མི་ཁ་ཤས་ཤིག་འདུག དེ་དག་གིས་ཆུ་སྒང་གི་དངུལ་སྒོར་འབུམ་ཁྲག་མང་པོ་ཚུར་མ་སློག་པར་ཟ་རྩིས་བྱས་པར་མ་བཞག་སྟབས་བསྙོན་འཛུག་བྱེད་ཀྱི་འདུག རྫུན་གཏམ་དེ་དག་གི་ཁུང་མ་འཀྱོལ་བར་རྗེས་སུ་ཁོ་ཚོས་དགོངས་དག་ཞུས་སོང་བ་དང་། རྫུན་གཏམ་དེ་རིགས་རྗེསསུ་སྤེལ་མི་ཆོག་ཅེས་རྗེས་སུ་ཚོགས་ཆེན་དེ་ཐོག་ནས་གྲོས་ཆོད་བཞག་འདུག ཡང་མི་ཚོས་བཤད་པ་ལྟར་ཙོགས་གཙོས་བུན་ལོན་བརྡ་འདེད་ཡིག་གེ་མང་པོ་བཏང་བའི་མ་དགའ་ནས་བུན་ལོན་སྤྲད་དགོས་མཀན་དེ་དག་གིས་ཚོགས་གཙོ་གསོད་རྒྱུ་ཡིན་ཚུལ་བཤད་པ་རེད་ཟེར་བ་ཞིག་གོ་རྒྱུ་འདུག དེ་མིན་གཞན་པ་གསར་པ་འདྲ་ཡོད་གསུང་རོགས་དང་ང་ཙོས་ཞིབ་འཇུག་བྱེད་ངེས་ཡིན།
༡ གང་ཞིག་སྐྱེ་བའི་ཕ་ས་གཅིག་པ་རུ།།
སོང་བའི་རིགས་ཀྱིས་བསྡུས་པའི་སྤྱི་འཐུས་ཚོ།།
མ་ཡེངས་ཐོས་འཛིན་དབང་པོའི་ཡོལ་གོ་དེ།།
ཁོ་བོའི་མཆུ་སྒྲོས་ཐད་དུ་ཅུང་ཟད་གཡོར།།
༢ སྤྱི་མཐུན་དཀར་མིན་ལས་ཀྱི་བསོད་ནམས་ཀྱིས།།
ཡོལ་བའི་བགྲང་བྱ་བཅུ་ཕྲག་ལྔ་ལྷག་ལོར།།
མྱང་བའི་མི་ཟད་དུ་ཁ་འདི་བསམ་ནས།།
སྤྱི་འཐུས་རྣམས་ཀྱིས་སྙིང་ནས་མ་བརྗེད་གཅེས།།
༣ དགོན་སྡེ་གཏོར་ཞིང་ཉེས་མེད་ཁྲིམས་ལ་སྦྱར།
བཀའ་བསྟན་གསུང་རབ་མེ་ཆུ་རླུང་ལ་སྦྱངས།།
དམྱལ་བ་མི་ཡུལ་མྱོང་བ་ལྟ་བུ་དེ།།
སྤྱི་འཐུས་རྣམས་ཀྱིས་གདམས་ག་མ་ནོར་གཅེས།།
༤ གངས་ཅན་མགོན་པོའི་གཙོས་པའི་བོད་རིགས་རྣམས།།
སྲིན་ཕུང་བེར་གས་གཏོར་བ་ཇི་བཞིན་དུ།།
མི་འདོད་གཞན་ཡུལ་འཁྱམས་པའི་ལེ་ལན་འདི།།
སྤྱི་འཐུས་རྣམས་ཀྱིས་སྙིང་ནས་ཤེས་པར་གཅེས།།
༥ སྤྱན་རས་གཟིགས་དབང་ཐམས་ཅད་མཁྱེན་པ་ཡིས།།
བརྩེ་བའི་བུ་ལ་མ་ཡིས་ཇི་བཞིན་དུ།།
ལུགས་གཉིས་ལམ་གྱི་བཀའ་སློབ་ཟབ་མོ་དེ།།
སྤྱི་འཐུས་རྣམས་ཀྱིས་མ་བརྗེད་སྙིང་ལ་ཞོག།
