ཨ་རག་དཀར་པོ།

ཀུན་ལ་མཁྱེན་ཀྱང་ཀུན་གྱིས་སྨྱོན་པ་མཐོང་། །
ཀུན་འབྱུང་སྤངས་ཀྱང་ཀུན་ལ་འཇུག་པར་དགའ། །
ཀུན་ན་གྲགས་པའི་བླ་མ་སྨྱོན་པ་ཡིས། །
ཨ་རག་དཀར་པོ་བདུད་རྩིའི་སྙིང་པོ་མཐོང་། །
འདོད་པའི་མེ་ལྕེས་སྲེག་པའི་སྲིད་པ་འདིར། །
ཆགས་སྡང་ཚ་དྲོན་འབར་བའི་སེམས་ཀྱི་ངོགས། །
མི་འདོད་དུ་ནག་འཁྲིགས་པའི་སྡུག་བསྔལ་ཚེ། །
ཨ་རག་དཀར་པོས་སེམས་ཀྱི་སྐོམ་པ་སེལ། །
ཅི་ཞིག་བྱེད་ཀྱང་གང་ཞིག་མི་ཐོབ་པ། །
སྟོང་པའི་འཇིག་རྟེན་ཁང་གི་སྟོང་པ་འདི། །
སེམས་ཀྱི་ངལ་བའི་རྒྱུ་ལས་མ་འདས་པས། །
ཨ་རག་དཀར་པོས་སེམས་ཀྱི་ངལ་བ་གསོས། །
རང་གི་མི་འཇོན་ཀུན་གྱིས་མི་རྩི་བས། །
གང་བྱེད་ལས་ལ་ཡིད་རེ་སྨུག་པའི་ཚེ། །
དུ་བ་སྔོན་པོ་དབྱུག་རིང་ལྷན་དུ་འཕྱུང་། །
ཨ་རག་དཀར་པོས་སེམས་ཀྱི་རེ་བ་སྐོང་། །
ཨ་རག་དཀར་པོས་རང་སེམས་ངོ་མ་མཐོང་། །
ཨ་རག་དཀར་པོས་གཡོ་རྒྱུས་རྫུན་འབག་གཏོར། །
ཨ་རག་དཀར་པོས་སྣང་བ་དག་ཞིང་དྲངས། །
ཨ་རག་དཀར་པོ་མཆོད་པའི་མི་རྣམས་སྐྱིད། །

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
རང་སེམས་དང་ནམ་མཁའ་སྟོང་པ་འདི་ཉིད་འདྲ་འམ་མི་འདྲ་གསུངས་ནང་།



བརྗོད་གཞི་གཞན་ཁག་ལ་གཟིགས།