༸གོང་ས་སྐྱབས་མགོན་ཆེན་པོའི་སྐུའི་འཁྲུངས་སྐར་ ༧༦ པ་ལ་ཕུལ།

གངས་ཅན་གྱི་ལྷ་གཅིག་ཕྱག་ན་པདྨོ། །
གངས་ལྗོངས་སུ་གཟུགས་སྐུའི་བཀོད་པ་བསྟན་ནས། །
གངས་ཕྲུག་རྣམས་དགྱེས་བརྩེས་བསྐྱངས་དང་སྐྱོང་བཞིན། །
གངས་སེང་ཁོང་དགུང་ལོ་དོན་དྲུག་བཞེས་སོང་། །

གངས་སེང་ཁོང་བསྐལ་པ་རྒྱ་མཚོར་བརྟན་ཅིང་། །
གངས་ཅན་གྱི་འདོད་དོན་ལྷུན་གྱིས་འགྲུབ་པའི། །
གངས་རྒྱལ་གྱི་ཐུགས་བཞེད་ཇི་བཞིན་འགྲུབ་ནས། །
གངས་རི་བཞིན་གཟི་འོད་སྟོང་དང་བཅས་བཞིན། །
གངས་ཅན་གྱི་སྐྱབས་གཅིག་མགོན་པོ་ཁོང་གི །
གངས་རྒྱུན་བཞིན་དཀར་ཞིང་འཛད་པ་མེད་པའི། །
གངས་ཕྲུག་དང་སེམས་ཅན་གྲངས་མེད་རྣམས་ལ། །
གངས་དཀར་གྱི་ཆོས་འཁོར་བསྐོར་བར་བསྐུལ་ལོ། །

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།