༦ དགོས་པའི་དགྲ་ལ་དཔུང་པ་མི་ངོམ་ནས།།
མི་དགོས་གྲོས་ཚོགས་ནང་མདུང་རྩེ་སྐོར།།
གལ་གགནད་སྐབས་སུ་དགྲ་གཉེན་མ་ནོར་བར།།
སྤྱི་འཐུས་རྣམས་ཀྱིས་གདམས་ག་མ་ནོར་གཅེས།།
༧ གཅེས་པའི་སྲོག་དམར་མཚོན་གྱི་རྩེ་ལ་དྲངས།།
བསགས་པའི་ཕ་ནོར་དགྲ་བོའི་ལག་ཏུ་ཤོར།།
ཆོལ་གསུམ་བོད་ཀྱི་གོད་ཆག་འདི་བསམ་ནས།།
སྤྱི་འཐུས་རྣམས་ཀྱིས་རྡོག་རྩ་གཅིག་སྦྲེལ་བྱོས།།
༨ ཆོལ་ཁ་ཆོས་རྒྱུད་རྩོད་པའི་དུས་མ་ཡིན།།
མདོ་སྟོད་གསར་རྙིང་འབྱེད་པའི་དུས་མ་ཡིན།།
སྐབས་འཚོལ་རྗེས་སུ་རྒྱུགས་པའི་དུས་མ་ཡིན།།
ཁམས་པའི་སྤྱི་འཐུས་རྣམས་ཀྱིས་སྙིང་ལ་ཞོག།
༩ ངོ་དགའ་སྤྲེལ་ལད་འཁྲབ་པའི་དུས་མ་ཡིན།།
སྐུ་དྲག་རིང་ལུགས་འཛིན་པའི་དུས་མ་ཡིན།།
མངའ་རིས་དབུས་གཙང་རྩོད་པའི་དུས་མ་ཡིན།།
དབུས་གཙང་སྤྱི་འཐུས་རྣམས་ཀྱིས་སྙིང་ལ་ཞོག།
༡༠ མགོ་བདེ་དྲན་འཁྲུལ་བྱེད་པའི་དུས་མ་ཡིན།།
ཆོས་ལ་དུག་ཏུ་ལྟ་བའི་དུས་མ་ཡིན།།
རང་གི་ལྟོ་གོས་བཙལ་བའི་དུས་མ་ཡིན།།
མདོ་སྨད་སྤྱི་འཐུས་རྣམས་ཀྱི་ཐུགས་ལ་ཞོག།
༡༡ སྤྱི་འཐུས་ལ་རྒྱ་ཅན་གྱི་བུ་ཡོད་ན།
ཆོལ་གསུམ་སྤུན་ཟླའི་ནང་ལ་མཐུན་འབྲེལ་བྱོས།།
ཕ་བསད་ཤན་པ་ལག་དམར་གདོང་ལ་བུད།།
དེ་ཡང་སྤྱི་འཐུས་རྣམས་ཀྱིས་ཐུགས་ལ་ཞོག།
༡༢ དམངས་ཀྱིས་ཡིད་ཆེས་བྱས་ནས་སྤྱི་འཐུས་བཀུར།།
སྤྱི་འཐུས་རྣམས་ཀྱིས་དམངས་ཀྱི་བདེ་དོན་སྒྲུབས།།
ལྷག་བསམ་གཞུང་དྲང་བོད་མིའི་འོ་ཚབས་པ།།
སྤྱི་འཐུས་རྣམས་ཀྱིས་མ་བརྗེད་སྙིང་ལ་ཆོངས།།
༡༣ གོང་ས་མཆོག་ཉིད་བགྲེས་ཡོལ་གནང་བ་དང་།།
གཞི་བྱེས་བོད་མིའི་དཀའ་སྡུག་འདི་བསམ་ནས།།
ད་རེས་ཆོལ་གསུམ་བོད་ཀྱི་སྤྱི་འཐུས་རྣམས།།
རྡོག་རྩ་གཅིག་སྦྲེལ་བྱོས་ཤིག་བ་བཟང་ཚོ།།
༡༤ དེ་སྐད་སྤྱི་འཐུས་རྣམས་ལ་གདམས་པའི་གཏམ།།
ལྟེ་ཁྲག་དམར་པོ་ས་དེར་འཕོས་པའི་བུ།།
