སྨར་ཁམས་གཞས་པ་རྡོ་རྗེ་ཚེ་རིང་ལགས་ཀྱི་རེ་སྐུལ།

༄༅།  །འཛམ་གླིང་སྐྱེ་འགྲོའི་མིག་གཅིག་ཤཱཀྱའི་ཏོག།
ཤཱཀྱའི་གཞུང་འཛིན་གཙུག་ནོར་ཀླུ་སྒྲུབ་དང་།
ཀླུ་སྒྲུབ་ཇི་བཞིན་རྗེས་འབྲང་ཐོོག་མེད་བཅས།
ཐོགས་པ་མེད་པ་གསུམ་ལ་གུས་ཕྱག་འཚལ།

དེ་ཡང་འཛམ་གླིང་གི་ཡང་རྩེ་གངས་རིའི་ཕྲེང་བས་ཡོངས་སུ་བསྐོར་བའི་བོད་གངས་ཅན་གྱི་ལྗོངས་འདིར་ལོ་ངོ་སྟོང་ཕྲག་གོང་ནས་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་ལུང་གི་ཟིན་པའི་ཞི་བདེའི་བསྟི་གནས་ཞིག་དང་།      ཤེས་རིག་གི་ལྟེ་བ།       གླུ་གར་གྱིའབྱུང་གནས།      སྒྱུ་རྩལ་གྱི་བང་མཛོད།        ཆོལ་གསུམ་གྱི་ཕ་ས་ཡིན་ཞེས་ཕྱི་ནང་མཁས་པ་མང་པོས་མགྲིན་གཅིག་ཏུ་བསྔག་བརྗོད་ཀྱི་འབྲུག་སྒྲ་གནམ་ས་གཡོ།       དེ་དང་ཆབས་ཅིག་རང་ཡུལ་གངས་ཅན་ལྗོངས་འདི་འཚེ་མེད་ཞི་བའི་བསྟི་གནས་སམ་དེང་རབས་གསར་པའི་དཔེ་ཚོན་ཅིག་བསྐྲུན་རྒྱུའི་འབད་བརྩོན་བྱེད་བཞིན་པའི་སྐབས་འདིར།   ཀླད་རྙིང་མཁྲེག་བཟུང་གི་ལྟ་བ་འཛིན་མཁན་འགས་ཆོས་ལུགས་འཐེན་འཁྱེར་དང་།    ལུང་ཚན་དབྱེ་འབྱེད།    རྩ་ཆུའི་རྩོད་གླེང་སོགས་བྱེད་དེ།  བོད་ནང་ཁུལ་དུ་ཕུ་དཀྲུག་མདའ་དཀྲུག་དང་ཁ་གཏོར་རྩ་བརླག་གཏོང་བ་མ་ཟད།          མ་འོང་པའི་བོད་ཀྱི་མདུན་ལམ་ལ་གང་ཡོང་ཅི་ཡོང་མཛད་མཁན་གྱི་ཕྱི་ནང་མི་སྣ་འགའ་ཞིག་ཐུགས་ཧ་ཅང་ཕམ་ཡོད་པ་མངོན།      ལྷག་པར་དུ་བོད་ཤར་ཕྱོགས་ཀྱི་གོ་མེད་ཤེས་སྡུག་ཕག་མིག་ཐུར་ལྟ་ལ་ལས་དོན་རྐྱེན་ཕྲ་མོ་ཙམ་ལ་འགལ་བ་ཆེན་པོ་རུ་བརྩིས་ཏེ་ཤ་ཁྲ་གཅིག་གྱུར་གྱི་ལ་རྒྱའི་ཇི་མི་སྙམ་པར་ལམ་སེང་མཚོན་ཆ་ལག་འགྱོགས་ཀྱིས་རྒོལ་འཛིང་བྱེད་མཁན་དེ་དག་ནི་ཕྱི་ཡི་ཤ་ཚུགས་མི་དང་མཚུངས་ཀྱང་།       ནང་གི་བསམ་བློ་དུད་འགྲོ་ལས་ཀྱང་སྡུག།        དཔྱོད་ལྡན་པ་དག་གིས་ལེགས་ཉེས་བླང་དོར་ལ་རྨོངས་པའི་མི་དེ་དག་ལ་བཙེ་བ་ཆེན་པའི་བསླབ་བྱ་བྱས་ན་ལེགས།   ང་ཚོ་སྟོན་པའི་བཀའ་ལ་བརྩི་མཁན་ཞིག་ཡིན་ན།    འགྲོ་བ་རི་དྲུག་སེམས་ཅན་མཐའ་དག་བསམ་བློར་འཁོར་མ་ཐུབ་ན་ཡང་།   ཁྲག་རྒྱུད་གཅིག་པའི་ཆོལ་གསུམ་སྤུན་ཟླ་རྣམས་དམ་ཚིག་འོ་ཆུ་གཅིག་འདྲེས་ཡོང་ཐབས་ལ་སྒོ་གང་ས་ནས་བསམ་བློ་གཏོང་དགོས་ངེས་རེད།        གལ་སྲིད་ཆོལ་ གསུམ་ཆོས་ལུགས་དང་བཅས་པར་ཕྱོགས་རིས་འཐེན་ཁྱེར་བྱེད་མཁན་རིགས་བྱུང་ཚེ།       བླ་སྤྲུལ་སྙན་གྲགས་ཅན་ཡིན་ནའང་འདྲ།      དཔོན་པོ་དབང་ཤུགས་ཅན་ཡིན་ནའང་འདྲ།       ཚོང་པ་འབྱོར་ལྡན་ཅན་ཡིན་ནའང་འདྲ།    གང་ལྟར་ སུ་ཡིན་ནའང་དེ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས།    གང་ཡིན་ཞེ་ན།    ང་ཚོ་ལོ་ངོ་སྟོང་ཕྲག་རིང་ལ་བོད་མི་རྩམ་གཟན་མ་ཎི་བགྲང་མཁན་ཚང་མ་གཅིག་གྱུར་བྱས་ནས་བསྡད་ཡོད།       ད་དུང་ཡང་ཤ་རུས་ཁྲག་གསུམ་འདྲེས་པའི་སྤུན་ཟླ་ཚང་མ་སྟག་མོ་མ་བུ་ཁ་འཆམ་པ་ལྟར་རྡོག་རྩ་གཅིག་ཏུ་སྒྲིལ་དགོས།  ང་རང་མི་ལ་བསླབ་བྱ་རྒྱག་ཐུབ་པའི་མཁས་པ་དང་།  དགག་པ་རྒྱག་ཐུབ་པའི་སྤོབ་པ་ཅན་དེ་འདྲ་མིན་ན་ཡང་།  བོད་མི་མང་ཀྱི་མདུན་གཤམ་དུ་ལག་གཉིས་ཀྱིས་ཐལ་མོ་སྦྱར་ཏེ་ནན་སྐུལ་ཞུས་ཡོད།།

