རྣམ་རྟོག་གི་འགྱུ་བག།

ཁུ་བྱུག་རྒྱང་དུ་འཕུར་པའི་ཚོར་སྣང་གིས།།
ལང་ལོང་འཕྱོ་བའི་བསམ་གཞིགས་སྙིང་ལ་ལྕི།།
སྣ་མང་ཆོ་འཕྲུལ་རྒོད་པའི་ཟློས་གར་གྱིས།།
རྣམ་རྟོག་སྤྲིན་ནག་འཁྲིགསཔའི་འགྱུ་བག་རྒོད།
རི་བོའི་སུལ་ནས་འབུས་པའི་གསང་བ་ཞིག།
མིག་ཟུང་གཡོ་བའི་འཛུམ་བག་གསེབ་ནས་བརྡོལ།།
ཞེན་ཆགས་ཟབ་པའི་རྨི་ལམ་རིམ་གྱིས་ཡལ།།
རབ་རིབ་སེམས་ཀྱི་ན་ཟུག་ཁོག་ན་རྣག།
བྱེ་མའི་ཁུགས་ནས་གསང་བ་རུམ་གང་རྙེད།།
ཞེ་འདང་འོ་མའི་མཚོ་ལས་རྣམ་རྟོག་འཁྲུངས།།
འདྲིས་པའི་བརྩེ་འདང་ཟེའུ་འབྲུ་སད་དང་འཕྲད།།
རྨི་ལམ་གསལ་ཁ་མེད་པའི་ཚོར་བ་བསྒོམས།།
ཆུ་ཤེལ་དབང་པོའི་འོད་ཞགས་འཚེར་ན་ཡང་།།
ཆུ་ལྟར་བསིལ་བའི་བདེ་སྣང་ཀུན་ད་ཉིད།།་
ཆུ་སྐྱེས་རེ་སྒུག་འཛུམ་ཆུང་ཟུམ་པ་འདིས།།
ཆུ་བཞིན་གྲང་བའི་སེམས་ཁམས་མཚོན་པར་བྱེད།།
མདང་གི་རྨི་ལམ་དྲན་པའི་མིག་ལམ་དུ།།
སེམས་རྟེན་མིག་ཟུང་རྒྱང་དུ་འཁྲེང་བ་སྣང་།།
འབྲེལ་འདྲེས་དངས་མ་དབྱིངས་ལ་འཕུར་ཉེན་གྱིས།།
ཁེར་རྐྱང་གདུང་དབྱངས་ཐེངས་གཅིག་གསལ་འདེབས་བགྱི།།
ལྷོ་སྤྲིན་ཟློ་གར་ཁྲ་ཆུང་མིག་ལ་མཛེས།།
ཁ་བའི་མདངས་མཛིན་མཛའ་བརྩེ་ཡིད་ལ་སྣུམ།།
བདེ་སྣང་སེམས་ལ་ཉེར་བའི་རྨི་ལམ་དུ།།
སྐྱིད་པོའི་འཚོ་བ་མངར་མོ་ཡོད་དམ་ཅི།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༠༢༠༡༨༠༣༥༨
གངས་ཟླ།
བདེ་བོ་མ་མཇལ་ཡུན་རིང་།



བརྗོད་གཞི་གཞན་ཁག་ལ་གཟིགས།