ཨ་རི་ཀ་ལི་ཧྥོ་ཉའི་གྲོང་ཁྱེར་རུ།།
ཁམས་ཕྲུག་ཀརྨ་ཡེ་ཤེས་གུས་པས་ཕུལ།།
7 ༡༤༢༠༡༡༢༠༣༢
དགེ་བཤེས་གཡུང་དྲུང་ནས་བོད་སོག་ལས་ཁུངས་ནས་དངུལ་མང་པོ་ལེན་དེ་སླར་ཡང་བོད་སོག་ལས་ཁུངས་འབྲེལ་བ་གསར་པ་གཙུག་པའི་ཡི་གེ་མཐོང་རྒྱུ་འདུག་ན་དེ་སྐོར་ལ་དཔྱད་ཞིབ་ངེས་པར་དགོས་ཤིང་མདོར་ན་ཆུ་སྒང་འདི་བོད་གཞུང་གི་འོག་ཏུ་ཤར་སྐྱོད་དགོས་གལ་མཐོང་བས་དེ་ལུགས་དགོངས་མངའ་ཡོང་ཅི་ནས་ཀྱང་མཁྱེན་ཞུ།
སྔ་མ་ཨ་འབྲུག་མགོན་པོས་བྱས་རྗེས་ལ་ཚང་མས་བསྔགས་བརྗོད་བྱ་ཡུལ་དུ་གྱུར་ཡང་།བར་སྐབས་ཤིག་ནས་ཞབས་འདྲེན་ཅི་ཡང་བྱས་པ་དྲན་པ་་གྱིས་ལ་སླར་ཞབས་འདྲེན་ལ་མ་སོང་བ་གནང་རོག།
ཏྲེ་ཧོར་བློ་དགའ་ཟེར་བར་ཞུ་རྒྱུར། དོན་མེད་ཀྱི་བར་ཞུགས་བྱས་པ་འདྲ་ཤིག་ཆགས་སོང་ཡང་དགེ་བཤེས་གཡུང་དྲུང་རྒྱལ་མཚན་གྱིས་མི་༢༢་ནས་ ༡༡ གདམ་ཆོག་པ་ཁྲིམས་དང་སྒྲིག་གཞིའི་ནང་དུ་ཡོད་ཤག་རེད། ཁོང་ཡང་ཆུ་སྒང་གི་སྤྱི་འབངས་སིག་ཡིན་པ་མ་ཟད་། ཆུ་སྒང་གི་ཚོགས་གཙོ། བོད་མི་མང་སྤྱི་འཐུས་ཡིན་དུས་མདོ་སྟོད་མི་མང་གི་སྐུ་ཚབ་འཐུས་མི་ཡག་པོ་ཞིག་འདེམས་ཐབས་བྱེད་རྒྱུ་དེ་ཁོང་གི་འགན་ཞིག་མ་རེད་དམ།
༄༄༅། །དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལ་ཁྱེད་རང་དབུས་ཆུ་སྒང་རྒྱུན་ལས་དང་བོད་མི་མང་སྤྱི་འཐུས་རྒྱུན་ལས་གི་མཚན་ཐོག་ནས་དབུས་ཆུ་སྒང་སྐབས་བཅུ་དགུ་པའི་རྒྱུན་ལས་ཟུར་མདོན་ཞུ་དགོས་པའི་རྒྱུན་མཚན་གང་ཡིན་ན་དེ་འགྲ་ཅ་ཁྲིམས་དང་ཆུ་སྒང་སྒྲིགས་གཙུགས་ནང་གསར་ཡོད་ན་དེ་དོན་དགོངས་འཇག་ཡོད་ཞུ།
3 ༡༣༢༠༡༡༡༠༠༠