སྨར་ཁམས་གཞས་པ་རྡོ་རྗེ་ཚེ་རིང་ལགས་ཀྱི་འོད་སྡེར་ནས་ཟུར་འདོན་བྱས་པ་ཡིན་ ཁོང་གི་རེ་སྐུལ་འདི་མཐོང་བ་དང་རང་ཉིད་ལ་དགའ་སྐྱོ་གཉིས་ཀའི་ཚོར་བ་རྣོན་པོ་ཞིག་སྐྱེས་བྱུང །       དགའ་འོས་པ་ཞིག་ལ་བོད་མི་སྐྱུད་མ་ ཞིག་གིས་ཀྱང་རང་མི་རིགས་ལ་སེམས་ཁུར་དང་གཞི་བྱེས་གཉིས་ཀའི་གནས་སྟང་སྐོར་མཁྱེན་རྒྱ་དེ་ལྟ་བུ་ཡོད་པ་མཐོང་དུས་གདོང་དམར་བོད་པ་ཚང་ད་དུང་འཆི་མེད་པ་དང།          འགྱེལ་ས་ནས་ལངས་ཐུབ་པའི་རེ་བ་དང་ཡིད་ཆེས་གསར་པ་ཞིག་སྦྱིན་བྱུང་།  སྐྱོ་དགོས་པ་ཞིག་ལ་འགྲོ་བ་མི་སྤྱི་མཚུངས་ཀྱི་དཀའ་ངལ་སྟེང་དུ་བདག་དབང་གི་མཚོན་པའི་དཀའ་སྡུག་འཕར་མ་འདི་ལྟ་བུ་ཞིག་མྱོང་དགོས་པའི་མི་རིགས་འདིའི་ལས་དབང་ལ་བསམ་སྐབས་མིག་ཆུ་ཡང་ཐེང་མང་ཤོར་བྱུང་།  རང་ཉིད་གི་མྱོང་བ་ལ་དཔག་ནས་རེ་སྐུལ་འདི་རྒྱ་ཆེའི་མང་ཚོགས་རྣམས་ཀྱི་སྤྱན་ལམ་དུ་འབུལ་ན་ཏན་ཏན་ཐུགས་ཕན་གསོས་རྒྱུའི་གདེང་འཇོག་དང་བཅས་ཏེ་རང་གི་ཟིན་བྲིས་སྟེང་བཀོད་པ་ཡིན།  དེར་རྟེན་མི་རིགས་འདི་ལ་དུང་བ་ཡོད་མཁན་ཞིག་ཡིན་ཚེ་ཁོང་གི་རེ་སྐུལ་འདི་ཡང་ཡང་དྲན་པ་གནང་རོགས་ཞུ་བཞིན་ཡོད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༢༥༢༠༡༡༡༤༢༤
རྡོ་རྗེ་ཚེ་རིང་ལགས་ཀྱིས་གསུངས་པ་བཞིན་ཆོལ་གསུམ་གཞི་རིམ་མང་ཚོགས་རྣམས་མཐུན་ཐག་ཆོས་ཡིན་ནའང་ང་ཙོ་ད་བར་མི་ཚང་འགའ་ཤས་ཀྱི་རྙོག་དྲའི་བྲན་གཡོག་ཏུ་ཚུད་ཡོད་པས་ཡིན་ཟམ་གདོང་རིན་པོ་ཆེས་དེ་ཚོ་ཕལ་ཆེར་མེད་པ་བཟོས་ཡོད་ཀྱང་གཟབ་གཟབ་མ་བྱས་ན་དང་དུང་དེ་ལས་སྡུག་ཏུ་འགྲོ་ཉན་འདུག
1 ༢༥༢༠༡༡༡༢༥༣
དབྱངས་ཅན་རོལ་པའི་འོ་མཚོ།
རེ་སྐུལ་འདིས་བཙན་བྱོལ་ནང་སྤུན་ཟླ་རྣམས་ལ་གནད་དུ་འཕོག་འདུག་སྙམ།



བརྗོད་གཞི་གཞན་ཁག་ལ་གཟིགས།