དོན་བཀྲ་ལགས་སུ་ཞུ་རྒྱར། སྐུ་ཉིད་ཀྱི་དགོངས་ཚུལ་དེ་འདྲ་ཡོད་ན་ནུས་ཤུགས་འདོན་དགོས་པ་ཡིན། ད་ཆ་ཆུ་སྒང་དབསུ་རྒྱུན་མང་གཙོའི་ལམ་སྲོལ་ཐོག་ཕེབས་བཞིན་པ་རེད། སྒྲག་གཞིའི་དགོངས་དོན་བཞིན་དབུས་རྒྱུན་བསྟུད་མེ་ཐེངས་གཉིས་བྱས་པ་ནས་ལས་མཚམས་འཇོག་དགོས་པ་བཟོས་པ་མ་ཟད། ལག་ལེན་བསྟར་བཞིན་འདུག སྐུ་ཉིད་དངོས་དོན་ཆུ་སྒང་ལ་ཤ་ཞེན་དང་ལ་རྒྱ་ཅན་ཞིག་ཡིན་ནཆུ་སྒང་གི་ལག་དེབ་དེ་བཟོས་ནས་དེའི་སྤྱི་ཚོགས་ནང་ཞུགས་དགོས་པ་ཡིན། ཁ་སྟོང་པས་ཕྱི་ལོག་ནས་དཀྲོགས་གཏམ་སྤེལ་བཞིན་པར་ཁང་སྟོང་ཁྱི་ཟུག་ལས་མ་འདས་སྟབས་ད་རེས་ཚང་མས་གོང་དུ་ཚོགས་གཙོས་འོས་འདོན་བྱས་པ་རྣམས་ལ་རྒྱབ་སྐྱོར་དང་། ཡང་ན། འོས་གཞིར་འཁོད་པའི་མི་སྣ་སུ་དྲགས་བལྟ་དགོས་པ་ཡིན། ཀྱོད་ཀྱི་བཤད་སྟངས་དེ་ལ་བལྟས་ན་ཆུ་སྒང་ལ་རྒྱུས་མངའ་ཟུར་ཙམ་ཞྀག་མ་ཆགས་པར་ཁྱི་སྤྱང་ལག་སྦྲེལ་ཚོས་ཟེར་རྗེས་སུ་འབྲངས་མཁན་འདྲ་ཞིག་མཐོང་བྱུང་། ཁྱེད་རང་དེ་འདྲ་མིན་པའི་སྨོན་འདུན་ཞུ།
ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་ལས་དེ། ཡུན་རིང་བར་དུ་མི་ཤས་ཤིག་གིས་འཁྲིགས་བཟུང་བྱས་སོང། ད་ནས་བཟུང་དེ་འདྲ་མ་བྱས་པར་མདོ་སྟོད་མི་མང་ཡོངས་ལ་ཐོབ་ཐང་འདྲ་མཉམ་གྱི་འོས་བསྡུ་ཚད་ལྡན་ཞིག་གནང་ན་ལེགས།
དེ་ལྟར་མ་བྱུང་བ་ཡིན་ན། ཉི་མ་གཅིག་མདོ་སྟོད་མི་མང་ནང་ཁོངས་ལ་མི་མཐུན་པའི་རྩོད་གཞི་ཆེན་པོ་ཞིག་ཡོད་རྒྱུ་ཐག་ཆོད་པ་རེད། དེ་ལྟར་མི་འབྱུང་བའི་འགན་ཚང་མ་རྒྱུན་་ལས་ཁྱེད་ཚོས་ཁུར་དགོས།
མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོས་འོས་གཞི་འདི་འདྲ་འདོན་རྒྱུ་དེ་གང་ཡིན་ནམ། འོས་བསྡུ་ཚོགས་ཆུང་གིས་འོས་གཞི་མི་༢༢་་བཏོན་འདུག་པ་ནས་ཚོགས་གཙོས་མི་ ༡༡ ཟུར་འདོན་གནས་རྒྱུའི་དགོངས་པ་ག་རེ་ཡིན་ནམ། མི་༢༢་ནང་དུ་བློས་འགེལ་མ་ཐུབ་པ་དེ་འདྲ་ཡོད་པ་ཡིན་ནམ། གྲོགས་པོ་ལགས་འགྲེལ་བཤད་ཤིག་རྒྱག་རོགས་ཞུ།